Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ནང་རྒྱ་ནག་འདི་ཉིད་འགན་འཁུར་ཡོད་པ་བཟོ་དགོས་པའི་ཐད་ཟུར་ཚོགས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ནས་ཟླ་ ༤ ཚེས་ ༣ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༢ འཚོགས་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༡༣ ཉིན་ Society for Threatened Peoples འམ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གཞུང་འབྲེལ་མིན་པའི་ཚོགས་པའི་གོ་སྒྲིག་འོག་སུད་སི་བོད་ཀྱི་དོན་ཁང་དང་། འཛམ་གླིང་ཡུ་གུར་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཁག་བཞི་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གིས་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་འདི་ཉིད་འགན་འཁུར་ཡོད་པ་ཞིག་བཟོ་དགོས་ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་ཚོགས་ཡོད་པ་རེད་འདུག

ཟུར་ཚོགས་དེའི་ནང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། འཛམ་གླིང་ཡུ་གུར་ཚོགས་པའི་སྐུ་ཚབ་ Zumretay Arkin ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་སྐུ་ཞབས་ Kai Muller ལགས། རྒྱ་ནག་གི་བཀག་སྐྱིལ་ཁང་ནང་མྱངས་མྱོང་ཡོད་པའི་ཡུ་གུར་བ་ལྕམ་ Gulbahar Haitiwaji ལགས། དེ་བཞིན་གཞུང་འབྲེལ་མི་སྣ་དང་། རྒྱལ་ཚོགས་ཀྱི་ལས་བྱེད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༥ ལྷག་ལྷན་ཞུགས་གནང་ཡོད་པ་རེད་འདུག

རྩ་བའི་ཟུར་ཚོགས་དེའི་ནང་ད་ལྟའི་ཆར་རྒྱ་གཞུང་འོག་བོད་གཙོས་པའི་ཡུ་གུར་བ་སོགས་ཀྱི་གནས་སྟངས་ཇི་སྡུག་དང་ཛ་དྲག་ཏུ་འགྲོ་བཞིན་ཡོད་པའི་སྐོར་དང་། ཉེ་ལམ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་ཐོག་བསྐྱར་ཞིབ་ཚོགས་རྗེས་དེ་འབྲེལ་ལམ་སྟོན་དང་གཟིགས་ཕྱོགས་ཁག་གསལ་བཏོན་གནང་ཡོད་པའི་ཐོག་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་རེད་འདུག

སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་སྐུ་ཞབས་ Kai Mullar ལགས་རྣམ་གཉིས་ཀྱིས། བོད་ནང་རྒྱ་གཞུང་གིས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྩ་གཏོར་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་རྣམས་ཐེར་འདོན་དང་འབྲེལ། རྒྱ་མཚན་དེ་ལྟར་ལ་བརྟེན་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་དཔལ་ཡོན་དེ་དག་ཆགས་འཇིག་གི་གནས་སུ་ལྷུང་ཡོད་པ་མངོན་གསལ་གནང་ཏེ་རྒྱ་ནག་འདི་ཉིད་འགན་ལེན་ཡོད་པ་ཞིག་བཟོ་དགོས་སྐོར་གསུངས་འདུག

ལྷག་པར་དུ་རྒྱ་གཞུང་ནས་ཉེ་ལམ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་ཐོག་བསྐྱར་ཞིབ་ཚོགས་རྗེས་དེ་འབྲེལ་ལམ་སྟོན་དང་གཟིགས་ཕྱོགས་ཁག་གསལ་བཏོན་གནང་བ་རྣམས་ངེས་པར་དུ་ལག་བསྟར་གནང་དགོས་གལ་ཡིན་པ་དང་འབྲེལ། རྒྱལ་ཚོགས་ཀྱི་ཆེད་ལས་པ་རྣམས་ནས་རྒྱ་གཞུང་གི་གནད་དོན་དེའི་ཐད་ལག་བསྟར་བྱེད་མིན་ལ་ཞིབ་འཇུག་གནང་དགོས་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ཐོག་གནོན་ཤུགས་སྤྲད་དེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ལེགས་སུ་བསྐྲུན་ཐབས་གནང་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་བོད་ནང་ཕེབས་ཏེ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་དགོས་པ་བཅས་ཀྱི་རེ་འདུན་བཏོན་གནང་འདུག

མ་ཟད་རྒྱལ་ཚོགས་ནས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐད་བློ་འཚབ་མངོན་གསལ་གནང་བ་རྣམས་ལུང་འདྲེན་དང་། ལྷག་པར་དུ་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་བཞིས་རྒྱ་དམར་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བརྒྱུད་བོད་ཕྲུག་ས་ཡ་ ༡ ལྷག་རང་ཉིད་ཀྱི་ཁྱིམ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་ཡོངས་སུ་བརྒལ་བའི་གནད་དོན་ཐོག་ནན་བརྗོད་གནང་འདུག

འཛམ་གླིང་ཡུ་གུར་ཚོགས་པའི་སྐུ་ཚབ་ Zumretay Arkin ལགས་ཀྱིས་ཡུ་གུར་ཚོགས་པའི་ཚབ་ཞུས་ཏེ་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཆེད་ཕེབས་གནང་བའི་ཁ་ཆེའི་རྒྱལ་ཁབ་རྣམས་ལ་འཛམ་གླིང་ཁྱོན་ཡོངས་སུ་ཁ་ཆེ་ཆོས་ལུགས་འཛིན་པ་རྣམས་ཀྱི་ཐོབ་ཐང་དང་ལྷག་པར་དུ་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་སྲུང་ཆེད་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག རྒྱ་ནག་གི་བཀག་སྐྱིལ་ཁང་ནང་མྱངས་མྱོང་ཡོད་པའི་ཡུ་གུར་བ་ལྕམ་ Gulbahar Haitiwaji ལགས་ཀྱིས་རང་ཉིད་དེ་སྔོན་རྒྱ་ནག་གི་བཀག་སྐྱིལ་ཁང་དུ་མྱངས་པའི་མྱོང་བ་འགྲེལ་བརྗོད་དང་། མ་འོངས་པར་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་དེ་དག་གི་ཐད་གཟིགས་ཞིབ་དང་གདོང་ལེན་ནན་པོ་གནང་དགོས་གལ་ཡིན་པ་གསུངས་འདུག

གཞི་རྩའི་ཉེ་ལམ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གི་བསྐྱར་ཞིབ་ཚོགས་ཐེངས་ ༧༣ པའི་ནང་རྒྱ་ནག་ཐོག་དེ་འབྲེལ་བསྐྱར་ཞིབ་ལས་རིམ་ཚོགས་ཡོད་པ་དང་། སྐབས་དེར་ལྷན་ཚོགས་ཐོག་ལྷན་ཞུགས་གནང་མཁན་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་རྣམ་པས་རྒྱ་གཞུང་གིས་བོད་ནང་འབྲོག་པ་གཙོས་བོད་མི་རྣམས་བཙན་གྱིས་གནས་སྤོའི་སྲིད་བྱུས་དང་། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱེད་པའི་བོད་མི་རྣམས་ཀྱི་གཞི་རྩའི་ཐོབ་ཐང་གི་གནད་དོན་གླེང་སློང་དང་འདྲི་རྩད་ནན་པོ་གནང་ཡོད་པ་དེ་ལྟར་ཡང་།  རྒྱ་གཞུང་གི་འཐུས་མིས་ལན་འདེབས་བྱེད་མི་ཐུབ་པ་དང་ཡང་ན་ལན་འདེབས་མ་བྱེད་པའི་གནས་སྟངས་བྱུང་ཡོད་པ་མ་ཟད།  རང་དབང་ཅན་གྱི་སྙན་ཐོ་དེ་དག་གི་ནང་དོན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་བདེན་པ་མིན་པ་ལོག་བཤད་བྱེད་ཀྱི་ཡོད་པ་བཤད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།