བོད་ནང་ཆོ་འཕྲུལ་སྨོན་ལམ་སྐབས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་བྱས་པ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

འདི་གར་བོད་ནས་ཐད་ཀར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ཆར་ཕྱི་ཟླ་ ༣ པའི་ཚེས་ ༡༤ སྟེ་བོད་ཟླ་དང་པོའི་ཆོ་འཕྲུལ་ཟླ་བའི་ཚེས་པ་ ༡༥ ཉིན་བོད་ཁུལ་གྱི་དགོན་པ་མང་པོའི་ནང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཁྱད་པར་ཅན་གྱི་ཚོགས་ཆེན་བཀག་འགོག་བྱས་ཡོད་པ་དང་། ལྷག་པར་དུ་དཀར་མཛེས་དགོན་ཆེན་དང་། དར་རྒྱས་དགོན། དཀར་མཛེས་བཙུན་དགོན་སོགས་སུ་དགོན་པའི་ངོས་ནས་ཚོགས་འཚོག་རྒྱུ་སོགས་བཀག་འགོག་བྱས་འདུག

China Tightens Control over Tibet During ‘Chotrul Duchen’, Banning Religious Assemblies

གནས་ཚུལ་མཁོ་སྤྲོད་པས་བཤད་པ་ལྟར་ན། རྒྱ་གཞུང་གིས་དགོན་པའི་ནང་གི་གྲྭ་བཙུན་ཚོ་རང་ཤག་ཏུ་འདུག་དགོས་པ་དང་། ཚོགས་འཚོག་རྒྱུ་སོགས་ཀྱི་འདུ་འཛོམས་ཀྱི་བྱེད་སྒོ་སྤེལ་རྒྱུར་བཀག་འགོག་བྱས་པ་མ་ཟད། ཉེ་ཆར་ལོ་གསར་སྐབས་དང་། གསུམ་བཅུའི་དུས་དྲན་སྐབས་སུ་བོད་ཁུལ་གྱི་དྲྭ་ལམ་ཁག་ཏུ་དམ་དྲག་ཤུགས་ཆེན་བྱས་པ། དེ་བཞིན་ཁ་པར་གྱི་བརྒྱུད་ལམ་སོགས་བཀག་འགོག་བྱས་རྐྱེན་ཕྱིར་སྡོད་བོད་མི་རྣམས་ནས་བོད་ནང་རང་གི་ནང་མིར་འབྲེལ་བ་བྱེད་རྒྱུར་དོགས་ཟོན་ཆེན་པོ་བྱེད་དགོས་ཁེལ་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་བསྐྱར་དུ་གནས་ཚུལ་འབྱོར་བ་ལྟར་ན། དགོན་པའི་ནང་ཁུལ་གྱི་ལས་རིམ་སོགས་རྒྱུན་ལྡན་ཡིན་ནའང་ཚོགས་ཆེན་འཚོག་རྒྱུ་དང་། ནང་པའི་དུས་ཆེན་དམིགས་བསལ་གྱི་བྱེད་སྒོ་སོགས་ལ་ས་ཁུལ་རྒྱ་གཞུང་གི་ལས་ཁུངས་བརྒྱུད་ནས་མཆོག་མཆན་དང་། སྟངས་འཛིན་འོག་ཤར་བསྐྱོད་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།