Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བའི་སྐྱོན་བརྗོད་ལ་ཡ་ལན་སྤྲོད་དགོས། 

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

འདི་ལོའི་ཕྱི་ཟླ་ ༦ ནང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཁྱབ་ཁོངས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ The Human Rights Situation of Tibetans and the Chinese Residential Boarding School and Preschool System གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་རྒྱ་ནག་གི་གཏན་འཇགས་སློབ་གྲྭ་དང་གཞི་རིམ་སློབ་གྲྭའི་ལམ་ལུགས་ཞེས་མིང་བྱང་འཁོད་པའི་སྙན་ཐོ་ཞིག་གྲོས་ཚོགས་སུ་འགོད་འབུལ་ཞུས་ཡོད་པ་ལྟར། ཟླ་ ༡༠ ཚེས་ ༡༣ ཉིན་ཁེ་ན་ཌ་ཕྱི་སྲིད་ལས་ཁུངས་ཀྱིས་དེར་གཞུང་འབྲེལ་ལན་འདེབས་གནང་བའི་ནང་ཁེ་ན་ཌའི་ལོ་རྒྱུས་སུ་གདོད་མའི་མི་རིགས་ཀྱི་བཅའ་སྡོད་སློབ་གྲྭའི་གནད་དོན་དང་འབྲེལ་ཏེ། མི་རབས་མང་པོར་ཤུགས་རྐྱེན་ཐེབས་པའི་གནད་དོན་བྱུང་ཡོད་པ་ལུང་འདྲེན་གནང་སྟེ། ཁེ་ན་ཌ་གཞུང་གི་ངོས་ནས་ད་ལྟ་རྒྱ་ནག་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ཀྱི་ཛ་དྲག་དང་ཉེན་ཚབས་ཀྱི་རང་བཞིན་ལ་ངོས་འཛིན་ཐུབ་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་གཙོས་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཀྱང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་ལ་འཛེམ་ཟོན་མེད་པར་ཕྱི་གསལ་ནང་གསལ་ཐོག་ནས་ཡ་ལན་སྤྲོད་དགོས་ངེས་ཡིན་པ་སོགས་གསུངས་འདུག

ཁ་ཉིན་ Canada Tibet Committee ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་རྒྱར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་གྲོས་ཚོགས་ཚོགས་ཆུང་གི་སྙན་ཐོར་ཁེ་ན་ཌ་ཕྱི་སྲིད་ལས་ཁུངས་ཀྱིས་གཞུང་འབྲེལ་ལན་འདེབས་གནང་བ་འདོན་སྤེལ་གནང་འདུག་པའི་ནང་། ཁེ་ན་ཌ་གཞུང་གི་ངོས་ནས་རྒྱ་གཞུང་གིས་ཁེ་ན་ཌའི་མི་སེར་ཁག་གཅིག་ལ་འཇིགས་སྐུལ་དང་སུན་གཙེར་བཟོ་བཞིན་པ། ལྷག་དོན་བོད་ནང་དུ་བཅའ་སྡོད་སློབ་གྲྭ་སོགས་ཀྱི་སྲིད་བྱུས་ངན་པའི་འོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་གནས་སྟངས་ལ་ངོས་བཞེས་གནང་གི་ཡོད་པ་དང་འབྲེལ། རྒྱ་ནག་གཙོས་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་ལ་འཛེམ་ཟོན་མེད་པར་ཕྱི་གསལ་ནང་གསལ་ཐོག་ནས་ཡ་ལན་སྤྲོད་དགོས་ངེས་ཡིན་པ་སོགས་གསུངས་ཡོད།  

ཕྱོགས་མཚུངས་ཁེ་ན་ཌ་གཞུང་གིས་རྒྱ་ནག་གིས་བོད་དུ་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ཁག་ཐེར་འདོན་གནང་རྒྱུ་ཐད་རྒྱལ་ཚོགས་སུ་བསྒྲགས་གཏམ་སྤེལ་རྒྱུ་སོགས་ཀྱི་གོ་སྐབས་སྤྱོད་བཞིན་ཡོད་པ་དང་། དེ་བཞིན་ཁེ་ན་ཌ་གཞུང་ནས་ཆོས་དད་རང་དབང་གོང་འཕེལ་ལ་རྒྱབ་སྐྱོར་བསྐྱར་ནན་དང་སྦྲགས་ཏེ་ཕྱི་ལོ་ ༡༩༩༥ ནས་བཟུང་སྟེ་རྒྱ་ནག་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པའི་བཀའ་མོལ་ཞུ་བཞིན་ཡོད་པར་མ་ཟད་རྒྱ་ནག་དང་བོད་མིའི་སྐུ་ཚབ་དབར་ལ་བོད་རྒྱ་གྲོལ་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་གནང་བཞིན་ཡོད་ཅེས་གསུངས་འདུག

དེ་བཞིན་ཁེ་ན་ཌའི་ངོས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ལ་དངུལ་གྱི་རོགས་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ལ་ཁེ་ན་ཌར་གཞིས་སྤོ་བྱ་རྒྱུའི་མཐུན་རྐྱེན་ཡང་བསྐྲུན་ཡོད་པ་སོགས་གསུངས་འདུག

རྩ་བའི་འདི་ལོའི་ཕྱི་ཟླ་ ༦ ནང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཁྱབ་ཁོངས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་འདོན་སྤེལ་གནང་བའི་སྙན་ཐོར་ཁེ་ན་ཌ་གཞུང་གིས་མང་གཙོའི་གཞུང་འཛིན་གཞན་དང་ལྷན་དུ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་བཞེངས་ཕྱོགས་གསལ་པོ་འཛིན་དགོས་ཞེས་འཁོད་ཡོད་པ་རེད།

སྙན་མཐོ་ནང་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ནང་གཞི་རིམ་འོག་མ་གཙོས་བྱིས་པ་མང་དག་ཅིག་བཙན་དབང་གིས་སློབ་ཞུགས་བྱེད་བཞིན་ཡོད་པ་མ་ཟད། སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་། གཏན་སློབ་ཀྱི་སློབ་ཚན་ནང་བོད་ཡིག་སློབ་ཁྲིད་མཚམས་འཇོག་བྱེད་བཞིན་པ་སོགས། བོད་པའི་བྱིས་པ་རྣམས་རང་གི་ཕ་མ་ནས་ཁ་བྲལ་བཏང་སྟེ་རང་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་སོགས་དང་འབྲེལ་མེད་བཟོ་བཞིན་ཡོད་པ་མངོན་གསལ་གནང་སྟེ། ཁེ་ན་ཌ་གཞུང་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས་ངེས་པར་དུ་ཕྱག་བསྟར་གནང་དགོས་པའི་དོན་ཚན་ ༡༨ མངོན་གསལ་གནང་བར་ཁེ་ན་ཌ་ཞུང་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་རྒྱབ་སྐྱོར་གནང་དགོས་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པ། རྒྱལ་ཚོགས་ཀྱི་སྐུ་ཚབ་བརྒྱུད་ནས་རྒྱལ་སྤྱིའི་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་བོད་ནང་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་ཁྲིམས་སྒྲིག་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་རྣམས་མངོན་གསལ་གནང་དགོས་པ། དེ་བཞིན་དཔལ་འབྱོར་ཐབས་ལམ་གྱི་ཐོག་ནས་བོད་ནང་གཏན་འཇགས་སློབ་གྲྭའི་ལས་གཞི་ལག་བསྟར་བྱེད་མཁན་རྒྱ་ནག་གི་དཔོན་རིག་རྣམས་ལ་ཁྲིམས་ཆད་གཏོང་དགོས་པ་སོགས་འཁོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།