Tibetan Royal Year of 2151 | Year of the Wood Dragon

སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

རྒྱ་ནག་ཝུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ལྟོས་མེད་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ཁྱོན་ཡོ་རོབ་རྒྱལ་ཁབ་ ༡༥ ནང་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གཉེར་ཐུབ་པ་བྱུང་ཡོད་ཅིང།  ཁ་སང་ཡོ་རོབ་ཁུལ་གྱི་བོད་མིའི་མི་འབོར་མང་ཤོས་གནས་ཡུལ་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་གཙོས་ཕ་རན་སི། ཧོར་ལན་ཌི། དེ་བཞིན་སི་པན་བཅས་རྒྱ་ཁབ་བཞིའི་ནང་གི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཕྱོགས་བསྡོམས་གྲུབ་འབྲས་གསལ་བསྒྲགས་གནང་སོང་།ཡོ་རོབ་རྒྱལ་ཁབ་བཞིའི་ནང་གི་དངོས་གཞིའི་སྲིད་སྐྱོང་གི་འོས་མིའི་འོས་ཐོབ་ཕྱོགས་བསྡོམས་ཀྱི་གྲུབ་འབྲས་ལ་གཞིགས་ན། སྤྱི་འཐུས་འོས་མི་ཐུབ་བསྟན་དབང་ཆེན་ལགས་སུ་ཧྥ་རན་སི། ༩༣༣ སི་པེན། ༤༠ ཧོ་ལན་ཌི། ༦༩ ཨེན་ཝར་པན། ༣༤༢ སྦར་སིལ་དང་ལུ་ཝན། ༢༥༢ ཨོ་སི་ཊེན། གྷན་ཌི། བུ་རུ་ཇི། ༡༥༣བཅས་ཁྱོམ་བསྡོམས། ༡༧༨༩ ཐོབ་འདུག  དེ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་སུ་ཧྥ་རན་སི། ༧༠༠ སི་པེན། ༡༧ ཧོ་ལན་ཌི། ༢༢༨ ཨེན་ཝར་པན། ༣༠༡ སྦར་སིལ་དང་ལུ་ཝན། ༢༢༩ ཨོ་སི་ཊེན། གྷན་ཌི། བུ་རུ་ཇི། ༡༨༤ བཅས་ཁྱོམ་བསྡོམས། ༡༧༡༩  བཅས་ཡོ་རོབ་རྒྱལ་ཁབ་བཞི་ནས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༧༠ མང་བ་ཐོབ་འདུག

དེ་བཞིན་གོང་གསལ་ཡོ་རོབ་རྒྱལ་ཁབ་བཞི་ཁུལ་ནས་ཐེངས་འདིའི་ཡོ་རོབ་དང་ཨ་ཧྥི་རི་ཀའི་ཁུལ་གྱི་དངོས་གཞིའི་སྤྱི་འཐུས་འོས་མིའི་རྣམ་པའི་ཕྱོགས་བསྡོམས་འོས་ཐོབ་ལ་གཞིགས་ན། སྤྱི་འཐུས་འོས་མི་ཐུབ་བསྟན་དབང་ཆེན་ལགས་སུ་འོས་གྲངས། ༢༢༥༩  ཐུབ་བསྟན་རྒྱ་མཚོ་ལགས་སུ་འོས་གྲངས། ༡༦༠༢ བཀྲིས་བདེ་ལགས་སུ་་་འོས་གྲངས། ༡༣༧༩ དེ་བཞིན་གངས་གཞོན་ཚང་བློ་བཟང་ལགས་སུ་འོས་གྲངས། ༦༩༠ བཅས་ཐོབ་འདུགསྐབས་དེར་སྦེལ་ཇམ་ས་གནས་འོས་བསྡུའི་འགན་འཛིན་དང་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཁྱབ་ཁོངས་རྒྱལ་ཁབ་ཁག་ཏུ་ད་ལན་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་འོག་འོས་བསྡུའི་ལས་རིམ་གཉེར་དགོས་བྱུང་ཡོད་པ་དེ་ལྟར་ཡང། ལས་རིམ་སྤྱི་ཡོངས་ནས་ཚགས་ཚུད་དང་ཞི་འཇམ་བྱུང་ཡོད་པ་གསུངས་སོང་།

སྤྱིར་ཁ་སང་བར་ཡོ་རོབ་ཁུལ་དུ་ཡོད་པའི་ས་གནས་འོས་བསྡུ་ལས་ཁངས་ཁག་གསུམ་ནས་ཐེངས་འདིའི་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཡོངས་རྫོགས་གསལ་བསྒྲགས་གནང་ཟིན་ཡོད་པ་མ་ཟད།  ད་ལན་བོད་མིའི་གནས་སྡོད་ཁྱོན་ཡོ་རོབ་རྒྱལ་ཁབ་ ༡༥ ནང་གཉེར་བའི་ ༢༠༢༡ ལོའི་སྲིད་སྤྱིའི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ཕྱོགས་བསྡོམས་ལ་གཞིགས་པ་ཡིན་ན། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་སུ་ཁྱོན་འོས་གྲངས་ ༣༨༠༩ དང་དེ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་ ༣༧༢༣ བཅས། ད་ལན་ཡོ་རོབ་དངོས་གཞིའི་འོས་བསྡུའི་ནང་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༨༣ མང་བ་ཐོབ་འདུག
གོང་གསལ་ཡོ་རོབ་རྒྱལ་ཁབ་ ༡༥ ནས་ཐེངས་འདིའི་ཡོ་རོབ་དང་ཨ་ཧྥི་རི་ཀའི་ཁུལ་གྱི་དངོས་གཞིའི་སྤྱི་འཐུས་འོས་མིའི་རྣམ་པའི་ཕྱོགས་བསྡོམས་ཀྱི་འོས་ཐོབ་ལ་གཞིགས་ན། སྤྱི་འཐུས་འོས་མི་ཐུབ་བསྟན་དབང་ཆེན་ལགས་སུ་འོས་གྲངས། ༤༧༤༣   ཐུབ་བསྟན་རྒྱ་མཚོ་ལགས་སུ་འོས་གྲངས།  ༢༨༨༤ གངས་གཞོན་ཚང་བློ་བཟང་ལགས་སུ་འོས་གྲངས། ༢༤༢༦ དེ་བཞིན་བཀྲིས་བདེ་ལགས་སུ་འོས་གྲངས། ༢༦༥༦ བཅས་ཐོབ་འདུག

རྩ་བའི་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་ཐེངས་འདིའི་དངོས་གཞིའི་འོས་བསྡུ་ནང་ཡོ་རོབ་རྒྱལ་ཁབ་ཁག་ ༡༥ ནས་མང་ཚོགས་དགུ་སྟོང་མན་ཙམ་གྱིས་འོས་བསྡུའི་དེབ་སྐྱེལ་གནང་འདུག་ཅིང། དངོས་གཞིའི་འོས་བསྡུར་བོད་མི་བདུན་སྟོང་ལྷག་གིས་ཆ་ཤས་བཞེས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།