Tibetan Royal Year of 2151 | Year of the Wood Dragon

སྲིད་འཛིན་བྷ་ཌན་མཆོག་ལ་ཨ་རིས་རྒྱལ་སྤྱིའི་དྲ་ཐོག་ཚོང་འབྲེལ་གྱི་གྲོས་མཐུན་ནས་ཕྱིར་འཐེན་གནང་བ་དེ་ཉིད་སླར་གསོ་དགོས་པའི་ཞུ་སྐུལ། 

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

ཉེ་ལམ་ US Trade Representative ཞེས་ཨ་རིའི་ཚོང་འབྲེལ་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཚོང་འབྲེལ་སྡེ་ཚོགས་ཀྱི་ལྷན་ཚོགས་སྐབས་དྲ་ཐོག་ཚོང་འབྲེལ་དང་དྲ་ཐོག་གནས་ཚུལ་བརྗེ་ལེན་དང་འབྲེལ་བའི་གྲོས་མཐུན་ཐོག་བགྲོ་གླེང་གི་ཆ་ཤས་མ་བཞེས་པ་མ་ཟད་གྲོས་མཐུན་དེ་དང་འབྲེལ་བའི་རྒྱལ་སྤྱིའི་ཚོང་འབྲེལ་སྡེ་ཚོགས་ཀྱི་སྒྲིག་ཁོངས་ནས་ཕྱིན་འཐེན་གནང་བའི་གནས་སྟངས་བྱུང་མཚམས་ཨ་རི་ནང་གི་ཚོང་ལས་ཁང་མི་ཉུང་བ་ཞིག་གིས་ཐག་གཅོད་དེས་ཨ་རིའི་ཚོང་ལས་ཁག་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པ་སོགས་གསུངས་མཁན་བྱུང་འདུག་ལ། ཁ་སང་ཕྱི་ཚེས་ ༣༠ ཉིན་ཆབ་སྲིད་ཚོགས་པ་གཉིས་ཀ་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༣༢ ཀྱིས་སྲིད་འཛིན་ Biden མཆོག་ལ་རྒྱལ་སྤྱིའི་དྲ་ཐོག་ཚོང་འབྲེལ་གྱི་གྲོས་མཐུན་ནས་ཕྱིན་འཐེན་གནང་བ་དེ་ཉིད་བསྐྱར་གསོ་གནང་དགོས་པའི་ཞུ་སྐུལ་གནང་འདུག

གྲོས་ཚོགས་གོང་མའི་འཐུས་མི་ Mike Crapo ལགས་དང་། Ben Cardin ལགས། Tom Carper ལགས། དེ་བཞིན་ Chris Coons ལགས།  Jacky Rosen ལགས་སོགས་ཁྱོན་གྲོས་ཚོགས་འཐུས་མི་ ༣༢ ཀྱིས་སྲིད་འཛིན་ Joe Biden མཆོག་ལ་ཕུལ་བའི་ཞུ་སྐུལ་ནང་འདས་པའི་ལོ་ངོ་ ༣༠ ལྷག་གི་གོང་ནས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་དབྱིན་ཡུལ་དང་ཉི་འོང་། ལྷོ་ཀོ་རི་ཡ་སོགས་མང་གཙོའི་རྒྱལ་ཁབ་ཁག་ནས་རྒྱལ་མཚམས་མེད་པར་དྲ་ཐོག་ཚོང་འབྲེལ་གྱི་རང་དབང་དང་རྒྱལ་ཁབ་ཕན་མཚུན་དབར་ལ་དྲ་ཐོག་གནས་ཚུལ་བརྗེ་ལེན་ཆོག་པའི་རྒྱལ་སྤྱིའི་ཚོང་འབྲེལ་སྡེ་ཚོགས་ཀྱི་གྲོས་མཐུད་ལ་རྒྱབ་སྐྱོར་དང་སྣེ་ཁྲིད་གནང་བཞིན་པ་དེས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་བབ་བཟང་དུ་བཏང་ཡོད་པ་མ་ཚད་པར་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་དམ་བསྒྲགས་ལ་གདོང་ལེན་དང་། སྨྲ་བརྗོད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ལ་ཞབས་འདེགས་གང་འཚམས་ ཞུ་རྒྱུ་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་ཨ་རིའི་ཚོང་འབྲེལ་སྒྲིག་འཛུགས་ཀྱིས་དྲ་ཐོག་ཚོང་འབྲེལ་གྱི་རང་དབང་དང་རྒྱལ་ཁབ་ཕན་མཚུན་དབར་ལ་དྲ་ཐོག་གནས་ཚུལ་བརྗེ་ལེན་ཆོག་པའི་རྒྱལ་སྤྱིའི་ཚོང་འབྲེལ་སྡེ་ཚོགས་ཀྱི་སྒྲིག་ཁོངས་ནས་ཕྱིར་འཐེན་གནང་བ་དེས་དྲ་ཐོག་ཚོང་འབྲེལ་དང་དྲ་རྒྱ་དང་འབྲེལ་བའི་འགྲོ་བ་མིའི་རང་དབང་ཁག་གི་གནས་བབ་ཇི་ཆགས་ལ་སེམས་འཚབ་གནང་གཞི་ཆགས་པ་མ་ཟད། ཨ་རི་ངོས་ནས་སྒྲིག་ཁོངས་དེ་ནས་ཕྱིར་འཐེན་གནང་བ་དེས་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་རང་ཉིད་ཀྱི་འདོད་མོས་དང་མཐུན་པའི་དྲ་ཐོག་ཚོང་འབྲེལ་གྱི་སྲིད་བྱུས་གཏན་འབེབས་དང་སྣེ་ཁྲིད་བྱ་རྒྱུའི་གོ་སྐབས་ཤིག་བསྐྲུན་པ་རེད་ཅེས་གསུངས་འདུག

ལྷན་པར་ཨ་རིའི་ཐག་གཅོད་དེས་དམ་བསྒྲགས་ཆེ་ཞིང་ཕྱི་གསལ་ནང་གསལ་མེད་པའི་རྒྱ་ནག་གི་དྲ་ཐོག་ཚོང་འབྲེལ་སྲིད་བྱུས་དེ་རྒྱ་སྐྱེད་གནང་རྒྱུར་ཕན་ཐོགས་བྱུང་ངེས་ཡིན་པ་དང་། རྒྱལ་སྤྱིའི་ཚོང་འབྲེལ་སྡེ་ཚོགས་ནང་དྲ་ཐོག་ཚོང་འབྲེལ་དང་གནས་ཚུལ་བརྗེ་ལེན་སོགས་ལ་ཚུལ་དང་མཐུན་པའི་སྣེ་ཁྲིད་བྱེད་མཁན་གྱི་སྐུ་ཚབ་ཚད་ལྡན་ཞིག་མེད་པའི་ས་སྟོང་ཆེན་པོ་ཞིག་ལྷག་ངེས་ཡིན་པ་སོགས་འགྲེལ་བརྗོད་དང་ཆབས་ཅིག ཨ་རིའི་ཚོང་འབྲེལ་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་དྲ་ཐོག་ཚོང་འབྲེལ་གྱི་རང་དབང་དང་རྒྱལ་ཁབ་ཕན་མཚུན་དབར་ལ་དྲ་ཐོག་གནས་ཚུལ་བརྗེ་ལེན་ཆོག་པའི་རྒྱལ་སྤྱིའི་ཚོང་འབྲེལ་སྡེ་ཚོགས་ཀྱི་སྒྲིག་ཁོངས་ནས་ཕྱིར་འཐེན་གནང་བ་དེ་སླར་གསོ་གནང་དགོས་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ནས་དེའི་ཐད་དགོས་ངེས་ཀྱི་རྒྱབ་སྐྱོར་གཙང་མ་ཡོད་པ་གསུངས་འདུག

ཨ་རི་ནི་དྲ་རྒྱའི་རང་དབང་ལ་བརྩི་སྲུང་ཞུ་མཁན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ཚོང་འབྲེལ་སྡེ་ཚོགས་ནང་རྒྱལ་མཚམས་མེད་པར་དྲ་ཐོག་ཚོང་འབྲེལ་གྱི་རང་དབང་དང་རྒྱལ་ཁབ་ཕན་མཚུན་དབར་ལ་དྲ་ཐོག་གནས་ཚུལ་བརྗེ་ལེན་ཆོག་པའི་གྲོས་མཐུན་ཐོག་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་མཁན་གྱི་རྒྱལ་ཁབ་གཙོ་བོ་དེའང་ཡིན་པ་རེད།

ད་རེས་ཨ་རིའི་ཚོང་འབྲེལ་སྒྲིག་འཛུགས་ནས་རྒྱལ་སྤྱིའི་དྲ་ཐོག་ཚོང་འབྲེལ་གྱི་གྲོས་མཐུན་ནས་ཕྱིན་འཐེན་གནང་མཚམས་རྒྱལ་སྤྱིའི་ཆབ་སྲིད་དང་ཚོང་འབྲེལ་དཔྱད་ཞིབ་པ་ཁག་གཅིག་གིས་ཐག་གཅོད་དེ་ནི་ཨ་རིའི་རྒྱལ་ནང་དུ་ཡོད་པའི་ཚོང་ལས་ཁང་ཁག་གིས་ཨ་རི་ནང་ཕྱིའི་ཚོང་ལས་ཀྱི་ཁྲོམ་ར་རྒྱ་སྐྱེད་འགྲོ་བཞིན་པར་མི་འདོད་པའི་རྣམ་པ་ཆེན་པོ་ཡོད་པའི་དབང་གིས་ཡིན་པ་མ་ཟད། ཆབ་སྲིད་ཀྱི་འགོ་ཁྲིད་ནང་དྲ་རྒྱའི་བདེ་འཇགས་དང་མི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལ་དགོངས་ཚུལ་ཆེན་པོ་ཡོད་པའི་དབང་གིས་ཡིན་པར་གསུང་མཁན་འདུག་ལ། ཁག་གཅིག་གིས་ཨ་རིས་རྒྱལ་སྤྱིའི་དྲ་ཐོག་ཚོང་འབྲེལ་གྱི་གྲོས་མཐུན་ནས་ཕྱིར་འཐེན་གནང་བ་དེས་ཨ་རི་ནང་གི་ཚོང་ལས་ཁང་ཆུང་གྲས་རྣམས་མུ་མཐུད་རྒྱ་སྐྱེད་གནང་རྒྱུར་འགོག་རྐྱེན་ཆགས་ཀྱི་ཡོད་པ་སོགས་གསུངས་འདུག པར་ཁག The White House དང་། Getty Images

འབྲེལ་ཡོད་གསར་གནས།

གསར་གནས།