fbpx

Tibetan Royal Year of 2150 | Year of the Water Rabbit

རྒྱལ་ཚོགས་ཀྱི་ཆུའི་ལྷན་ཚོགས་ཐོག་བོད་ཀྱི་ཆུ་བོའི་གལ་གནད་སྐོར་གཏམ་བཤད་དང་འདྲི་རྩད།

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

ཁ་སང་ཕྱི་ཟླ་ ༣ ཚེས་ ༢༤ སྟེ་འཛམ་གླིང་གི་ཆུའི་ཉིན་མོ་དང་བསྟུན་ཕྱི་ཟླ་ ༣ ཚེས ༢༢ ནས་ ༢༤ བར་ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་ The UN Water Conference ཞེས་ ༢༠༢༣ ལོའི་རྒྱལ་ཚོགས་ཀྱི་ཆུའི་ལྷན་ཚོགས་འཚོགས་བཞིན་ཡོད་པ་ལྟར། ལྷན་ཚོགས་དེར་བོད་ཀྱི་ཁོར་ཡུག་དང་བོད་ཀྱི་རྒྱུག་ཆུའི་གནས་སྟངས་ཆེད་ལས་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་མཉམ་ཞུགས་ཀྱིས་བོད་ཀྱི་ཆུ་བོའི་གལ་གནད་དང་ཡར་ཀླུངས་གཙང་པོའི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་འདྲི་རྩད་གནང་འདུག

བློ་བཟང་གཡང་མཚོ་ལགས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་དྲྭ་ལམ་སྟེང་རྒྱལ་ཚོགས་ཀྱི་ཆུའི་ཚོགས་ཆེན་ཐོག་རྒྱལ་མཚམས་ལས་བརྒལ་བའི་ཆུའི་ཐོན་ཁུངས་ཐད་མཉམ་ལས་བྱེད་ཐབས་དང་བྷང་ལ་དྷེཤ་ནང་གི་ཆུ་བོ་སྲུང་སྐྱོབ་ཀྱི་ལས་གཞི་འོག་བོད་དང་འབྲེལ་བའི་ཚོགས་འདུ་གཉིས་ཀྱི་ཐོག་མཉམ་ཞུགས་གནང་སྟེ་བོད་ཀྱི་ཆུ་བོའི་གལ་གནད་གཙོས་ཡར་ཀླུངས་གཙང་པོའི་ཛ་དྲག་གནས་སྟངས་དང་དེར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་འགན་འཁྲི་སོགས་ཀྱི་གནད་དོན་ཐད་ལ་གཏམ་བཤད་དང་འདྲི་རྩད་གནང་ཡོད་པ་བཀོད་འདུག

ཚོགས་ཆེན་ཐོག་བློ་བཟང་གཡང་མཚོ་ལགས་ཀྱིས་བོད་དེ་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་ཆུའི་འབྱུང་ཁུངས་ཡིན་པ་དང་བོད་ནས་མཆེད་པའི་ཆུ་རྒྱུན་དག་ལ་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་མཚོན་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་སོགས་ཀྱི་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པ་དེ་ལྟར་ཡང་། རྒྱལ་མཚམས་བརྒལ་བའི་བོད་ཀྱི་ཆུ་བོ་ཡར་ཀླུངས་གཙང་པོའི་ཉེན་སྲུང་ཐད་ལ་ལྷོ་ཨེ་ཤ་ཡའི་ངོས་ནས་མཉམ་རུབ་ཐོག་བདག་གཉེར་གནང་རྒྱུར་འགན་ཁུར་གྱི་མེད་པའི་རྒྱུ་མཚན་དང་རྒྱལ་མཚམས་བརྒལ་བའི་ཆུ་བོ་སྲུང་སྐྱོབ་སླད་ལྷོ་ཨེ་ཤ་ཡ་ཡོངས་རྫོགས་ནས་ནུས་པ་མཉམ་སྤུངས་ཇི་ལྟར་ཡོང་ཐུབ་བམ་ཞེས་འདྲི་རྩད་གནང་སྐབས་ལྷན་ཚོགས་ཀྱི་དྲུང་ཆེ་ Sonja Koeppel ལགས་ཀྱིས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་སུས་ཀྱང་ལྷན་ཚོགས་ཐོག་གནད་དོན་དེའི་སྐོར་མཚན་རྟགས་བཀོད་མེད་པར་འགྲེལ་བརྗོད་གནང་འདུག

དེ་བཞིན་བྷང་ལ་དྷེཤ་ཡི་ཆུ་བོ་སྲུང་སྐྱོབ་ཀྱི་ལས་གཞི་དང་འབྲེལ་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀ་ཟུང་སྦྲེལ་སྒོ་ནས་ཆུ་བོ་ཡར་ཀླུངས་གཙང་པོ་སྲུང་སྐྱོབ་ཀྱི་ལས་གཞི་ཞིག་གཉེར་ཐུབ་བམ་ཞེས་འདྲི་རྩད་གནང་སྐབས་བྷང་ལ་དྷེཤ་ཡི་སྐུ་ཚབ་ནས་ལྷན་ཚོགས་འདིའི་སྡིངས་ཆ་ནི་གནད་དོན་འདིའི་སྐོར་བགྲོ་གླེང་དང་གླེང་སློང་གནང་ས་ཞིག་མིན་སྐོར་འགྲེལ་བརྗོད་གནང་ཡོད་པར་བཀོད་འདུག

བློ་བཟང་གཡང་མཚོ་ལགས་ཀྱིས་རང་ཉིད་ཀྱི་མྱོང་བ་དང་འབྲེལ་ནས་ལྷན་ཚོགས་མང་པོའི་ཐོག་བོད་དང་རྒྱ་ནག་སོགས་ཀྱི་གནད་སྐོར་གླེང་སློང་གནང་སྐབས་རང་ཉིད་ཀྱི་རེ་བ་ལྟར་དྲི་བ་ཁག་ལ་ཡ་ལན་འདོད་བློ་ཁེངས་པ་ཞིག་རག་གི་མེད་ཀྱང་། ལྷན་ཚོགས་ཅི་འདྲ་ཞིག་གི་ཐོག་ཏུ་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ནམ་བྱུང་ལ་བོད་ཀྱི་ལོ་རྒྱུས་ཤེས་ཐབས་གནང་དགོས་གལ་ཆགས་ཡོད་པ་སོགས་དང་འབྲེལ་ནས་གསུངས་འདུག

གཞི་རྩའི་ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༢༢ ནས་བཟུང་ལོ་ལྟར་ཉིན་མོ་དེ་ནི་འཛམ་གླིང་གི་ཆུའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་གི་ཆུའི་ཉིན་མོར་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་གཤིས་ཀ་དང་ལག་ལེན་བཅས་ཀྱི་ཐོག་ནས་ཆུ་སྤྱོད་སྟངས་བཟང་ཕྱོགས་ཀྱི་སྟངས་འཛིན་འོག་ནས་ལེགས་སྤྱོད་ཐུབ་པར་དམིགས་ཀྱི་ཡོད་པ་རེད།

(Visited 121 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།