Tibetan Royal Year of 2151 | Year of the Wood Dragon

རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁུལ་གྱི་སྤྱི་འཐུས་གཏན་འཁེལ་བ་ལྟ་བུར་གྱུར་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་མི་གནས་ཡུལ་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ ནང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་བསྐྱངས་ཟིན་ཡོད་པ་དང་། ད་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་མཐའ་མའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། འདས་པའི་ཉིན་ཤས་ཁྲོད་ས་གནས་སོ་སོའི་འོས་བསྡུ་འགན་འཛིན་གྱི་ཐུགས་འགན་བཞེས་ཏེ་འོས་ཤོག་གྲངས་བཤེར་གནང་ཟིན་ཁག་རིམ་བཞིན་ཡོངས་གྲངས་སུ་གསལ་བསྒྲགས་གནང་མུས་ཡིན་པ་ལྟར། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁུལ་གྱི་སྤྱི་འཐུས་རྣམས་སུ་ཡིན་གཏན་འཁེལ་གནང་ཟིན་པ་ལྟ་བུར་གྱུར་འདུགཁ་ཉིན་ཕྱི་ཚེས་ ༡༧ ཉིན་ལྷོ་བྱང་ཨ་རི་ཁུལ་གྱི་འོས་བསྡུ་འགན་འཛིན་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་དབུས་པའི་ས་གནས་ཀྱི་འོས་བསྡུའི་ཚོགས་མི་སོགས་ལྷན་ཞུགས་ཐོག་ལྷོ་བྱང་ཨ་རི་ཁུལ་གྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གྲངས་ཇི་ཐོབ་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་བར་གཞིགས་ན། ལྷོ་བྱང་ཨ་རི་ཁུལ་གྱི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་བསྟན་འཛིན་འཇིགས་མེད་ལགས་ལ་འོས་གྲངས་ ༦༡༥༢ དོན་གྲུབ་ཚེ་རིང་ལགས་ལ་འོས་གྲངས་ ༥༤༡༩ དེ་བཞིན་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ལ་འོས་གྲངས་ ༥༡༩༨ དང་ཚེ་བརྟན་ཕུན་ཚོགས་ལགས་ལ་འོས་གྲངས་ ༤༢༨༩ ངག་དབང་མཐར་ཕྱིན་ལགས་ལ་འོས་གྲངས་ ༡༠༢༦ བཅས་ཐོབ་འདུག་པ་དང་། དེ་དག་ཁྲོད་ནས་ཨང་དང་པོ་དང་གཉིས་པར་སོན་པ་བསྟན་འཛིན་འཇིགས་མེད་ལགས་དང་དོན་གྲུབ་ཚེ་རིང་ལགས་གཉིས་ལྷོ་བྱང་ཨ་རི་ཁུལ་གྱི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད།

དེ་བཞིན་ཡོ་རོབ་སུད་སི་དང་དབྱིན་ཡུལ། དེ་བཞིན་སྦེལ་ཇམ་བཅས་དོན་གཅོད་ལས་ཁུངས་གསུམ་གྱིས་ཡོངས་གྲགས་གནང་བའི་ཁྱབ་ཁོངས་ས་གནས་ཁག་གི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན། ཡོ་རོབ་དང་ཨ་ཧྥི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ཐུབ་བསྟན་དབང་ཆེན་ལགས་སུ་འོས་གྲངས། ༤༧༤༣   དང་ཐུབ་བསྟན་རྒྱ་མཚོ་ལགས་སུ་འོས་གྲངས།  ༢༨༨༤ དེ་བཞིན་གངས་གཞོན་ཚང་བློ་བཟང་ལགས་སུ་འོས་གྲངས། ༢༤༢༦ དང་བཀྲིས་བདེ་ལགས་སུ་འོས་གྲངས། ༢༦༥༦ བཅས་ཐོབ་ཡོད་པ་རེད། དེ་དག་ལས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས་གཉིས་ཡོ་རོབ་དང་ཨ་ཧྥི་རི་ཀའི་ཐོབ་ཁོངས་ས་གནས་ཀྱི་བོད་མི་མང་མང་སྤྱི་འཐུས་སུ་གཏན་འཁེལ་འདུག

ཨོ་སེ་ཀྲེ་ལེ་ཤེ་ཡ་ས་གནས་འོས་བསྡུ་ལས་ཁང་ནས་ཡོངས་གྲགས་གནང་བའི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན། ཐུབ་བསྟན་དོན་གྲུབ་ལགས་ལ་འོས་གྲངས་ ༤༧༩ དང་དགོ་ཚང་ནེ་རྒན་ལགས་ལ་འོས་གྲངས། ༣༥༢ དེ་བཞིན་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ལ་འོས་གྲངས། ༦༨༩ བཅས་ཐོབ་འདུག་པ་དང་། དེ་དག་ཁྲོད་ཨང་དང་པོ་སོན་པ་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཐོབ་ཁོངས་ས་གནས་ནས་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད་པ་རེད།ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནས་འོས་འདེམས་གནང་བའི་ཆོལ་ཁ་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་གྲུབ་འབྲས་ངེས་གཏན་འཁེལ་བ་རག་དཀའ་བ་དེ་ལྟར་ནའང་། བོད་ཀྱི་དུས་བབ་གསར་ཁང་གིས་ཕྱོགས་སྒྲིག་ཞུས་པའི་འོས་གྲངས་ལ་གཞིགས་ན། ཆོལ་ཁ་གསུམ་ཀའི་ནང་ད་རེས་སྤྱི་འཐུས་གསར་པ་གསུམ་རེ་ཡོད་པ་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་མང་ཆེ་བ་སྐབས་༡༦ པའི་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་རྣམས་སླར་འདེབས་གཏན་ངེས་པ་རེད་འདུག

དེ་བཞིན་ད་བར་གསར་ཁང་ཁག་ནས་ཕྱོགས་སྒྲིག་གནང་བའི་སྲིད་སྐྱོང་གི་འོས་བསྡུའི་གྲུབ་འབྲས་ཁག་ལ་གཞིགས་ན། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༣༤༠༠༠ ལྷག་དང་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༢༨༠༠༠ ལྷག་ཙམ་བཅས་ཐོབ་ཏེ་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཁྱོན་འོས་གྲངས་ལྔ་སྟོང་ཙམ་མང་བ་ཐོབ་འདུགགཞི་རྩའི་ད་ཆར་དབུས་འོས་བསྡུ་ལས་ཁུངས་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གཞུང་འབྲེལ་ཐོག་ནས་གསར་བསྒྲགས་གནང་རྒྱུ་ཡིན་པ་དང་། ད་ལྟའི་ཆར་ས་གནས་སོ་སོའི་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་། འོས་ཤོག་གྲངས་བཤེར་གྱིས་མཐའ་མའི་གྲུབ་འབྲས་བཅས་དབུས་འོས་བསྡུ་ལས་ཁང་དུ་ཕྱི་ཟླ་ ༥ ཚེས་ ༥ ནང་ཚུན་ལ་འབུལ་འབྱོར་ཟིན་པ་དགོས་པ་དང་། དེ་ནས་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ཟླ་ ༥ ཕྱི་ཚེས་ ༥ ནས་ ༡༣ བར་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམ་གནང་སྟེ། ཕྱི་ཟླ་ ༥ ཚེས་ ༡༤  ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམས་དངོས་སུ་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།

དེ་སྔ་ཕྱི་ཟླ་ ༩ པའི་ནང་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་བའི་ཚེས་གྲངས་ལ་གཞིགས་ཚེ་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་འདེམས་ཐོན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་། ཉེ་འཆར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་བརྙན་འཕྲིན་ཐོག་ཕྱི་ཟླ་ ༥ ཚེས་ ༢༦ དེ་སྲིད་སྐྱོང་གསར་པའི་དམ་འབུལ་གྱི་ཉིན་མོ་ཆགས་སྲིད་པར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།