fbpx

Tibetan Royal Year of 2150 | Year of the Water Rabbit

རྒྱལ་ཚོགས་སུ་རྒྱ་ནག་ལ་བོད་ནང་གི་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་ཞུ་སྐུལ།

Tibetan News Headlines

 • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
 • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
 • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
 • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
 • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
 • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

 • 28th GCM Football tournament begins in Dharamsala
 • CTA inaugurates new camp for Tibetans from Tibet in Mundgod
 • Right group urges China to acknowledge Tiananmen Massacre
 • UN experts express ‘grave concern’ over detention of Jimmy Lai in Hong Kong
 • Canadian MP under China evergreen blacklist, former Conservative leader targeted
 • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 5 times, 1 visits today)

སུད་སི་ཇི་ཎི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོགས་བཞིན་པ་དང་བསྟུན། ཟླ་བ་འདིའི་ཚེས་ ༢༢ ཉིན་ལྷན་ཚོགས་ནས་ཐུགས་སྣང་དགོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་སྐབས་རྒྱལ་ཁབ་ཁག་གཅིག་གིས་བོད་ནང་གི་གནས་སྟངས་གླེང་སློང་གནང་བ་དང་འབྲེལ། རྒྱ་ནག་གཞུང་ལ་བོད་ནང་གི་ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་ཕྱིར་འཐེན་དགོས་པའི་ཞུ་སྐུལ་གནང་འདུག

སྐབས་དེར་དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་སྐུ་ Rita French ལགས་ཀྱིས་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པས་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་བརྒྱུད་བོད་པའི་བུ་ཕྲུག་ས་ཡང་གཅིག་ལྷག་རང་ཉིད་ཀྱི་ཁྱིམ་ཚང་ནས་ཁ་བྲལ་བཏང་སྟེ་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་པའི་གནད་དོན་ལ་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱི་ལས་དོན་དེ་ལྟ་བུ་སྤེལ་བཞིན་པ་ནི་ཧ་ཅང་སེམས་ཁུར་གནང་འོས་ཤིག་ཡིན་སྐོར་གསུངས་པར་མ་ཟད་རྒྱ་ནག་གི་ངོས་ནས་བོད་དང་ཤིན་ཅང་ནང་གི་ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་ཕྱིར་འཐེན་དགོས་པ་གསུངས་འདུག ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་སྔ་ལོར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གྱིས་ལམ་སྟོན་ཕེབས་ཁག་ལག་བསྟར་དོན་འཁྱོལ་དགོས་པའི་ནན་སྐུལ་གནང་འདུག

ལྷན་ཚོགས་ནས་ཐུགས་སྣང་དགོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་དེ་ཉིན་སུད་ཌེན་གྱི་གཞུང་ཚབ་ལྕམ་སྐུ་ Anna Jardfelt ལགས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་གསུང་བཤད་གནང་བའི་ཁྲོད་དུའང་བོད་ནང་གི་གནས་སྟངས་གླེང་སློང་གནང་བར་མ་ཟད། རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་ཆབ་སྲིད་བཙོན་པ་ཁག་གཅིག་འཕྲལ་མར་གློད་བཀྲོལ་དགོས་པའི་ཐོ་གཞུང་ནང་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རིན་ཆེན་ཚུལ་ཁྲིམས་ལགས། བཀྲིས་རྡོ་རྗེ་ལགས་བཅས་བོད་མི་ཆབ་སྲིད་བཙོན་པ་འགའ་ཞིག་གི་མཚན་འདོན་གནང་འདུག

ལྕམ་ Anna Jardfelt ལགས་ཀྱིས་སྐབས་དེར་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་ DNA རིགས་རྫས་མཁོ་སྒྲུབ་བྱེད་བཞིན་པའི་གནད་དོན་མངོན་གསལ་དང་འབྲེལ་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སླད་མར་ཇེ་སྡུག་ཏུ་འགྲོ་ཉེན་ལ་ཐུགས་འཚབ་གནང་འདུག ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་ནས་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་ཐེར་འདོན་དང་འབྲེལ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་སྤྱི་དང་སྒོས་རང་ཉིད་ཀྱི་རྩ་ཁྲིམས་ལ་གུས་རྩི་ཞུ་དགོས་པའི་ཞུ་སྐུལ་གནང་འདུག

(Visited 92 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།