Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེ་པོ་ལོ་རྕེད་འགྲན་ཐེངས་ ༢༩  པ་དབུ་འཛུགས།

Tibetan News Headlines

  • Gangjong Sherig Norling Educational Institute’s Closure Signals Heightened Assimilation Efforts in Tibet:  Discussion

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༧

  • རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན། རྒྱ་གཞུང་གིས་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ།

ཁ་སང་ཕྱི་ཚེས་༡༥ ཉིན་རྒྱབ་ཕྱག་ཚོད་  ༥  པའི་ཐོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་རྩེད་ཐང་སྟེང་ན་གཞོན་རྕེད་འགྲན་པའི་རུ་ཁག་ ༡༦  མཉམ་འཛོམས་ཐོག་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེ་པོ་ལོའི་རྩེད་འགྲན་ཐེངས་༢༩ པ་འདི་དབུ་འཛུགས་གནང་སོང་།

GCM 2024 Kicksoff
ScreenShot: TibetTV

ཐེངས་འདིའི་རྩེད་འགྲན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་དོན་ཐོག་རྒྱབ་སྐྱོར་བ་  SRI Hanumanthappa   མཆོག་དང་། ལྷོ་སྤྱི་སྐུ་ངོ་འཇིགས་མེད་ཚུལ་ཁྲིམས་ལགས། ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། ས་གནས་དགོན་སྡེ་ཁག་གི་མཁན་རིན་པ་ཆེ་མཆོག དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་གཞོན་སྐྱེས་རྩེད་འགྲན་པ་རྣམ་པ་དང་གཡས་གཡོན་གྱི་གཞིས་མི་སྟོང་ཕྲག་ལྷག་མཉམ་ཞུགས་གནང་འདུག་

ཐེངས་འདིའི་རྩེད་འགྲན་ཐོག་རྒྱ་གར་དང་། Australia, བལ་ཡུལ་བཅས་ནས་ཁྱོན་རུ་ཁག་ ༡༦ མཉམ་བཞུགས་གནང་གི་ཡོད་པ་དང་། དེ་རིང་རྩེད་འགྲན་ཉིན་དང་པོར། རྩེད་འགྲན་གོ་སྒྲིག་གནང་སའི་ཧོན་སུར་རབ་རྒྱས་གླིང་གི་རུ་ཁག་དང་ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་གཉིས་དབར་འགྲན་བསྡུར་གནང་སྐབས་ཆར་པ་འབབ་ཀྱང་གཟིགས་མོ་གཟིགས་མཁན་མང་པོ་ཞིག་དང་རྩེད་འགྲན་པ་གཉིས་ཀའི་ཐོག་ནས་སེམས་ཤུགས་ཆེན་པོའི་འགྲན་བསྡུར་ནང་མཉམ་བཞུགས་ཀྱིས། ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་གིས་སྤོ་ལོ་ཀླད་ཀོར་དང་ཧུན་སུར་རབ་རྒྱས་གླིང་རུ་ཁག་གིས་པོ་ལོ་གཉིས་བྱས་ཏེ་ཧུན་སུར་རབ་རྒྱས་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་སོང།

GCM 2024 Kicksoff
ScreenShot: TibetTV

རྩ་བའི་ཁ་སང་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་སྐབས། སྐུ་མགྲོན་གཙོ་བོ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་རྩེད་འགྲན་འདི་ལྟ་བུ་འགྲན་བསྡུར་གནང་ཐུབ་པ་འདི་མ་ཡུམ་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་ཡིན་པ་དང་། དེ་བཞིན་ལྷོ་ཕྱོགས་གཞིས་ཆགས་ཁག་གི་བདེ་སྡུག་ལ་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Hanumanthappa མཆོག་ད་རེས་ཆེད་དུ་མངགས་ནས་ས་གནས་སུ་ཕེབས་ཐུབ་པར་དགའ་སྤྲོ་བྱུང་བའི་གསུང་བཤད་གནང་སོང་།

དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ཟུར་པ་བསྟན་འཛིན་རིན་ཆེན་ལགས་ཀྱིས་ཚོགས་པའི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་། ས་གནས་ངོས་ནས་རྩེད་འགྲན་པའི་ཆེད་གྲ་སྒྲིག་ཧ་ཅང་ཡག་པོ་གནང་བར་བསྔགས་བརྗོད་དང་རྩེད་འགྲན་ཆེད་སྦྱིན་བདག་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཡང་ཞུས་གནང་སོང་།

GCM 2024 Kicksoff
ScreenShot: TibetTV

མ་ཟད་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་དེ་སྔ་ ༢༠༡༣ ལོར་ཆེས་ཐོག་མར་ས་གནས་སུ་འགྲན་བསྡུར་གནང་ནས་ལོ་མང་རྗེས་ད་རེས་སླར་ཡང་སྐབས་ ༢༩ པའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་རྩེད་འགྲན་འདི་ས་གནས་སུ་ཚོགས་ཐུབ་པར་ས་གནས་མི་མང་ཚང་མའི་སེམས་ནང་སྤྲོ་བ་ཆེན་པོ་སྐྱེས་ཡོད་པ་དང་། རྩེད་འགྲན་པ་རྣམས་ལ་རྒྱལ་ཁ་ཐོབ་ཤོར་འདི་རྩེད་མོའི་ངོ་བོ་ཡིན་སྟབས་ཡ་རབས་བཟང་སྤྱོད་དང་ལྡན་པའི་ངང་རྩེ་མོ་རྩེ་དགོས་སྐོར་གསུང་བཤད་གནང་སོང་།

གཞི་རྩའི་ཁ་སང་ནས་འགོ་བཙུགས་ཀྱིས་ཉིན་གྲངས་ ༡༣ འཚོག་རྒྱུའི་རྩེད་འགྲན་དེའི་ཐོག་རུ་ཁག་རྩེ་ཕུད་ཨང་དང་པོ་ཐོབ་མཁན་ལ་ཧིན་སྒོར་འབུམ་གཉིས་དང་ཨང་གཉིས་པར་འབུམ་གཅིག་དང་ཕྱེད་ཀ་གསོལ་རས་གནང་རྒྱུ་དང་སྒོ་སྲུང་བ་དང་རྩེད་འགྲན་པ་བཟང་སྤྱོད་ཡག་ཤོས་ཀྱི་བྱ་དགའ་ཡང་འབུལ་རྒྱུའི་གཏན་འཁེལ་འདུག

GCM 2024 Kicksoff
ScreenShot: TibetTV

འབྲེལ་ཡོད་གསར་གནས།

གསར་གནས།