Tibetan Royal Year of 2151 | Year of the Wood Dragon

བོད་མིའི་གནས་ཡུལ་ཁག་ཅིག་གིས་སྲིད་སྤྱིའི་འོས་ཤོག་གྲངས་བཤེར་གསལ་བསྒྲགས།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

འཛམ་གླིང་ཧྲིལ་པོར་རྒྱ་ནག་ཝུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ལྟོས་མེད་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཟླ་བ་འདིའི་ཚེས་ ༡༠ དང་ ༡༡ དེ་བཞིན་ས་གནས་ཁག་ཅིག་ལ་ཚེས་ ༡༡ བཅས་ས་གནས་ཀྱི་གནས་བབ་ལ་གཞིགས་ཏེ་ཕྱི་ལོ་ ༢༠༢༡ ལོའི་བཀའ་ཤག་སྐབས་ ༡༦ པའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་ཡོད་པ་རེད།ད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་མཐའ་མའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། བཙན་བྱོལ་བོད་མིའི་གནས་ཡུལ་ཆེ་ཁག་ ཨོ་སི་ཀྲི་ལི་ཨེ་ཤ་ཡ་དང་ཨ་རི། རྒྱ་གར། ཨོ་སི་ཊོ་ལི་ཡ། ཉི་འོང་སོགས་གཙོ་བོར་གྱུར་པའི་བོད་མི་གནས་ཡུལ་ས་གནས་མི་ཉུང་བ་ཞིག་གིས་དབུས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་འཕངས་ཟིན་རྗེས་ཚོུད་ ༢༤ རྗེས་སམ་ཟླ་བ་འདིའི་ཚེས་ ༡༣ ནས་ ༡༩ བར་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས་ཇི་སོན་གསལ་བསྒྲགས་གནང་དགོས་པའི་བཀོས་ཁྱབ་ཕེབས་དོན་ལྟར་ཁ་སང་ཚེས་ ༡༢ དང་དེ་རིང་ཚེས་ ༡༣ བཅས་རིམ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་རིམ་ཐོན་གནང་མུས་རེད་འདུགདེ་རིང་ཉིན་རྒྱབ་བར་ས་གནས་འོས་བསྡུའི་འགན་འཛིན་སོ་སོས་གཞུང་འབྲེལ་ཐོག་ནས་འོས་བསྡུའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་གནང་བའི་ཁོངས་ནས་ཨོ་སི་ཊོ་ལི་ཡ་ཁུལ་ནས་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༩༡༩ དང་དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༦༡༤བཅས་དང་། དེ་བཞིན་སྤྱི་འཐུས་སུ་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ལ་འོས་གྲངས་ ༦༨༩ ཐོབ་ཏེ་སྤྱི་འཐུས་སུ་བཞེངས་མི་གསུམ་ལས་འོས་གྲངས་མང་ཤོས་ཐོབ་འདུགདེ་བཞིན་ཉི་འོང་ནས་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༢༢ དང་དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༡༩ དང་། ཐེ་ཝན་ནས་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༢༩ དང་དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༥༥ བཅས་དང་། གཞན་ཡང་རྒྱ་གར་ཨུཏྟར་པྲ་དེ་ཤ་མངའ་སྡེའི་ཝཱ་རཱ་ཎ་སཱི་ནས་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༩༧ དང་དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༦༡ བཅས་ཐོབ་འདུག་པ་དང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་པའིམཚོ་པདྨ་ནས་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༡༠༤ དང་དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༡༨༤ བཅས་ཐོབ་འདུག ད་ལྟའི་ཆར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་ཐོབ་གྲངས་བཤེར་ཁག་ཅིག་ཁྱབ་སྤེལ་གནང་བཞིན་འདུག་པ་དེ་ལྟར་ནའང་། ཇི་ཙམ་ཁུངས་ལྡན་ཡིན་མིན་ཤེས་ཐབས་དཀའ་བར་བརྟེན་རྗེས་སུ་ངེས་འཕེལ་ཤེས་རྟོགས་བྱུང་མཚམས་སུ་ཁ་སྣོན་ཞུ་རྒྱུ་ཡིན།

གཞི་རྩའི་བཙན་བྱོལ་བོད་མའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་དོན་ལྟར་ན། འོས་བསྡུའི་རྗེས་འོས་སྒམ་ལ་རྟགས་ཐེལ་རྒྱག་པའི་སྐབས་ས་གནས་འོས་བསྡུ་ལས་ཁང་དུ་འགན་འཛིན་དང༌འགན་འཛིན་ལས་རོགས། ཟུར་དཔང་གི་གསུམ་ཆ་གཉིས་ངེས་པར་དུ་འཛོམས་དགོས་པ་དང་། བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུ་ཡོངས་སུ་གྲུབ་ཟིན་པའི་རྗེས་ཀྱི་ཕྱག་ཚོད་ཉི་ཤུ་རྩ་བཞིའི་རྗེས། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༤ ཚེས་ ༡༣ ནས་ཕྱི་ཚེས་ ༡༩ བར་ཉིན་གྲངས་ ༧ རིང་འོས་ཤོག་གྲངས་བཤེར་གནང་རྒྱུའི་དུས་ཚོད་བཞག་ཡོད་པ་རེད། ས་གནས་ནས་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་། འོས་ཤོག་གྲངས་བཤེར་མཐའ་མའི་གྲུབ་འབྲས་བཅས་དབུས་འོས་བསྡུ་ལས་ཁང་དུ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༠ ནས་ཟླ་ ༥ ཚེས་ ༥ བཅས་དུས་བཀག་ནང་ཚུན་འབུལ་འབྱོར་ཟིན་དགོས་པ་དང་། དབུས་འོས་བསྡུ་ལས་ཁང་གིས་དེ་རྗེས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ ཚེས་ ༡༤  ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་གསར་འགོད་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།དེའི་བར་ན་ཁ་ཉིན་ཚེས་ ༡༡ ཉིན་བཙོན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་དྲ་ལམ་ཁག་ཏུ་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་ནང་གི་རང་ཝང་ལར་བགྲེས་སོང་རྣམས་ལ་འོས་འཕང་དུ་བཅུག་མེད་ཚུལ་ཞིག་ཐོན་བཞིན་འདུག

གསར་འགོད་པས་རང་ཝང་ལ་ཁུལ་གྱི་ས་གནས་གཞིས་མགོ་རྡོ་རྗེ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་ནས་དེ་འབྲེལ་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་སྤྱི་ཚོགས་དྲ་ལམ་དུ་སྒྲ་སྒམ་བཟོ་མཁན་དེ་དག་གཞི་མེད་ཀྱི་ཉེས་འཛུགས་དང་བསྙལ་འདོགས་ཡིན་པར་གསལ་བཤད་དང་སྦྲགས། བསྙལ་འདོགས་ཀྱི་གནས་ཚུལ་དེའི་ཡོངས་ཁུངས་དངོས་ནི་འོས་བསྡུའི་སྒྲིག་གཞིའི་ནང་དབང་བོ་སྐྱོན་ཅན་ནང་གི་མིག་མེད་མཁན་དང་ལག་པ་མེད་མཁན་ཡིན་ན་མ་གཏོགས་གཞན་གྱིས་རོགས་པ་གནང་མི་ཆོག་པར་དབུས་ནས་འགྲེལ་བརྗོད་གནང་ཡོད་སྟབས། བགྲེས་སོང་ཁག་ཅིག་པར་རིས་ནས་མི་ངོ་མི་ཤེས་སྟབས་རོགས་པ་ཁྲིད་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བར་བརྟེན་ནས་ཡོང་བ་ཞིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག ད་ལྟའི་ཆར་སྒྲ་སྒམ་བཟོ་མཁན་གྱི་མི་གཉིས་ལ་རྩད་ཞིབ་བྱེད་བཞིན་པ་ཡིན་པ་དང་དངོས་ར་འཕྲོད་ཚེ་གཞིས་མགོ་ལས་ཁུལངས་སུ་འབོད་འགུག་གིས་གནས་ཚུལ་དེ་གསལ་པོ་བཟོ་རྒྱུར་གྲ་སྒྲིག་ཡོད་པར་གསུངས་ཡོད།

རང་ཝང་ལའི་འོས་བསྡུའི་ཁུལ་དུ་ས་གནས་འོས་བསྡུ་ཚོགས་མི་ལྔ་དང་དཔང་པོ་ལྔ། གཞོན་ནུ་དང་བུད་མེད། དེ་བཞིན་དྭང་ཞབས་གསུམ་གྱི་འཐུས་ཚབ་མི་སྣ་གསུམ་གྱིས་རིམས་ནད་སྔོན་འགོག་གི་དུག་སེལ་དང་མི་མང་རུ་སྒྲིག་སྟངས་ལ་རོགས་གནང་བ་བརྒྱུད་ནས་ཁྱོན་འོས་ཤོག་འཕེན་མཁན་ ༣༧༨ བྱུང་ཡོད་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།