Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནང་དུ་རང་དབང་ཅན་གྱི་གསར་འགོད་པ་ཞིག་བཅར་རྡུང་བཏང་ནས་བསད་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་རྒྱལ་ཡོངས་བདེ་འཇགས་མི་སྣ་ཁག་ཅིག་ Nanjing ནན་ཅིང་གྲོང་ཁྱེར་ནང་གནས་སྡོད་རང་དབང་ཅན་གྱི་གསར་འགོད་པ་སྐུ་ཞབས་ Sun Lin སུན་ལིན་ལགས་ཀྱི་ནང་དུ་བཙན་འཛུལ་གྱིས་རྡུག་རྡེག་བཏང་རྐྱེན་སྨད་སྐྱོན་ཕོགས་ཏེ། ཁུལ་དེའི་ Jiangsu ཅང་སུའུ་སྨན་ཁང་དུ་འབྱོར་ནས་ཆུ་ཚོད་ ༣ རྗེས་སུ་ཁོང་འདས་གྲོངས་གྱུར་ཡོད་སྟབས། Reporters Without Borders (RSF) ཞེས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་། International Federation of Journalists (IFJ) ཞེས་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་བཅས་ཀྱིས་སྐྱོན་བརྗོད་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གིས་གསར་འགོད་རང་དབང་དང་གནས་ཚུལ་མཁོ་སྤྲོད་ཀྱི་ཐོབ་ཐང་རྡོག་རོལ་ཀྱི་ལས་དོན་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་སྐུལ་མ་གནང་འདུག

དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རང་དབང་ཅན་གྱི་གསར་འགོད་པ་ Sun Lin སུན་ལིན་གྱི་ཉེ་འབྲེལ་ནས་དམ་པ་ཁོང་གི་གྲོགས་པོ་ཨོསྟྲེ་ལི་ཡཱར་གནས་བཞུགས་ Sun Liyong སུན་ལི་ཡོང་ལགས་སུ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་མཁོ་སྤྲོད་གནང་འདུག་པ་དང་འབྲེལ། འཕྲལ་མར་ Sun Liyong སུན་ལི་ཡོང་ལགས་ཀྱི་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་བརྒྱུད་སྤེལ་གནང་བའི་ནང་། ཚེས་ ༡༧ ཉིན་ Nanjing Xuanwu ནན་ཅིང་ཤཝྣ་ཝུ་ཡན་ལག་ཀྱི་རྒྱལ་ཡོངས་བདེ་འཇགས་མི་སྣ་ཚོ་ཁག་ཅིག་སུན་ལིན་གྱི་ཁྱིམ་དུ་བཙན་འཛུལ་གྱིས་ཁོང་ལ་རྡུག་རྡེག་བཏང་ཡོད་པ་དང་། དེ་རྗེས་ཉིན་རྒྱབ་ཕྱག་ཚོད་ ༢།༤༤ ཐོག་ཁོང་ཁུལ་དེར་རྟེན་གཞི་བྱས་པའི་ Jiangsu ཅང་སུའུ་གནའ་དེང་སྨན་ཁང་དུ་ཁྲིད་ཀྱང་ཕྱི་དྲོ་ཆུ་ཚོད་ ༥།༤༥ ཐོག་སྨན་ཁང་གིས་ཁོང་འདས་གྲོངས་སུ་ཕྱིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

དོན་རྐྱེན་དེ་བྱུང་བའི་རྗེས་རྒྱ་ནག་གི་ཉེན་རྟོག་པས་དམ་པ་ཁོང་གི་ནང་མི་རྣམས་སྨན་ཁང་དུ་འབོད་འགུགས་བྱས་འདུག་པ་དང་། སྐབས་དེར་དམ་པ་ཁོང་གི་ནང་མིས་ཕུང་པོ་ལྟ་བཅུག་རོགས་ཞེས་འབོད་སྐུལ་ཞུས་ཀྱང་ཉེན་རྟོག་པས་དེ་འབྲེལ་ཁས་ལེན་བྱས་མེད་པ་མ་ཟད། སྨན་པས་དམ་པ་ཁོང་སྨན་ཁང་དུ་འཇུག་སྐབས་གོས་ལོག་ཙབ་རལ་དུ་ཕྱིན་ཡོད་པར་བརྗོད་འདུག་ཅིང་། ཉེན་རྟོག་པས་ནང་མིར་གནས་ཚུལ་དེའི་སྐོར་གཞན་ལ་བཤད་རྒྱུ་མེད་པ་དང་མི་མང་འདུ་འཛོམས་ཐོག་མྱ་ངན་བྱེད་རྒྱུ་མེད་པའི་ཉེན་བརྡའང་བཏང་འདུག

ཨ་རིར་རྟེན་གཞི་བྱས་པའི་ Sun Lin སུན་ལིན་གྱི་གྲོགས་པོ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ Li Qing ལི་ཆིང་ལགས་ཀྱིས་གསུངས་དོན་ལྟར་ན། ཁོང་འདས་གྲོངས་སུ་མ་ཕྱིན་པའི་སྔ་རོལ་དུ་ཁ་སྔོན་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་ཞི་ཅིན་ཕིང་ཨ་རི་ San Francisco ནང་དུ་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཚོགས་ཆེན་ཐོག་སླེབས་སྐབས་ངོ་རྒོལ་གྱི་ལས་འགུལ་སོགས་ཀྱི་བརྙན་ཁག་ཁོང་གིས་སྤྱི་ཚོགས་དྲ་ལམ་ X ཐོག་བརྒྱུད་སྐུལ་བྱེད་ཡོད་པ་དང་། དེའི་རྗེས་ཕྱི་ཚེས་ ༡༨ ཉིན་ Sun Lin སུན་ལིན་གྱི་ X སྤྱི་ཚོགས་དྲ་ལམ་དེ་ཉིད་མེད་པར་གྱུར་སྟབས། འབྲེལ་བ་བྱ་ཐབས་བྱས་ཀྱང་ཡ་ལན་གང་ཡང་མ་བྱུང་བར་མཐར་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་སོང་ཞེས་འགྲེལ་བརྗོད་གནང་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་འགན་འཛིན་ Cédric Alviani སེ་ཌིག་ཨལ་ཝི་ཡ་ནི་ལགས་ཀྱིས། དེ་ལྟ་བུའི་འཇིགས་སུ་རུང་བའི་མི་གསོད་ཁྲག་སྦྱོར་གྱི་གནད་དོན་དེ་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་རང་དབང་ཅན་གྱི་བརྒྱུད་ལམ་ཁག་དང་། གསར་འགོད་པར་དགྲ་བོར་ངོས་འཛིན་བྱས་པའི་འབྲས་བུ་ཞིག་ཡིན་པ་དང་། རྒྱ་གཞུང་གིས་ཐབས་བྱུས་ལྡན་པའི་ཐོག་ནས་ཉེས་མེད་ཉེས་པ་གཏོང་གི་ཡོད་པ་ཐེར་འདོན་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་གསར་འགོད་པའི་རང་དབང་དང་གནས་ཚུལ་མཁོ་སྒྲུབ་ཀྱི་ཐོབ་ཐང་རྡོག་རོལ་དེ་མཚམས་འཇོགས་ཡོང་བའི་གནོན་ཤུགས་སྤྲོད་དགོས་གལ་ཡིན་པའི་སྐུལ་མ་གནང་འདུག

མ་ཟད་ International Federation of Journalists (IFJ) ཞེས་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་གཞུང་གིས་ད་རེ་ Sun Lin སུན་ལིན་དེ་ལྟ་བུའི་འདས་གྲོངས་སུ་གྱུར་བའི་གནས་སྟངས་ལ་ཕྱི་གསལ་ནང་གསལ་གྱི་རྟོག་ཞིབ་མཐིལ་ཕྱིན་པར་གནང་སྟེ། འགན་འཁྲིད་ཡོད་པའི་ནག་ཅན་རྣམས་ལ་དྲི་རྩད་དགོས་པའི་དགོས་འདུན་བཏོན་འདུག

རྩ་བའི་དམ་པ་ Sun Lin སུན་ལིན་ལགས་ལོ་ངོ་ ༢༥ ལྷག་རིང་རྒྱ་ནག་ནང་གི་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བཙན་ཤེད་ཀྱི་གནས་ཚུལ་དང་། གནམ་བདེ་སྒོ་ཆེར་མང་གཙོ་དོན་གཉེར་ཅན་རྣམས་སྡེབས་གསོད་ཀྱི་གནད་དོན་དང་འབྲེལ་སྙན་ཞུ་འབུལ་མཁན་བཅས་ལ་རྒྱབ་སྐྱོར་བྱས་རྐྱེན་ཁོང་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཞིག་ལ་ཁྲིམས་བཤེར་བྱ་ཡུལ་ཁྲིམས་ཁང་གི་ཕྱི་ནས་པར་རྒྱག་པ་དང་། སྲིད་དབང་མགོ་རྟིང་སློག་པར་སྐུལ་སློང་བྱས་པའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་བྱས་ཡོད་པ་རེད།

Photograph: Reporters Without Borders (RSF)

ཞི་ཅིན་ཕིང་རྒྱ་ནག་གི་སྲིད་དབང་བཟུང་བ་ནས་བཟུང་ཡུལ་དེའི་ནང་དུ་གསར་འགོད་པར་དམ་བསྒྲགས་ཤུགས་ཆེར་བྱས་དང་བྱེད་བཞིན་ཡོད་པར་མངོན་གསལ་དང་འབྲེལ། ཕྱི་ལོ་ ༢༠༡༧ ལོར་ནོ་ཝེལ་ཞི་བདེའི་གཟེངས་རྟགས་དང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་རང་དབང་གི་གཟེངས་རྟགས་བཞེས་མཁན་ Liu Xiaobo ལུཝི་ཞའོ་བོ་དང་ཆབ་སྲིད་དཔྱད་བརྗོད་པ་ Yang Tongyan ཡཱང་དུང་ཡཱན་གཉིས་དོ་དམ་བྱ་ཡུལ་དུ་སྨན་བཅོས་མཐུན་རྐྱེན་མེད་པར་འབྲས་ནད་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་ Hunan ཧུ་ནན་ཞིང་ཆེན་ནང་དུ་གསར་འགོད་པ་ Dai Shizong ཏཱཡེ་ཧྲི་ཙུང་ལགས་དོགས་གཞི་ཅན་གྱི་གནས་སྟངས་འོག་བསད་ཡོད་ཅིང་། ལྷག་པར་དུ་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གིས་དབྱེས་བའི་བོད་རང་སྐྱོང་ལྗོངས་ནང་གི་གནས་ཚུལ་མཁོ་སྤྲོད་གནང་མཁན་གསར་འགོད་པ་དཀོན་མཆོག་སྦྱིན་པ་ལགས་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་སུ་གྱུར་ཡོད་པ་རེད།

Photograph: Reporters Without Borders (RSF)

རྒྱ་གཞུང་གིས་གསར་འགོད་པའི་རང་དབང་རྡོག་རོལ་དང་གནས་ཚུལ་མཁོ་སྤྲོད་ལ་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་འདི་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྤེལ་བའི་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་གསར་འགོད་རང་དབང་གི་རེའུ་མིག་ ༡༨༠ ཡོད་པའི་ནང་ནས་ ༡༧༩ པར་ཆེས་སྡུག་ཤོས་དེ་ཡིན་པ་མངོན་གསལ་དང་འབྲེལ། ད་ལྟའི་ཆར་གསར་འགོད་པ་དང་གསར་འགོད་རང་དབང་སྲུང་སྐྱོབ་གནང་མཁན་མི་གྲངས་ ༡༢༣ ལྷག་འཛིན་བཟུང་བཀག་ཉར་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཐེར་འདོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།