སྤྱི་འཐུས་རྣམ་པས་ཨ་རིའི་རོགས་དངུལ་མཚམས་འཇོག་ལ་གཞིགས་པའི་གྲ་སྒྲིག་ཇི་ཡོད་ཐད་ཐུགས་འཚབ་ཀྱི་འདྲི་རྩད་ནན་པོ་གནང་སོང་།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དགུ་པའི་ཉིན་དང་པོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་སྔོན་རྩིས་གསུང་བཤད་དང་འབྲེལ་ནས་རྩིས་ལོ་ ༢༠༢༥-༢༦ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་ཧིན་སྒོར་ས་ཡ་ ༣༦༧༥།༣༠ འཆར་འབུལ་ཞུས་ཡོད་པ་དང་། ད་ཐེངས་ཀྱི་གྲོས་ཚོགས་འདི་ནི་ཉེ་ཆར་ཨ་རིའི་གཞུང་གིས་རོགས་དངུལ་མཚམས་འཇོག་བྱས་པའི་དུས་ཚོད་གཅིག་ལ་འཁེལ་ཡོད་སྟབས། དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་གནད་དོན་དེའི་ཐོག་ཐུགས་འཚབ་ཀྱིས་དཔལ་འབྱོར་བཀའ་བློན་མཆོག་ལ་དེ་འབྲེལ་འཆར་གཞི་ཇི་ཡོད་ཀྱི་བཀའ་འདྲི་ནན་པོ་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ངོས་ནས་འཛུགས་སྐྲུན་ལས་གཞི་དག་གནས་སྐབས་མཚམས་འཇོག་གནང་དགོས་པའི་དགོངས་འཆར་ཡང་གནང་མཁན་བྱུང་སོང་།

Finance Kalon presents budget for 2025-26; MPs Raise Concerns Over looming US Funding Cut
པར་དབང་། Tibetan Parliament-in-Exile/FB Page

དེ་ཡང་དེ་རིང་སྔ་དྲོ་ཚོུད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་དང་དེ་བཞིན་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་གཅིག་གྲོས་ཚོགས་སུ་སྙན་སྒྲོན་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥ དང་ ༢༦ ལོའི་སྡོན་རྩིས་འགོ་འབུལ་གྱི་གསུང་བཤད་དང་སྦྲགས། རྩིས་ལོ་ ༢༠༢༥ དང་ ༢༦ ལོའི་སྔོན་རྩིས་འགྲོ་གྲོན་སྒོར་ས་ཡ་ ༣༦༧༥།༣༠ འགོད་འབུལ་ཞུས་སོང་བ་དང་། དེའི་ཁོངས་ནས་བརྒྱ་ཆ་ ༦༦་༤༢ སྤྱི་ཚོགས་བདེ་དོན་དང་། ཆབ་སྲིད་ལས་དོན་ཐོག་བརྒྱ་ཆ་ ༢༡་༥༣ དེ་བཞིན་འཛིན་སྐྱོང་ལས་དོན་ཐོག་བརྒྱ་ཆ་ ༡༢་༠༥ འཆར་འགོད་གནང་འདུག

སྤྱིར་དཔལ་འབྱོར་བཀའ་བློན་མཆོག་གིས་ཐེངས་འདིའི་སྔོན་རྩིས་འཆར་འབུལ་འདི་ནི་འདས་ལོ་ ༢༠༢༤ དང་ ༢༥ ལོའི་སྔོན་རྩིས་འཆར་འབུལ་ལས་བརྒྱ་ཆ་ ༡༠་༣༣ མང་བ་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། ༢༠༢༥ དང་ ༢༦ ལོའི་སྔོན་རྩིས་འཆར་འབུལ་དང་ཨ་རིའི་རོགས་དངུལ་བཀག་བསྐྱིལ་གྱི་དུས་ཚོད་གཉིས་མཉམ་དུ་འཁེལ་སྟབས། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་འཆར་འབུལ་སྐབས་རོགས་དངུལ་ཐོབ་ཤག་གིས་ཞུས་པར་བརྟེན། རིམ་པའི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་་གླེང་དང་གཏན་འབེབས་ཐོག་ཕེབས་སྐབས་ལྷན་ཁང་སོ་སོའི་ནང་གཅོག་ཆའི་གྲོས་འཆར་བསྣམ་རྒྱུ་ཡིན་པ་གསུངས་སོང་།

Finance Kalon presents budget for 2025-26; MPs Raise Concerns Over looming US Funding Cut
པར་དབང་། བོད་མིའི་སྒྲིག་འཛུགས། TIbetTV/Screenshot

རྩ་བའི་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་གཏམ་བཤད་ཁྲོད་ང་ཚོའི་སྒྲིག་འཛུགས་འདིར་ལོ་འཁོར་སྡོན་རྩིས་ཀྱི་བརྒྱ་ཆའི་དགུ་བཅུ་ལྷག་རོགས་དངུལ་ལ་བརྟེན་ཡོད་པ་དེ་ནས་ལས་གཞི་འཆར་འགོད་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཉེ་ཆར་ཨ་རི་སྲིད་གཞུང་གིས་རྒྱལ་སྤྱིའི་ཁྱོན་ལ་རོགས་སྐྱོར་གྱི་འགྲོ་གྲོན་ཡོངས་རྫོགས་ཉིན་གྲངས་ ༩༠ ནང་ཚུན་བསྐྱར་ཞིབ་ཀྱིས་མཚམས་འཇོག་གམ་སླར་གསོའི་ཐག་གཅོད་མ་བྱུང་བར་བཀག་སྐྱིལ་དགོས་པའི་འཛིན་སྐྱོང་བཀོད་ཁྱབ་གནང་བ་དེར་བཀའ་ཤག་གིས་སྣེ་ཁྲིད་དེ་ཕྱི་དྲིལ་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས། ཨ་རི་དོན་ཁང་། གཞན་འབྲེལ་ཡོད་བཅས་པས་མཉམ་རུབ་ཐོག་ཁུངས་སོ་སོར་འབྲེལ་གཏུགས་ཞུ་སྐུལ་དང་བཀའ་སེལ་ཐབས་ལམ་ཇི་ཡོད་དཔྱད་ཞིབ་དགོས་པའི་བཀོད་མངགས་གནང་བ་དང་ཆབས་ཅིག དུས་ཐོག་བཀོད་ཁྱབ་ལམ་སྟོན་དང་ལག་བསྟར་མཇུག་གནོན་བྱེད་སྒོ་ཁག་བྱས་ཡིན་པ་གསུངས་སོང་།

དེ་བཞིན་བཀའ་བློན་མཆོག་གིས་སྟབས་ལེགས་པ་ཞིག་ལ་འབྲེལ་ཡོད་ཚང་མས་མཉམ་རུབ་ཐོག་འབད་འབུངས་བྱས་འབྲས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཐད་ཀའི་སྟངས་འཛིན་འོག་ཡོད་པའི་མི་འབོར་དང་སྐྱབས་བཅོལ། གཞིས་སྤོ་སྡེ་ཚན་ PRM གྱི་རོགས་དངུལ་རྣམས་ཟླ་ ༣ ཚེས་ ༧ ཉིན་བསྐྱར་གསོ་ཐུབ་ཡོད་ཅེས་གསུངས་པ་དང་ཆབས་ཅིག བཀའ་ཤག་གིས་མང་ཚོགས་ལ་ནམ་རྒྱུན་ནས་ཆབ་སྲིད་དང་དཔལ་འབྱོར་གང་ཅིར་ཡོད་ཤག་དང་ཡིན་ཤག་གནང་མི་རུང་བའི་སྐུལ་མ་ཞུ་བཞིན་པ་ལྟར། ད་ཐེངས་ཀྱི་ཐོལ་བྱུང་གནས་སྟངས་འདི་རིགས་སེལ་མ་ཐུབ་པའི་དཀའ་ངལ་ཆེན་པོ་དེ་འདྲ་མིན་ནའང་། ང་ཚོ་གཞུང་མང་གཉིས་ཀར་རང་ཁ་རང་གསོའི་ཁ་ཕྱོགས་སུ་འགྲོ་དགོས་ངེས་ཡིན་པའི་དྲན་གསོ་ནན་མོ་ཞིག་གཏོང་གི་ཡོད་ཅེས་གསུངས་སོང་།

Finance Kalon presents budget for 2025-26; MPs Raise Concerns Over looming US Funding Cut
པར་དབང་། བོད་མིའི་སྒྲིག་འཛུགས། TIbetTV/Screenshot

དཔལ་འབྱོལ་བཀའ་བློན་མཆོག་གིས་སྔོན་རྩིས་གསུང་བཤད་གྲུབ་རྗེས་སྤྱི་འཐུས་ཁག་གཅིག་གིས་བཀའ་བློན་མཆོག་ལ་ཚོར་བ་རྣོ་པོས་བཀའ་འདྲི་ནན་པོ་གནང་བའི་ནང་གཙོ་བོ་ད་ལྟའི་ཨ་རིའི་རོགས་དངུལ་གྱི་འགྲོ་གྲོན་མཚམས་འཇོག་བྱས་པའི་གནས་སྟངས་འོག་བཀའ་ཤག་གིས་སྔོན་རྩིས་འཆར་འབུལ་ནང་མུ་མཐུད་འཛུགས་སྐྲུན་ལས་གཞི་ཐད་འགྲོ་གྲོན་ཕོན་ཆེ་གཏོང་འཆར་ལ་སེམས་འཚབ་ཀྱིས་ལས་གཞི་དེ་དག་དགོས་གལ་གཟིགས་ཀྱི་མེད་པ་གསུང་མཁན་བྱུང་སོང་ལ་ཁག་གཅིག་གིས་ལས་འཆར་དེ་རིགས་གནས་སྐབས་མཚམས་འཇོག་དགོས་སྐོར་གསུང་བ་མ་ཟད། ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ནས་རང་ཁ་རང་གསོའི་ཁ་ཕྱོགས་སུ་ཕེབས་རྒྱུར་འཆར་གཞི་ཇི་ཡོད་ཀྱི་འདྲི་རྩད་དང་། ལྷག་པར་ད་ཐེངས་ཀྱི་གྲོས་ཚོགས་སུ་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་ནང་ཨ་རིའི་རོགས་དངུལ་བཀག་བསྐྱིལ་དང་འབྲེལ་ལྷན་ཁང་སོ་སོའི་ཕྱོགས་བསྡོམས་གཅོག་ཆ་སྐོར་སོགས་ཁ་གསལ་མེད་པ་དེ་ནི་འཛིན་སྐྱོང་བཀའ་ཤག་གི་འཐུས་ཤོར་གཅིག་ལ་ངོས་འཛིན་གནང་གི་ཡོད་པ་གསུང་མཁན་ཡང་བྱུང་སོང་།

དེ་རིང་ཉིན་རྒྱབ་ཀྱི་ཚོགས་དུས་དང་པོའི་ཐོག་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པའི་སྙན་ཐོ་སྙན་སྒྲོན་དང་དེ་ནས་ཕྱག་ཚོད་ ༣ ནས་སྤྱི་འཐུས་རྣམས་ལ་འབྲེལ་ཡོད་ཡིག་ཆར་གཟིགས་རྒྱུའི་གོ་སྐབས་ཆེད་ཉིན་རྒྱབ་ཀྱི་ཚོགས་ཐེངས་གཅིག་ལས་མཚམས་བཞག་གནང་སོང་།

Finance Kalon presents budget for 2025-26; MPs Raise Concerns Over looming US Funding Cut
པར་དབང་། བོད་མིའི་སྒྲིག་འཛུགས། TIbetTV/Screenshot

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026