Tibetan Royal Year of 2151 | Year of the Wood Dragon

ལ་དྭགས་བོད་མིས་བྷོ་ཊིའི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ལ་དགས་བོད་ཁྱིམ་སློབ་གྲྭའི་ནང་ཕྱི་ལོ་ ༢༠༢༢ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༤ ཚེས ༡ ཉིན་ལོ་ལྟར་བྷོ་ཊིའི་སྐད་ཡིག་གམ་བོད་ཀྱི་སྐད་ཡིག་ཉིན་མོ་ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། འདི་ལོ་ཡང་བོད་ཡིག་སྡེ་ཚན་གྱི་གོ་སྒྲིག་འོག་སློབ་མ་རྣམས་ལ་ཀློག་རྩལ་དང་། འདྲི་རྩད། ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་བརྒྱུད་ཉིན་མོ་དེ་ཉིད་སྲུང་བརྩི་ཞུས་འདུག

Bhoti Language Day

དེ་ཡང་ལ་དྭགས་བོད་ཁྱིམ་སློབ་གྲྭས་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ལ་དྭགས་བོད་ཁྱིམ་སློབ་གྲྭའི་བོད་ཡིག་སྡེ་ཚན་གྱི་གོ་སྒྲིག་འོག་ས་གནས་ཀྱི་བོད་ཕྲུག་སློབ་མ་ཚོར་བོད་ཀྱི་སྐད་ཡིག་ལ་དོ་དབྱིངས་དང་དགའ་ཞེན་བསྐྲུན་ཆེད་སོགས་ལ་ཆེད་དམིགས་ཀྱིས་སློབ་མ་ནང་ཁུལ་དབར་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་ཀྱི་འབྲི་རྩལ་དང་། བོད་ཡིག་ཀློག་རྩལ་དང་འདྲི་རྩད། དེ་བཞིན་སྙན་ངག་གྱེར་འདོན་བཅས་འགྲན་བསྡུར་གནང་ཐོག་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་། ལྷག་པར་དུ་སྐབས་དེར་སློབ་གྲྭའི་བོད་དགེ་ཡིས་སློབ་ཕྲུག་ཚོར་སོ་སོའི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱ་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་འདུག་ལ། སློབ་ཕྲུག་ཚོས་བོད་ཡིག་ནི་བོད་ཀྱི་ཆོས་དང་། རིག་གཞུང་། ངོ་བོའི་སྲོག་རྩ་ཡིན་པ་སོགས་ཀྱི་འཕྲེད་དར་ལག་ཏུ་བསྣམས་འདུག

Bhoti Language Day

དེ་བཞིན་ལ་དྭགས་ནང་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་བསྟུན། ཁ་སང་གླེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ལས་ཁུངས་སུ་གླེའི་སྡེ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་གི་གཙོས་པའི་འཛིན་སྐྱོང་བཀྲ་ཤིས་རྣམ་རྒྱལ་གཡག་རྫི་ལགས། གྷུ་ལམ་མེ་དཱི་ལགས། དེ་བཞིན་ཚོགས་པའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་མཉམ་ཞུགས་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བྱེད་སྒོ་སྤེལ་ཕྱོགས་དང་། དེ་སྔ་བཀའ་བསྡུར་བྱུང་བའི་གྲོས་གཞི་ཁག་བསྐྱར་ཞིབ་དང་མཇུག་སྐྱོང། དེ་བཞིན་དེང་གི་དུས་ཚོད་དང་མཐུན་པའི་བོད་ཕྲུག་ཚོར་སྐད་ཡིག་སློབ་ཁྲིད་གནང་ཐབས་ཀྱི་ཟབ་སྦྱོང་ཕུལ་རྒྱུ་བཅས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ནས་བོད་སྐད་ཡིག་ཉིན་མོར་འཚམས་འདྲི་དང་སྦྲགས། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པར་ངོས་འཛིན་གྱིས་བོད་མི་ཡོངས་ལ་བོད་སྐད་ཡིག་སླར་གསོ་གནང་རྒྱུར་ཐུགས་འགན་ཆེན་པོ་ཡོད་པ་སོགས་གསུངས་འདུག་ལ། སྤྱི་ཚོགས་དྲ་ལམ་དུ་ལ་དྭགས་ཀྱི་བོད་མི་རྣམས་ཀྱིས་ཤིས་ཚིག་འདྲ་མིན་བྲིས་ནས་ཉིན་མོ་དེ་སྲུང་བརྩི་ཞུ་བ་མངོན་རྒྱུ་འདུག

Bhoti Language Day

རྩ་བའི་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱི་དབུས་པའི་ལྡི་ལིར་རྟེན་གཞི་བྱེད་པའི་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས་རྒྱ་གར་རྒྱལ་ཁབ་ཆེན་པོའི་འཛོམས་ར་འོག་མའི་ནང་བྷོ་ཊིའི་སྐད་ཡིག་དེ་ཉིད་རྒྱ་གར་གྱི་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་འཚུད་དགོས་པའི་ཁྲིམས་འཆར་འདོན་སྤེལ་གནང་ཡོད་པ་བཞིན། ཕྱི་ལོ་ ༢༠༢༢ ལོར་གླེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཕྱི་ཟླ་ ༤ ཚེས ༡ ཉིན་མོ་དེ་ཉིད་བྷོ་ཊིའི་སྐད་ཡིག་ཉིན་མོ་ཞེས་སྲུང་བརྩི་གནང་རྒྱུ་ཡོང་གྲགས་ཀྱིས་གཏན་འབེབས་གནང་བ་དང་འབྲེལ། ཉིན་མོ་དེར་ལ་དྭགས་སུ་བཅའ་སྡོད་བོད་མི་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་སོགས་ཀྱི་གླེང་སྟེགས་འདྲ་མིན་ཐོག་རང་རེའི་བོད་སྐད་བོད་ཡིག་གི་གལ་གནད་དང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་བཟུང་བའི་སྲིད་བྱུས་སོགས་ཀྱི་ཐད་གླེང་སློང་གནང་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།