Tibetan Royal Year of 2151 | Year of the Wood Dragon

སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུར་མ་འོངས་ལས་དོན་གནང་ཕྱོགས་སྐོར་གོ་བསྡུར།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དབུ་བཞུགས་ཐོག་ཁ་ཉིན་སྦེལ་ཇམ་གྲོང་སྡེ་ Huy  ནང་རྟེན་གཞི་བྱས་པའི་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་དབུ་འཛུགས་གནང་སྟེ་མ་འོངས་ལས་དོན་གནང་ཕྱོགས་སྐོར་གོ་བསྡུར་གནང་འདུག

Representatives of Office of Tibet

དེ་ཡང་ཟླ་བ་འདིའི་ཚེས་ ༢༧ ནས་ ༢༨ བར་ཚོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུའི་ཐོག་ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནས་དོན་གཅོད་བཅིུག་དང་ལས་བྱེད་ཁག་ཅིག་བཅས་ཆེད་ཕེབས་གནང་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཆེ་བའི་ལས་དོན་ཁག་ངོ་སྤྲོད་དང་ལྷག་པར་ཆབ་སྲིད་ཀྱི་ལས་དོན་གཙོ་བོ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་གཞུང་དང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མཚོན་པའི་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ གནད་ཡོད་མི་སྣར་འགྲེལ་བརྗོད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་སྒྲུབ་གནང་རྒྱུ་དེ་ཡིན་པ་གསུངས་འདུག

Representatives of Office of Tibet

དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་གིས་ད་ལྟའི་བར་དོན་གཅོད་རྣམ་པས་ལས་དོན་གང་ལེགས་གནང་བ་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཕྱི་རྒྱལ་ཁག་ལ་ཕེབས་སྐབས་ཕྱི་སྲིད་མི་སྣ་མང་པོ་མཇལ་འཕྲད་ཐུབ་ཡོད་པ་མ་ཟད། གྲོས་ཚོགས་ཁག་གི་ནང་བོད་དོན་ཐོག་གྲོས་ཆོད་བཞག་པ་དང་བསྒྲགས་གཏམ་སྤེལ་བ་སོགས་བྱུང་ཡོད་པ་དེ་དག་ལ་དོན་གཅོད་རྣམ་པར་བསྔགས་བརྗོད་དང་། མུ་མཐུད་སྔར་ལས་ལྷག་པ་ཡོང་ཐབས་གནང་དགོས་པ་གསུངས་འདུག

Representatives of Office of Tibet

ཚོགས་འདུ་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་ཉིན་གྲངས་གཉིས་རིང་གི་ཚོགས་འདུར་གྲོས་གཞི་ཁག་ཅིག་གི་ཐོག་གྲོས་བསྡུར་གནང་བའི་ཁོངས་ནས་གཙོ་བོ་ཆབ་སྲིད་ཀྱི་ལས་དོན་གནང་ཕྱོགས་དང་། ལྷག་དོན་ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དགུ་སྟོན་གོ་སྒྲིག་ཞུ་ཕྱོགས་ཀྱི་དགོངས་འཆར་ཐོག་གོ་བསྡུར་གྱིས་རྒྱལ་ཁབ་སོ་སོའི་ནང་དེ་འབྲེལ་ལས་དོན་སྤེལ་ཕྱོགས་དང་། དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་སྐུ་ཚབ་དོན་ཁང་སོ་སོའི་དངུལ་རྩིས་སྟངས་འཛིན་དང་རྩིས་ཁྲ་ཉར་ཕྱོགས། ཕྱི་དྲིལ་ལས་ཁུངས་དང་སྐུ་ཚབ་དོན་ཁང་དབར་འབྲེལ་ལམ་གོང་འཕེལ་གཏོང་ཕྱོགས་བཅས་ཀྱི་སྐོར་གོ་བསྡུར་གནང་ཡོད་པ་གསུངས་སོང་།

Representatives of Office of Tibet

གཞི་རྩའི་ཁ་སང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམས་ཀྱི་ལོ་འཁོར་ཚོགས་འདུ་དེ་གྲུབ་རྗེས་དེ་རིང་ཕྱི་ཚེས་ ༢༩ ཉིན་དོན་གཅོད་ཁག་ལ་རྒྱལ་འབྲེལ་ཐབས་བྱུས་སྐོར་ཉིན་གཅིག་གི་ཟབ་ཁྲིད་ཅིག་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།