འཛམ་གླིང་ནང་སེམས་འགུལ་ཤུགས་ཆེར་གཏོང་མཁན་གྱི་བུད་མེད་ ༡༠༠ ནང་བོད་ཀྱི་བུད་མེད་ཅིག་དང་བཙུན་མ་ཞིག་བདམས་ཐོན།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

རྒྱལ་སྤྱིའི་གསར་ཁང་གྲགས་ཅན་བི་བི་སིས་ལོ་ལྟར་འཛམ་གླིང་ནང་སྤྱི་ཚོགས་བདེ་དོན་དང་ཁོར་ཡུག བུད་མེད་གཞན་ལ་སེམས་འགུལ་ཤུགས་ཆེར་གཏོང་ཐུབ་མཁན་གྱི་བུད་མེད་ ༡༠༠ བདམས་ཏེ་བུད་མེད་དེ་དག་ལ་བཅར་འདྲི་དང་མི་ཚེའི་དེ་བྱུང་གློག་བརྙན་སོགས་བཟོས་ནས་བརྒྱུད་སྤེལ་གནང་གི་ཡོད་པ་བཞིན་འདི་ལོའི་འཛམ་གླིང་ནང་མང་ཚོགས་ལ་སེམས་འགུལ་ཤུགས་ཆེ་ཤོས་གཏོང་མཁན་གྱི་བེུད་བརྒྱ་ཐམ་པའི་མཚན་གཞུང་འདོན་སྤེལ་གནང་བའི་ནང་བོད་མཚོ་སྔོན་ཁུལ་གྱི་བོད་པའི་བུད་མེད་དཔལ་དབྱངས་ Bayang ལགས་དང་རྒྱ་གར་དུ་གནས་བཞུགས་ཕྱི་རྒྱལ་བ་བོད་བརྒྱུད་ནང་བསྟན་གྱི་བཙུན་མ་ཐོག་མའི་གྲས་དང་ཧི་མཱ་ཅལ་མངའ་སྡེར་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་ཕྱག་བཏབ་མཁན་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་ལགས་རྣམ་གཉིས་ཀྱི་མཚན་མངོན་གསལ་གནང་འདུག

ཁ་ཉེན་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ BBC གསར་ཁང་གི་དྲ་གནས་ཐོག་ཕྱི་ལོ་ ༢༠༢༣ ལོའི་སེམས་འགུལ་ཤུགས་ཆེར་གཏོང་ཐུབ་མཁན་གྱི་བུད་མེད་ ༡༠༠ ཡི་མཚན་དང་ལོ་རྒྱུས་བཅས་སྙིང་བསྡུས་སུ་བཀོད་པའི་ནང་། ཨ་རིའི་སྲིད་འཛིན་ཟུར་པའི་སྐུ་ཟླ་ Michelle Obama ལགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གྲགས་ཅན་ Amal Clooney ལགས། དེ་བཞིན་ Hollywood གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ America Ferrera ལགས། དེ་བཞིན་རྒྱལ་སྤྱིའི་ Huda མཛེས་བཟོའི་མཁོ་ཆས་ཚོང་འགྲེམ་པ་གྲགས་ཅན་ Huda Kattan ལགས་བཅས་ཆེས་སྙན་གྲགས་ཅན་གྱི་བུད་མེད་ཁོངས་སུ་བོད་ནང་གི་བོད་རིགས་བེུད་དཔལ་དབྱངས་ལགས་དང་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་ལགས་གཉིས་ཀྱི་མཚན་ཡང་མངོན་གསལ་གནང་འདུག

དཔལ་དབྱངས་ལགས་ནི་བོད་མཚོ་སྔོན་ཞིང་ཆེན་ནས་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་སྟེ་ས་གནས་ཀྱི་སྐྱེ་དངོས་རིགས་རྣམས་ལ་ཉམས་ཞིབ་གནང་བའི་ཁྲོད། Sanjiangyuan Women Environmentalists Network ཞེས་པའི་གཙང་གསུམ་ཆུ་འགོ་ཞེས་པའི་བེུད་ཁོར་ཡུག་སྲུང་སྐྱོབ་པའི་དྲ་བའི་ཆ་ཤས་ཐོག་ནས་ས་གནས་ཀྱི་ཆུའི་ཐོན་ཁུངས་དང་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་གནང་སྟེ་ཁོར་ཡུག་སྲུང་སྐྱོབ་ལ་སྨན་པའི་ཕྱག་ལས་མང་དག་ཅིག་གནང་བ་མ་ཟད། ཁོར་ཡུག་ལ་དོ་ཕོག་མི་འགྲོ་བའི་འདག་རྫས་དང་ཁུག་མ། མཆུ་སྣུམ་སོགས་སོགས་བཟོ་བསྐྲུན་གནང་གི་འདུག

རྗེ་བཙུན་མ་བསྟན་འཛིན་དཔལ་མོ་ལགས་ནི་ཨིན་ཡུལ་ནས་ཡིན་ཞིང་། དགུང་ལོ་ ༢༠ ཐོག་རྒྱ་གར་དུ་ཕེབས་པ་དང་ཁོང་ནི་ནུབ་ཕྱོགས་པའི་བུད་མེད་ཁྲོད་ནས་ནང་པའི་བཙུན་མར་ཞུགས་མཁན་ཐོག་མའི་གྲས་ཤིག་ཆགས་ཡོད་པ་རེད།

ཁོང་གིས་བོད་པའི་བཙུན་མ་རྣམས་ཀྱི་གནས་སྟངས་ཡར་རྒྱས་སླད་ཧི་མཱ་ཅལ་མངའ་སྡེར་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་ཕྱག་བཏབ་པ་དང་བཙུན་དགོན་དེར་བཙུན་མ་ ༡༢༠ ལྷག་ཡོད་པ་རེད། ཁོང་གིས་དེ་སྔ་ལོ་ངོ་ ༡༢ རིང་ཧི་མཱ་ལ་ཡའི་རི་ཁྲོད་དུ་སྒོམ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཞིང་། ཕྱི་ལོ་ ༢༠༠༨ ལོར་ཁོང་ལ་རྗེ་བཙུན་མ་ཞེས་པའི་མཚན་གནས་ཐོབ་ཡོད།

BBC གསར་ཁང་གིས་ལོ་ལྟར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གསར་གནས་གཙོ་ཆེར་གྱུར་བ་དང་། འཛམ་གླིང་ནང་གི་ཁོར་ཡུག་སྲུང་སྐྱོབ་བ། སྤྱི་ཚོགས་ཞབས་ཞུ་བ། འཛུགས་སྐྲུན་ཡར་རྒྱས་པ། དེ་བཞིན་སྒྱུ་རྩལ་བ་སོགས་ཀྱི་བྱ་གཞག་ཆེན་པོ་སྒྲུབ་མཁན་ཁྲོད་བུད་མེད་གཞན་ལ་སེམས་འགུལ་ཤུགས་ཆེར་གཏོང་ཐུབ་མཁན་གྱི་བུད་མེད་ ༡༠༠ མཚན་གཞུང་འདོན་སྤེལ་གནང་སྟེ། ལོ་འཁོར་མོའི་རིང་བེུད་དེ་དག་ལ་བཅར་འདྲི་ཞུས་ཏེ་བི་བི་སིའི་དྲ་རྒྱ་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་འདོན་སྤེལ་གནང་གི་ཡོད་པ་རེད།

ལྷག་པར་དུ་ཕྱི་ལོ་ ༢༠༢༣ ལོའི་སེམས་འགུལ་ཤུགས་ཆེར་གཏོང་ཐུབ་བུད་མེད་ ༡༠༠ མཚན་དང་ལོ་རྒྱུས་བཅས་སྙིང་བསྡུས་སུ་བཀོད་པའི་ནང་བུད་མེད་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་སྣེ་ཁྲིད་པ་ ༢༨ མཚན་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

Sunday 08/11/2026

Saturday 07/11/2026

Friday 06/11/2026

གསར་གནས།