Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

འོས་བསྡུ།

རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁུལ་གྱི་སྤྱི་འཐུས་གཏན་འཁེལ་བ་ལྟ་བུར་གྱུར་འདུག

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་མི་གནས་ཡུལ་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ ནང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་བསྐྱངས་ཟིན་ཡོད་པ་དང་། ད་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་མཐའ་མའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། འདས་པའི་ཉིན་ཤས་ཁྲོད་ས་གནས་སོ་སོའི་འོས་བསྡུ་འགན་འཛིན་གྱི་ཐུགས་འགན་བཞེས་ཏེ་འོས་ཤོག་གྲངས་བཤེར་གནང་ཟིན་ཁག་རིམ་བཞིན་ཡོངས་གྲངས་སུ་གསལ་བསྒྲགས་གནང་མུས་ཡིན་པ་ལྟར། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁུལ་གྱི་སྤྱི་འཐུས་རྣམས་སུ་ཡིན་གཏན་འཁེལ་གནང་ཟིན་པ་ལྟ་བུར་གྱུར་འདུགཁ་ཉིན་ཕྱི་ཚེས་ ༡༧ ཉིན་ལྷོ་བྱང་ཨ་རི་ཁུལ་གྱི་འོས་བསྡུ་འགན་འཛིན་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་དབུས་པའི་ས་གནས་ཀྱི་འོས་བསྡུའི་ཚོགས་མི་སོགས་ལྷན་ཞུགས་ཐོག་ལྷོ་བྱང་ཨ་རི་ཁུལ་གྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གྲངས་ཇི་ཐོབ་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་བར་གཞིགས་ན། ལྷོ་བྱང་ཨ་རི་ཁུལ་གྱི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་བསྟན་འཛིན་འཇིགས་མེད་ལགས་ལ་འོས་གྲངས་ ༦༡༥༢ དོན་གྲུབ་ཚེ་རིང་ལགས་ལ་འོས་གྲངས་ ༥༤༡༩ དེ་བཞིན་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ལ་འོས་གྲངས་ ༥༡༩༨ དང་ཚེ་བརྟན་ཕུན་ཚོགས་ལགས་ལ་འོས་གྲངས་ ༤༢༨༩ ངག་དབང་མཐར་ཕྱིན་ལགས་ལ་འོས་གྲངས་ ༡༠༢༦ བཅས་ཐོབ་འདུག་པ་དང་། དེ་དག་ཁྲོད་ནས་ཨང་དང་པོ་དང་གཉིས་པར་སོན་པ་བསྟན་འཛིན་འཇིགས་མེད་ལགས་དང་དོན་གྲུབ་ཚེ་རིང་ལགས་གཉིས་ལྷོ་བྱང་ཨ་རི་ཁུལ་གྱི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད། དེ་བཞིན་ཡོ་རོབ་སུད་སི་དང་དབྱིན་ཡུལ། དེ་བཞིན་སྦེལ་ཇམ་བཅས་དོན་གཅོད་ལས་ཁུངས་གསུམ་གྱིས་ཡོངས་གྲགས་གནང་བའི་ཁྱབ་ཁོངས་ས་གནས་ཁག་གི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན།...

སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།

རྒྱ་ནག་ཝུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ལྟོས་མེད་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ཁྱོན་ཡོ་རོབ་རྒྱལ་ཁབ་ ༡༥ ནང་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གཉེར་ཐུབ་པ་བྱུང་ཡོད་ཅིང།  ཁ་སང་ཡོ་རོབ་ཁུལ་གྱི་བོད་མིའི་མི་འབོར་མང་ཤོས་གནས་ཡུལ་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་གཙོས་ཕ་རན་སི། ཧོར་ལན་ཌི། དེ་བཞིན་སི་པན་བཅས་རྒྱ་ཁབ་བཞིའི་ནང་གི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཕྱོགས་བསྡོམས་གྲུབ་འབྲས་གསལ་བསྒྲགས་གནང་སོང་།ཡོ་རོབ་རྒྱལ་ཁབ་བཞིའི་ནང་གི་དངོས་གཞིའི་སྲིད་སྐྱོང་གི་འོས་མིའི་འོས་ཐོབ་ཕྱོགས་བསྡོམས་ཀྱི་གྲུབ་འབྲས་ལ་གཞིགས་ན། སྤྱི་འཐུས་འོས་མི་ཐུབ་བསྟན་དབང་ཆེན་ལགས་སུ་ཧྥ་རན་སི། ༩༣༣ སི་པེན། ༤༠ ཧོ་ལན་ཌི། ༦༩ ཨེན་ཝར་པན། ༣༤༢ སྦར་སིལ་དང་ལུ་ཝན། ༢༥༢ ཨོ་སི་ཊེན། གྷན་ཌི། བུ་རུ་ཇི། ༡༥༣བཅས་ཁྱོམ་བསྡོམས། ༡༧༨༩ ཐོབ་འདུག  དེ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་སུ་ཧྥ་རན་སི། ༧༠༠ སི་པེན། ༡༧ ཧོ་ལན་ཌི། ༢༢༨...

འདེམས་ཐོན་སྤྱི་འཐུས་གཉིས་ཀྱི་ལས་ཁུར་དམ་འབུལ།

ཉེ་ལམ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དབུས་ཁྲིམས་ཞིབ་པ་གཞན་གཉིས་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བའི་གནད་དོན་ཁྲོད་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་དང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་གཉིས་སྐབས་ ༡༦ པའི་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ང་གཅིག་པའི་དགོངས་དོན་འོག་མདོ་སྨད་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་དང་པོ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་རྔ་བ་གངས་རི་ལགས་དང་དབུས་གཙང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་དང་པོ་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་བོད་མི་མང་སྐབས་ ༡༦ སྤྱི་འཐུས་སུ་བསྐོ་གཞག་གནང་ཡོད་པ་རེད།དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གསར་དུ་བསྐོ་གཞག་བྱུང་བའི་སྤྱི་འཐུས་རྣམ་གཉིས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ དང་ ༤༧ ནང་གསེས་གཉིས་པའི་དགོངས་དོན་འོག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་དྲུང་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་སོང་བ་དང་དམ་འབུལ་མཛད་རིམ་དེའི་ཐོག་སྤྱི་འཐུས་རྒྱུན་ལས་རྣམས་ལྷན་ཞུགས་གནང་འདུགལས་ཁུར་དམ་འབུལ་གྲུབ་མཚམས་ཚོགས་གཞོན་མཆོག་ནས་སྤྱི་འཐུས་རྣམ་གཉིས་ལ་འཚམས་འདྲི་དང་སྦྲགས་ཏེ་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་ལས་ཡུན་ཐུང་ངུ་ཞིག་ལས་ལྷག་མེད་ཀྱང་ལས་དོན་ཁག་མཇུག་སྒྲིལ་གནང་སྟེ་མ་འོངས་སྐབས་ ༡༧ པའི་སྤྱི་འཐུས་ཚོར་རྩིས་སྤྲོད་ཡག་པོ་ཞིག་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་ཡོད།རླུང་འཕྲིན་ཁང་ནས་གསར་དུ་བསྐོ་གཞག་བྱུང་བའི་བོད་མི་མང་སྤྱི་འཐུས་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་དང་དགེ་བཤེས་རྔ་བ་གངས་རི་ལགས་གཉིས་ལ་ད་ལྟའི་སྒྲིག་འཛུགས་ཀྱི་གནས་བབས་ལ་གཞིགས་ཏེ་སྤྱི་འཐུས་ཀྱི་ལས་ཡུན་རིང་ནུས་པ་གང་འདོན་ཐུབ་མིན་སོགས་ཀྱི་གནད་དོན་ཐོག་བཅར་འདྲི་ཁག་ཅིག་ཞུས་པར་སྐབས་བབ་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བའི་གནས་སྟངས་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་པ་ལྷུ་སྒྲིག་ཐུབ་པ་གནང་རྒྱུ་དང་དེ་བཞིན་མང་ཚོགས་ཀྱི་མངོན་འདོད་ལྟར་མང་གཙོའི་ཀ་བ་གསུམ་སླར་གསོ་ཐུབ་རྒྱུར་ཤུགས་སྣོན་རྒྱག་གི་ཡིན་ཞེས་གསུངས་ཡོད།  གཞི་རྩའི་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བ་དེས་སྤྱི་ཚོགས་ནང་བསམ་ཚུལ་ཆེན་པོ་བྱུང་བ་མ་ཟད་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་ ༡༡ མཐུན་མོང་གིས་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད། དེ་བཞིན་ཁ་སང་ཕྱི་ཚེས་ ༡༣ ཉིན་གཞུང་ཞབས་ཟུར་པ་...

ཡོ་རོབ་རྒྱལ་ཁབ་དྲུག་ནང་གི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།

ཁྱོན་བོད་མི་ ༡༥༠༠ ལྷག་ཁ་ཐོར་དུ་གནས་ཡོད་པའི་དབྱིན་ཡུལ་ས་གནས་འོས་བསྡུ་ལས་ཁང་ཁྱབ་ཁོངས་དབྱིན་ཡུལ་གཙོས་ནོར་ཝེ་དང་ཨར་ལེཊ། པོ་ལན་ཌི། ཌན་མག དེ་བཞིན་སུ་ཌན་བཅས་ཡོ་རོབ་རྒྱལ་ཁབ་དྲུག་ནང་གི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཁ་སང་ཕྱི་ཚེས་ ༡༣ ཉིན་ཕྱི་དྲོ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོགས་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་དྲ་ཐོག་ནས་གསལ་བསྒྲགས་གནང་སོང་།གོང་གསལ་ཡོ་རོབ་རྒྱལ་ཁབ་དྲུག་གནང་གི་ནང་གི་དངོས་གཞིའི་སྲིད་སྐྱོང་གི་འོས་མིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་གྲུབ་འབྲས་ལ་གཞིགས་ན། ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་དབྱིན་ཡུལ། ༡༡༥  ནོར་ཝེ།༣  ཨར་ལེཊ། ༡༤ པོ་ལན་ཌི། ༥  ཌན་མག ༥ དེ་བཞིན་སུ་ཌན་ ༡༦ བཅས་ཁྱོན་ ༡༥༨ ཐོབ་འདུག དེ་བཞིན་ དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་དབྱིན་ཡུལ། ༩༩  ནོར་ཝེ། ༢༩  ཨར་ལེཊ། ༡༦ པོ་ལན་ཌི། ༤ ...

ཡོ་རོབ་རྒྱལ་ཁབ་ལྔ་ནང་གི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།

རྒྱ་ནག་ཝུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ལྟོས་མེད་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ཡོ་རོབ་རྒྱལ་ཁབ་ཁྱོན་ ༡༥ ནང་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཡོ་རོབ་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་རེད། དེ་རིང་ཕྱི་དྲོ་ཡོ་རོབ་ཀྱི་ཚོུད་ ༣།༣༠ ཐོག་ཡོ་རོབ་ཁུལ་གྱི་བོད་མིའི་མི་འབོར་མང་ཤོས་གནས་འཁོད་སུད་སི་ས་གནས་འོས་བསྡུ་ལས་ཁང་ཁྱབ་ཁོངས་ཀྱི་སུད་སི་དང་ལིག་ཏེན་སིཊཡན། ཇར་མི་ནི། ཨི་ཊལི། དེ་བཞིན་ཨོ་སི་ཀྲིརིཡ་བཅས་ཡོ་རོབ་རྒྱལ་ཁབ་ལྔ་ནང་གི་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་གྲུབ་འབྲས་གསལ་བསྒྲགས་གནང་སོང་བ་དང། གོང་གསལ་ཡོ་རོབ་རྒྱལ་ཁབ་ལྔ་ནང་གི་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ཕྱོགས་བསྡོམས་གྲུབ་འབྲས་ལ་གཞིགས་ན། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་སུད་སི་དང་ལིག་ཏེན་སིཌཡན། ༡༥༥༣ ཇར་མན་ནི། ༡༥༣ ཨི་ཊ་ལི། ༥༠ ཨའོསི་ཊིརི་ཡ།...

བོད་མིའི་གནས་ཡུལ་ཁག་ཅིག་གིས་སྲིད་སྤྱིའི་འོས་ཤོག་གྲངས་བཤེར་གསལ་བསྒྲགས།

འཛམ་གླིང་ཧྲིལ་པོར་རྒྱ་ནག་ཝུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ལྟོས་མེད་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཟླ་བ་འདིའི་ཚེས་ ༡༠ དང་ ༡༡ དེ་བཞིན་ས་གནས་ཁག་ཅིག་ལ་ཚེས་ ༡༡ བཅས་ས་གནས་ཀྱི་གནས་བབ་ལ་གཞིགས་ཏེ་ཕྱི་ལོ་ ༢༠༢༡ ལོའི་བཀའ་ཤག་སྐབས་ ༡༦ པའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་ཡོད་པ་རེད།ད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་མཐའ་མའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། བཙན་བྱོལ་བོད་མིའི་གནས་ཡུལ་ཆེ་ཁག་ ཨོ་སི་ཀྲི་ལི་ཨེ་ཤ་ཡ་དང་ཨ་རི། རྒྱ་གར། ཨོ་སི་ཊོ་ལི་ཡ། ཉི་འོང་སོགས་གཙོ་བོར་གྱུར་པའི་བོད་མི་གནས་ཡུལ་ས་གནས་མི་ཉུང་བ་ཞིག་གིས་དབུས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་འཕངས་ཟིན་རྗེས་ཚོུད་ ༢༤ རྗེས་སམ་ཟླ་བ་འདིའི་ཚེས་ ༡༣ ནས་ ༡༩ བར་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས་ཇི་སོན་གསལ་བསྒྲགས་གནང་དགོས་པའི་བཀོས་ཁྱབ་ཕེབས་དོན་ལྟར་ཁ་སང་ཚེས་ ༡༢ དང་དེ་རིང་ཚེས་ ༡༣ བཅས་རིམ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་རིམ་ཐོན་གནང་མུས་རེད་འདུགདེ་རིང་ཉིན་རྒྱབ་བར་ས་གནས་འོས་བསྡུའི་འགན་འཛིན་སོ་སོས་གཞུང་འབྲེལ་ཐོག་ནས་འོས་བསྡུའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་གནང་བའི་ཁོངས་ནས་ཨོ་སི་ཊོ་ལི་ཡ་ཁུལ་ནས་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༩༡༩ དང་དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༦༡༤བཅས་དང་། དེ་བཞིན་སྤྱི་འཐུས་སུ་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ལ་འོས་གྲངས་ ༦༨༩ ཐོབ་ཏེ་སྤྱི་འཐུས་སུ་བཞེངས་མི་གསུམ་ལས་འོས་གྲངས་མང་ཤོས་ཐོབ་འདུགདེ་བཞིན་ཉི་འོང་ནས་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༢༢ དང་དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༡༩...

དགེ་བཤེས་རྔ་བ་གངས་རི་ལགས་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་བསྐོ་བཞག

ཉེ་ཆར་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་གནང་བའི་གནད་དོན་དང་འབྲེལ་ནས་ཟླ་ ༤ ཚེས་ ༨ ཉིན་བོད་མི་མང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་གནས་ནས་དགོངས་པ་ཞུས་ཡོད་སྟབས། ཕྱི་ཚེས་ ༩ ཉིན་དབུས་འོས་བསྡུ་ལས་ཁང་གིས་སྐབས་ ༡༦ པའི་མདོ་སྨད་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་དང་པོ་སྟེ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་རྔ་བ་གངས་རི་ལགས་སྤྱི་འཐུས་སུ་བསྐོ་བཞག་གནང་འདུགདབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ང་གཅིག་པའི་ནང་གསེས་གཉིས་པ་སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ་བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེལ་ནས་ཚབ་གསར་འཇུག་རྒྱུའི་ཆེད། འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་དང༌ཟུར་དཔང་རྣམས་ཀྱི་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས་ཞེས་པའི་དགོང་དོན་འོག་དེ་སྔ་ཕྱི་ལོ་ ༢༠༡༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ཁྲོད་མདོ་སྨད་ཆོལ་ཁའི་ཁོངས་ནས་དགེ་བཤེས་རྔ་བ་གངས་རི་ལགས་ཨང་ ༡༡ པ་སྒུག་ཐོ་དང་པོ་དེ་ཆགས་ཀྱི་ཡོད་པར་བརྟེན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལ་བསྐོ་བཞག་གནང་སྐོར་གསུངས་འདུགདེ་བཞིན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཀྱང་ཁྲིམས་ཞིབ་པ་འཕོ་འགྱུར་གནང་བའི་གནད་དོན་ཁྲོད་ཚོགས་གཙོ་དང་སྤྱི་འཐུས་ཀྱི་ལས་གནས་ནས་རྩ་དགོངས་ཞུས་པའི་གསལ་བསྒྲགས་ཤིག་ཕྱི་ཚེས་ ༨ ཉིན་ཁོང་སྒེར་གྱི་ངོ་དེབ་ཐོག་བཀོད་པ་མ་ཟད་བརྒྱུད་ལམ་ཁག་ཅིག་ཏུ་དགོངས་པ་ཞུས་ཟིན་སྐོར་གསུངས་ཡོད། དེ་དང་འབྲེལ་དེ་རིང་རླུང་འཕྲིན་ཁང་གིས་དེ་སྔ་ཕྱི་ལོ་ ༢༠༡༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ཁྲོད་དབུས་གཙང་ཆོལ་ཁའི་ཁོངས་ཀྱི་སྒུག་ཐོ་ཨང་དང་པོ་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་སུ་དབུས་འོས་བསྡུ་ལས་ཁང་ནས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱི་ཚབ་ཏུ་བོད་མི་མང་དབུས་གཙང་སྤྱི་འཐུས་སུ་བསྐོ་བཞག་གནང་བའི་གཞུང་འབྲེལ་ཕྱག་བྲིས་འབྱོར་སོང་ངམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་འབྱོར་མ་བྱུང་ཞེས་གསུངས་སོང་།  སྤྱི་འཐུས་སུ་རུང་ནས་དགོངས་ཞུ་ཕུལ་བའི་རྗེས་སུ་སྤྱི་འཐུས་ལྷན་ཚོགས་ནས་དགོངས་ཞུ་ཕུལ་མཁན་གྱི་མཚན་དབུས་འོས་བསྡུ་ལས་ཁང་ཕུལ་དགོས་པ་དང་།...

སྲིད་སྐྱོང་གི་སྔོན་འགྲོའི་འོས་མིར་ཨང་དང་པོ་སྤེན་པ་ཚེ་རིང་ལགས་དང་གཉིས་པར་སྐལ་རྡོར་ལགས་དང་རྒྱ་རི་སྒྲོལ་མ་ལགས་དབར་འགྲན་རྩོད།

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ཕྱི་ཚེས་ ༣ ཉིན་ལེགས་གྲུབ་དང་བསྟུན། ས་གནས་འོས་བསྡུ་ལས་ཁང་རྣམས་ཀྱིས་སྒེར་སོ་སོའི་གྲངས་བཤེར་ལེགས་གྲུབ་གནང་རྗེས་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་གྲུབ་འབྲས་གསལ་བསྒྲགས་གནང་ཁག་ལ་གཞིགས་ཚེ། སྲིད་སྐྱོང་འོས་གཞིར་བཞེངས་མཁན་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཨང་དང་པོ་དང་། ཨང་གཉིས་པར་ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་རྣམ་གཉིས་དབར་འགྲན་རྩོད་ཆེས་ཆེར་འགྲོ་བཞིན་འདུགད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྔོན་འགྲོའི་འོས་བསྡུའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། བཙན་བྱོལ་བོད་མིའི་གནས་ཡུལ་ཆེ་ཁག་བྱང་ཨ་མི་རི་ཀ་དང་ཡུ་རོབ། རྒྱ་གར་གྱི་བྱང་ཕྱོགས་དྷརྨ་ས་ལ་དང་། ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་། སྦེལ་ཀོབ་བདེ་སླར་དང་ལུགས་བསམ་སོགས་གཙོ་བོར་གྱུར་པའི་བོད་མི་གནས་ཡུལ་ས་གནས་མང་དག་ཅིག་ནས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་རིམ་པས་འཐོན་བཞིན་ཡོད་པ་རེད། བོད་པའི་གསར་ལམ་ཁག་ཅིག་གིས་དེ་འབྲེལ་འོས་བསྡུའི་གྲུབ་འབྲས་ཐོན་རིམ་བཞིན་གྲངས་བཤེར་ཕྱོགས་སྒྲིག་གནང་འགོ་ཚུགས་ཡོད་པར་བརྟེན། བོད་མི་རྣམས་ནས་དེར་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པར་མ་ཟད་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་དོ་བདག་ཁག་ཅིག་གིས་འོས་བསྡུའི་འགྲན་རྩོད་ལས་ཕམ་པར་ངོས་བཞེས་ཀྱིས་རང་ཉིད་ལ་རྒྱབ་སྐྱོར་གནང་མཁན་ལ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུང་མཁན་ཡང་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་གི་སྔོན་འགྲོའི་འོས་གྲངས་རྣམས་འབྱོར་རིམ་བཞིན་ཁ་སྣོན་གནང་སྟེ་སྤེལ་བར་གཞིགས་ན། ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་དེ་རིང་ཉིན་རྒྱབ་བར་འོས་གྲངས་ ༢༢༢༤༤ དང་། དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༡༢༦༦༣ བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་ ༡༢༢༢༥ བཅས་ཁོང་རྣམ་པ་གཉིས་དབར་ཨང་གཉིས་པའི་སླད་འགྲན་རྩོད་ཆེས་ཆེར་འགྲོ་བཞིན་འདུག བོད་ཀྱི་ཉི་མ་འམ་ Tibetsun གསར་ཁང་གིས་ཀྱང་སྔོན་འགྲོའི་འོས་མིར་ཨང་རིམ་རྩེ་སོན་དེ་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཡིན་པ་དང་དེ་རིང་ཉིན་རྒྱབ་བར་ཁོང་ལ་འོས་གྲངས།...

སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས།

ཡོ་རོབ་ཁུལ་གྱི་བོད་མིའི་མི་འབོར་མང་ཤོས་གནས་པའི་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་གཙོས་ཕ་རན་སི་དང། ཧོར་ལན་ཌི། དེ་བཞིན་སཱི་པན་བཅས་རྒྱ་ཁབ་བཞིའི་ནང་གི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གྲངས་གཤབར་གནང་ཟིན་པ་དང་འབྲེལ་ནས་ཁ་སང་ཕྱོགས་བསྡོམས་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་ཅིང། ཐེངས་འདིའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུར་མང་ཚོགས་ཁྲོད་ཡོངས་གྲགས་ཡིན་པའི་འོས་གཞི་ཁག་གི་འོས་གྲངས་ཀྱི་གྲུབ་འབྲས་ལ་གཞིགས་ཚེ་སྲིད་སྐྱོང་འོས་གཞིར་བཞེངས་མཁན་སྤེན་པ་ཚེ་རིང་ལ་འོས་གྲངས། ༡༤༡༩ དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་གྲངས། ༡༢༠༦ རྒྱ་རི་སྒྲོལ་མར་འོས་གྲངས་ ༤༧༦ འབྲོང་ཆུང་དངོས་གྲུབ་ལ་འོས་གྲངས། ༣༦༠ བློ་བཟང་སྙན་གྲགས་ལ་འོས་གྲངས། ༢༨ དེ་བཞིན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལ་འོས་གྲངས།  ༨ བཅས་ཐོབ་འདུགསྤྱིར་ད་རེས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུར་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་རྒྱལ་ཁབ་བཞི་ནས་བོད་མི་ཁྱོན་ ༤༠༤༣ གྱིས་དེབ་སྐྱེལ་གནང་ཡོད་པ་ལྟར་དངོས་སུ་སྔོན་འགྲོ་འོས་བསྡུར་མི་གྲངས་ ༣༥༤༦ ནས་ཆ་ཤས་བཞེས་འདུག གསར་འགོད་པས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྗེས་སྦེལ་ཇམ་ས་གནས་འོས་བསྡུའི་འགན་འཛིན་དང་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་སུ་འོས་བསྡུའི་ལས་དོན་སྤྱི་དང་སྒོས་གྲང་བཤེར་གནང་ཕྱོགས་སོགས་ཀྱི་ཐོག་བཅར་འདྲི་ཞུས་པར་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ས་གནས་སུ་མང་ཚོགས་འདུ་འཛོམས་གནང་བར་དམ་དྲག་ཆེས་ཆེར་གནང་རྐྱེན་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གིས་སྦེལ་ཇམ་ནང་དུ་གཞུང་གི་བཀོད་ཁྱབ་སོགས་དང་མཐུན་པའི་ཐོག་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བསྐྲུན་ཐུབ་པ་དེ་ནི་དམིགས་བསལ་གྱི་མཛད་རྗེས་ཤིག་ལ་ངོས་འཛིན་གནང་སྐོར་གསུངས་ཡོད།

Latest news

- Advertisement -spot_img