Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་བྱིས་པ་ཚོར་དབུགས་འབྱིན་རྔུབ་ཀྱི་ངལ་འཕྲད་དང་གློ་ཚད་ཀྱི་གཉན་རིམས་ཇི་ལྟར་ཕོག་ཚུལ་གསལ་བཟོ་དགོས་པའི་གཞེན་སྐུལ་གནང་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་རྒྱ་ནག་རྒྱལ་ནང་གི་བྱིས་པ་ཚོར་དབུགས་འབྱིན་རྔུབ་ཀྱི་ངལ་འཕྲད་དང་གློ་ཚད་ཀྱི་རིམས་ནད་ཕོག་པའི་གནད་དོན་སྐོར་ལ་ཞིབ་རྒྱས་སུ་གསལ་བཟོ་བྱེད་དགོས་པའི་སྐུལ་ལྕག་ནན་པོ་གནང་འདུག

དེའང་། ཕྱི་ཟླ་ ༡༡ ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བརྒྱུད་རྒྱ་ནག་རྒྱལ་ནང་དུ་ཉིན་རེ་ལས་མ་འདས་པར་དབུགས་བསགས་སམ་དབུགས་འབྱིན་རྔུབ་ཀྱི་ངལ་འཕྲད་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་ཡོད་པར་ཡོངས་གྲགས་བྱས་འདུག་པ་དང་། རྒྱ་ནག་གི་གཞུང་འབྲེལ་འབྲེལ་ཡོད་ལས་བྱེད་ཚོས་དབུགས་འབྱིན་རྔུབ་ཀྱི་ངལ་འཕྲད་དང་གློ་ཚད་ཀྱི་རིམས་ནད་ཤུགས་ཆེར་འཕེལ་བའི་རྒྱུ་མཚན་གཙོ་བོ་ནི་ཏོག་དབྱིབས་གཉན་རིམས་ ༡༩ ཐེམ་སྤང་བཀའ་རྒྱ་ཕྱིར་འཐེན་དང་འབྲེལ་ནས་ཚད་རིམས་དང་གློ་ཚད་ཕྲ་སྲིན།  དེ་བཞིན་ Sars རིམས་ནད་སོགས་ཁྱབ་གདལ་སོང་བའི་དབང་གིས་ཡིན་པར་འགྲེལ་བརྗོད་བྱས་འདུག

དེ་མཚུངས་སུ་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་དང་མང་ཚོགས་ཀྱི་རིམས་ནད་འགོག་སྲུང་ཁང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གཙོས་པའི་བྱང་ཕྱོགས་ས་གནས་འགའི་ནང་གཉན་རིམས་ཁྱབ་གདལ་འགྲོ་བཞིན་ཡོད་པར་མངོན་གསལ་བྱས་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཁྱབ་གདལ་དུ་འགྲོ་བའི་རིམས་ནད་དེ་ཉིད་གློ་ཚད་དང་ངོ་བོ་གཅིག་པ་ཡིན་མིན་ལ་བརྟག་པ་ལས་གསལ་ཁ་གང་ཡང་བྱུང་མེད་སྐོར་གསུངས་འདུག

གཞན་ཡང་། ཕྱི་ཚེས་ ༢༢ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སླར་ཡང་རེ་སྐུལ་འཕར་མ་ཞིག་གནང་བའི་ནང་། ནད་ཡམས་དཔྱད་རིག་པ་དང་སྨན་ཁང་གི་གནས་ཚུལ། དེ་བཞིན་བརྟག་དཔྱད་ཁང་གི་གྲུབ་འབྲས་ཇི་སོན་སོགས་རྒྱལ་སྤྱིའི་འཕྲོད་བསྟེན་སྨན་ཁང་གི་སྒྲིག་སྲོལ་བཞིན་མཁོ་སྤྲོད་ཞུ་དགོས་པའི་ནན་བསྐུལ་གནང་འདུག

རྩ་བའི་འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་དཀྱིལ་ཙམ་ནས་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་དུ་ཉིན་རེ་མ་འདས་པར་གཉན་རིམས་ཁྱབ་གདལ་སོང་བའི་གནས་ཚུལ་དེ་ནི་འདས་ལོ་གསུམ་གྱི་གོང་དུ་བྱུང་བ་ལས་ཁྱབ་ཆེ་བ་ཆགས་འདུག་པ་དང་། རྒྱ་ནག་གི་ངོས་ནས་ཚད་རིམས་དང་། Sars རིམས་ནད། ཏོག་དབྱིབས་གཉན་རིམས་ ༡༩ སོགས་ཁྱབ་གདལ་ནམ་བྱུང་ལ་གོ་ལའི་ཚད་རིམས་ འགོག་སྲུང་ཁང་གཙོས་འབྲེལ་ཡོད་ལས་ཁུངས་ལ་མཐོ་གཞུང་འགོད་འབུལ་ཞུ་ཡི་ཡོད་སྐོར་བཀོད་འདུག

དེ་འབྲེལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐེངས་འདིའི་རྒྱ་ནག་རྒྱལ་ནང་དུ་ཁྱབ་གདལ་འགྲོ་བཞིན་པའི་གཉན་རིམས་དེ་དང་འབྲེལ་བའི་གནས་ཚུལ་འཕར་མ་རག་ཐབས་བྱེད་བཞིན་ཡོད་པའི་ཁྲོད། རྒྱ་ནག་གི་མི་སེར་རྣམས་ལ་དབུགས་འབྱིན་རྔུབ་ཀྱི་རིམས་ནད་ཁྱབ་གདལ་གྱི་ཉེན་འཚབ་ཆུང་དུ་འགྲོ་བའི་ཐབས་ལམ་ཁག་ལ་བརྩི་སྲུང་ཞུ་དགོས་ཞེས་དང་། དཔེར་ན། སྔོན་ཁབ་རྒྱག་རྒྱུ་དང་སྤྱི་ཚོགས་རྒྱང་བཀྱེད། ཐེམ་སྤང་བཀའ་རྒྱ། ནད་རྟགས་བརྟག་པ། ཕྱག་བསིལ་རྒྱུ། དེ་བཞིན་ཁ་རས་གོན་པ་སོགས་གཉན་རིམས་ཁྱབ་གདལ་འགོག་ཐབས་དང་འབྲེལ་བའི་ཉེར་མཁོའི་གནང་སྒོ་ཁག་འཐུས་ཚང་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད། པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།