Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་མཐའ་མཚམས་དམག་མིར་བོད་མི་བསྡུ་སྐོང་བྱེད་བཞིན་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཉེ་བའི་ཆར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཇེ་ཆེར་བྱུང་བའི་ཁྲོད་རྒྱ་ནག་གིས་མཐའ་མཚམས་དམག་གི་ནང་དུ་བོད་རིགས་ཆེད་སྐོང་བྱེད་བཞིན་པ་མངོན་གསལ་གནང་འདུགཁ་སང་རྒྱ་གར་གྱི་ Hindustan times བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་རྒྱ་ནག་བཅིངས་བཀྲོལ་དམག་གི་ངོས་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་མང་དག་ཅིག་གི་ནང་ཆེད་བསྐྱོད་ཀྱིས་བོད་རིགས་དམག་མི་བསྡུ་སྐོང་བྱེད་བཞིན་པ་མ་ཟད་རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་གསུམ་ཙམ་གྱི་གནས་ཚུལ་ཕྱིར་འགྱར་བྱུང་བར་གཞིགས་ན་རྒྱ་ནག་བཅིངས་བཀྲོལ་དམག་གི་ནང་དུ་བོད་རིགས་དམག་མིའི་སྡེ་ཚན་ལོགས་སུ་ཆེད་འཛུགས་བྱ་འཆར་ཡོད་པ་རེད་འདུག དེའང་ད་བར་རྒྱ་ནག་བཅིངས་བཀྲོལ་དམག་གི་ནང་དུ་གྲངས་ཉུང་མི་རིགས་ལས་གྲུབ་པའི་དམག་སྡེ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་ཉེ་ཆར་ལྷ་སའི་བཅིངས་བཀྲོལ་དམག་གི་འགོ་ཁྲིད་ཚོས་ལྷ་སར་བོད་རིག་མང་དག་ཅིག་བསྡུ་སྐོང་བྱས་ཡོད་པ་མ་ཟད། འགོ་ཁྲིད་རུ་ཁག་གཅིག་མངའ་རི་ཁུལ་གྱི་རུ་ཐོག་གྲོང་ཁྱེར་དང་དེ་རྗེས་ས་མཚམས་ས་ཁུལ་རྩ་མདའ་གྲོང་ཁྱེར་དུ་ཆེད་བསྐྱོད་ཀྱིས་བོད་རིགས་གཞོན་སྐྱེས་ཁག་ཅིག་ཆེད་སྐོང་བྱས་འདུག

སྔ་ལོར་རྒྱ་གར་ལ་དྭགས་ཁུལ་གྱི་འཕགས་བོད་ས་མཚམས་ས་ཁུལ་དུ་རྩོད་རྙོག་ཇེ་ཆེར་སོང་བ་དང་འབྲེལ་ཕྱོགས་གཉིས་ཀྱི་ས་ཁུལ་དུ་དམག་མི་དང་གོ་མཚོན་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པའི་ཁྲོད་ཕྱོགས་གཉིས་དབར་གྲོས་མོལ་རིམ་པ་མང་པོ་བྱས་པ་ལྟར་གྲོས་མོལ་མཐའ་མ་དེ་ཟླ་ ༤ ཚེས་ ༩ ཉིན་བྱས་ཡོད་པ་རེད།

གྲོས་མོལ་ལ་དོན་འབྲས་གང་ཡང་སོན་མེད་པར་ལུས་པའི་ཁྲོད་རྒྱ་གར་གྱི་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་གནད་དོན་དེའི་ཐོག་ཐུགས་སྣང་ཆེན་པོ་གནང་བཞིན་པ་ལྟར་ཁ་སང་གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ཤིག་གིས་ད་ལྟ་རྒྱ་ནག་གིས་མཐའ་མཚམས་དམག་གི་ནང་དུ་བོད་རིགས་ཆེད་སྐོང་བྱེད་བཞིན་པ་མངོན་གསལ་གནང་ཡོད། ཉེ་ཆར་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གིས་ས་དམའ་ས་ནས་ཡོང་བའི་རྒྱ་རིགས་དམག་མི་རྣམས་ས་མཚམས་ཀྱི་ས་མཐོ་པོར་མི་འཕྲོད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་རྐྱེན་བོད་མི་ཆེད་སྐོང་བྱེད་ཀྱི་ཡོད་སྲིད་པ་དང་། རྒྱ་གར་དང་རྒྱ་གར་ནང་དུ་ཡོད་པའི་བོད་མི་རྣམས་ལ་བརྡ་ལན་ཞིག་སྤྲད་ཕྱི་ཆེད་དམིགས་བྱས་པ་ཞིག་ཡིན་སྐོར་གསུངས་འདུག

གཞན་ཡང་རྒྱ་ནག་གི་དམག་གི་ནང་ Altitude sickness འམ་ས་མཐོ་མི་འཕྲོད་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་རྒྱ་ཆེར་སྤེལ་བཞིན་ཡོད་པ་དང་། མིང་མངོན་གསལ་མེད་པའི་དམག་མི་ཞིག་གིས་བརྗོད་པར་གཞིགས་ན་བོད་མཐོ་སྒང་གི་ནང་དུ་རྒྱ་རིགས་དམག་མི་ཚོར་དུས་ཡུན་རིང་པོའི་གོང་ནས་ངལ་བ་དེ་འཕྲད་ཡོད་པར་མངོན་གསལ་བྱས་འདུག

རྩ་བའི་སྔ་ལོར་རྒྱ་དཀར་ནག་གཉིས་དབར་ལ་དྭགས་ཀྱི་འཕགས་བོད་ས་མཚམས་ས་ཁུལ་དུ་རྩོད་རྙོག་ཤུགས་ཆེ་རུ་ཕྱིན་པའི་སྐབས་དེར་རྒྱ་གར་གྱི་ངོས་ནས་བོད་མིའི་དྭངས་ཞབས་རུ་ཁག་ཆེད་གཏོང་བྱས་ཡོད་པ་ལྟར་བོད་མི་དྭངས་ཞབས་པ་གཅིག་ས་འོག་འབར་རྫས་གས་འཐོར་འོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་བ་དང་འབྲེལ། རྒྱ་གར་མང་ཚོགས་ཁྲོད་ཕྱི་ལོ་ ༡༩༦༢ རྗེས་སུ་གསར་དུ་བཙུགས་པའི་བོད་རིགས་དྭངས་ཞབས་དམག་གི་སྐོར་ལ་གོ་རྟོགས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

སྤྱིར་རྒྱ་ནག་དམག་གི་གྲངས་ཐོར་གཞིགས་ཚེ་རྒྱ་ནག་བཅིངས་བཀྲོལ་དམག་མིར་ཧན་རྒྱ་རིགས་དམག་མི་ས་ཡ་ ༢ ལྷག་ཙམ་ཡོད་སར་བོད་རིགས་དམག་མི་ ༤༣༠༠ ཙམ་ཡོད་པ་དང་། བོད་རིགས་དམག་མི་རྣམས་ལ་ས་མཚམས་ཁུལ་དུ་དམག་འཁྲུག་སྐབས་བེད་སྤྱོད་བཏང་བ་མ་གཏོགས་ས་མཚམས་སྐོར་སྲུང་དང་བཟའ་འགྲུ་འོར་འདྲེན་སོགས་གནད་ཆེའི་ལས་འགན་སྤྲད་ཀྱི་མེད་པ་འཁོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།