Tibetan Royal Year of 2151 | Year of the Wood Dragon

རྡོ་རྗེ་ཚེ་རིང་ལགས་ཀྱིས་ཁོང་ཆུང་དུས་ནས་བོད་དོན་སླད་སེམས་ཤུགས་ཆེན་པོ་ཡོད་ཅེས་གསུངས་ཀྱི་འདུག

Tibetan News Headlines

  • North America Tibetans to offer ‘Tenshug’ to the Dalai Lama
  • Tibetans in Canada celebrate Resolve Tibet Act and Canadian parliament motion for Tibet’s self determination
  • Dalai Lama extends congratulations to Ms. Roberta Metsola and Ms. Ursula von der Leyen on EU leadership continuation
  • EU-China ties looking rocky after re-election of Ursula von der Leyen

རེས་གཟའ་ཟླ་བ། ༢༠༢༤།༠༧།༢༢

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག
  • ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།
  • ༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་མཛད་འདུག
  • ལྕམ་ Ursula ལགས་ཀྱི་འཛིན་སྐྱོང་འོག་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁག་ཏུ་འགྲོ་རྒྱུའི་ཚོད་དཔག

དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁནྜ་མངའ་སྡེ་ཧར་བར་པུར་བོད་མིའི་གཞིས་སྒར་འདོད་རྒུ་གཡུ་རྒྱལ་གླིང་རྒས་གསོ་ཁང་གི་ཉེ་འདབས་སུ་རང་ལུས་མེར་བསྲེག123ས་གནང་མཁན་རང་ལོ་ ༡༦ སོན་པའི་རྡོ་རྗེ་ཚེ་རིང་ལགས་རང་ཉིད་ཀྱི་ལུས་པོ་བརྒྱ་ཆ་ ༩༥ མེར་བསྲེགས་ཟིན་ཀྱང་། ཁོང་ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་དུ་ཛ་དྲག་གྱི་མྱུར་སྐྱོབ་སྨན་བཅོས་གནང་བཞིན་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་སྨན་ཁང་དུ་ཆེད་བསྐྱོད་ཀྱིས་ཁོང་ལ་བཅར་འདྲི་ཞུས་པར་ཁོང་གིས་ཆུང་དུས་ནས་ང་བོད་ཀྱི་ཆེད་དུ་སེམས་ཤུགས་ཆེན་པོ་ཡོད་སྟབས། ངས་དང་ཐོག་ཤེས་ཡོན་གྱི་ཐོག་ནས་ལས་ཀ་ཞིག་བྱེད་དགོས་བསམ་བྱུང་། འོན་ཀྱང་ང་རང་འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་ཡག་པོ་མ་བྱུང་པས་བོད་དོན་སླད་གཞན་གང་ཡང་ཐུབ་པ་མིན་འདུག་ཀྱང། བོད་དོན་ཆེད་རང་ལུས་མེར་བསྲེག་གཏང་ཐུབ་པ་འདུག་བསམ་ནས་དེ་ལྟར་བྱས་པ་ཡིན། དེ་སྔོན་ཕ་མ་གཉིས་པོར་རང་ལུས་མེར་བསྲེག་གཏང་ན་གང་འདྲ་ཡོད་རེད་ཅེས་དྲི999ས་པ་ཡིན། གལ་ཏེ་ཁྱེད་ཀྱིས་དེ་ལྟར་བྱ་ཚེ་ང་གཉིས་ཤི་རྒྱུ་ཡིན་ཞེས་གསུངས་སོང། ད་ལྟ་ངས་བོད་སྤྱིའི་དོན་དུ་རང་གི་ཕ་མ་གཉིས་ཀ་བློས་གཏོང་བྱས་པ་ཡིན། མཐར་སློབ་ཕྲུག་ཚོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། དེ་མཚུངས་སུ་བོད་དེ་རྒྱའི་ལག་ནས་བླང་ཐུབ་པ་བྱ་གལ་ཡིན་པ་གསུངས་སོང།

གཞན་ཡང་ཁོང་གི་ཕ་ཐུབ་བསྟན་བཀྲིས་ལགས་སུ་ད་ལྟའི་ཆར་ཁོང་གི་གནས་སྟངས་ཇི་ཡོད་སྐོར་བཅར་འདྲི་ཞུས་པར་དེ་སྔོན་ཕྱི་ཟླ་ ༡༢ པའི་ནང་སློབ་གྲྭའི་དགུན་དུས་གུང་གསེང་སྐབས་པ་ལགས་ང་བོད་སྤྱིའི་དོན་དུ་རང་ལུས་མེར་བསྲེག་གཏང་ན་དགའ་བ་འདུག་གམ་ཞེས་དྲིས་ཀྱི་འདུག་ཀྱང། ངས་བུར་༸གོང་ས་མཆོག་གི་བཀའ་དགོངས་བཞིན་སློབ་སྦྱོང་ཡག་པོ་བྱེད་པ་དང་བོད་སྤྱིའི་དོན་དུ་ལས་ཀ་བྱེད་ན་ང་ཞེ་དྲག་དགའ་བ་འདུག་ཅེས་བཤད་པ་ཡིན། དེ་མིན་རང་ལུས་མེར་བསྲེག་གཏང་ན་ང་དགའ་བ་མི་འདུག་ཅེས་བཤད་སྟབས། ཟླ་ཤས་རྗེས་སུ་བུས་ང་ལ་ཕྱི་ཟླ་གཉིས་པ་དང་གསུམ་པ་ནས་ང་མཐོང་གི་མ་རེད་ཅེས་བཤད་ཀྱི་འདུག འོན་ཀྱང་ང་ཚོས་དེར་དམིགས་བསལ་གྱི་དོ་སྣང་གང་ཡང་བྱེད་མེད། ཉེ་སྔོན་ཕྱི་ཚེས་ ༢༩ ཉིན་སློབ་གྲྭར་བཏང་རྒྱུའི་སྟ་གོན་བྱེད་པ་ལས་རང་ལུས་མེར་བསྲེག་གཏང་གི་ཡོད་པ་བསམ་བློའི་ཟུར་ཙམ་མེད་ཅེས་སོགས་གསུངས་ཀྱི་འདུག

དེ་བཞིན་ཁོང་གི་ཨ་མ་ཉི་མ་དབྱངས་འཛོམས་ལགས་ཀྱིས་གསུངས་པར་ངས་བུའི་ཁུག་མའི་སིར་བརྒྱབ་བཞིན་པར་བུ་མོས་ཨ་མ་མི་གཅིག་ཡོང་གི་འདུག་ཅེས་བཤད་བྱུང། ལྟ་སྐབས་རང་གི་བུ་ཡིན་པ་ཤེས་ནས་གང་མགྱོགས་མེ་གསོད་ཐབས་བྱེད་ནས་བུའི་མགོ་ཆུ་རྐ་ལའི་འོག་འགུག་ནས་མེར་བསད་ནས་ནང་དུ་ཁྲིད་ནས་པང་ལེབ་ཐོག་བཞག་པ་ཡིན། སྐབས་དེར་ངས་བུ་ལ་དཔེ་ཐབས་སྡུག་རེད་ཅེས་ལབ་པ་ཡིན། བུས་ང་ལ་ཨ་མ་ལགས། ༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་དཔལ་ལྡན་ལྷ་མོ་ཚད་བཙུགས་ངས་བོད་སྤྱི་པའི་དོན་དུ་རང་ཡིན། ཨ་མ་ལགས་ཚིག་པ་མ་བཟའ་རོགས། ང་ལ་མིག་གིས་མ་ལྟ་རོགས་ཞེས་བཤད་ཀྱི་འདུག

གཞི་རྩའི་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཧར་བར་པུར་དུ་ཟླ་ ༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ ཙམ་ལ་རང་ལུས་མེར་བསྲེགས་གནང་སྟབས། ཁོང་གི་སྤུན་མཆེད་གཙོས་པtibetའི་གཞིས་སྒར་བོད་མི་ཚོས་ཁོང་ཧར་བར་པུར་ཉེ་འཁོར་གྱི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་སླད་སྨན་པ་བསྟེན་གཏུགས་གནང་ཡོད་ཀྱང་། སྨན་པས་སྨན་ཁང་དེར་ཛ་དྲག་གྱི་མྱུར་སྐྱོབ་གནང་རྒྱུའི་མཐུན་རྐྱེན་མེད་སྐོར་བརྗོད་དོན་ལྟར། རྡེ་ར་ལྡུན་གྱི་སྨན་ཁང་ཞིག་ཏུ་ཁྲིད་འཡོད་ནའང་སྨན་པས་མེར་བསྲེག་དང་འབྲེལ་བའི་ཛ་དྲག་གྱི་སྨན་བཅོས་མཐུན་རྐྱེན་ལེགས་ཤོས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་ཡིན་པ་སློབ་སྟོན་གནང་དོན་བཞིན་ཁ་སང་ཚེས་ ༡ ཉིན་ Safdarjung སྨན་ཁང་དུ་མྱུར་སྐྱོབ་ཆེད་ཁྲིད་པ་ཞིག་ཡིན་འདུག་ལ། ད་ལྟའི་ཆར་ཁོང་ལྡི་ལི་ Safdarjung སྨན་ཁང་གི་ ( ICU) ཛ་དྲག་ལྟ་སྐྱོང་ཁང་དུ་བཞག་ཡོད་པ་དང་། ཁོང་གི་ཕ་མ་གཙོས་པའི་དགའ་གཉེན་ཚོས་ཀྱང་དངངས་འཚབ་དང་བཅས་སྨན་ཁང་གི་ཕྱི་ཕྱོགས་སུ་དྲག་བསྐྱེད་ཡོང་བ་རེ་སྒུག་ཆེན་པོ་གནང་ནས་བཞུགས་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།