Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་གནང་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་གཙོས་པའི་བོད་མིའི་གནས་ཡུལ་ས་གནས་ཁག་གཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པའི་ཁྲོད་ཁ་སང་སྲིད་སྐྱོང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sukhvinder Singh Sukhu མཆོག་དང་མཇལ་འཕྲད་གནང་སྟེ་མངའ་སྡེའི་བོད་མི་ཚོར་འཕྲད་བཞིན་པའི་ས་ཆའི་དཀའ་ངལ་སྙན་སེང་དང་བོད་དོན་སྐོར་ལ་བཀའ་བསྡུར་སོགས་གནང་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སིམ་ལར་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་སུ་སྤྱི་ཁྱབ་བློབ་ཆེན་སྐུ་ཞབས་ Sukhvinder Singh Sukhu མཆོག་དང་མཇལ་འཕྲད་གནང་སྟེ་ཧི་མཱ་ཅལ་མངའ་སྡེ་ནང་ཡོད་པའི་བོད་མི་ཚོར་འཕྲད་བཞིན་པའི་ས་ཆའི་དཀའ་ངལ་ཁག་སྙན་སེང་དང་སྦྲགས་ཏེ། མངའ་སྡེ་གཞུང་ནས་དཀའ་ངལ་དེ་དག་སེལ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག་པ་དང་། སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཞལ་བཞེས་བཟང་པོ་གནང་འདུག

མཇལ་འཕྲད་ཁྲོད་སྲིད་སྐྱོང་མཆོག་དང་སྤྱི་ཁྱབ་བློན་ཆེན་མཆོག་གི་དབར་ལ་སྤྱི་ཡོངས་ཀྱི་རྒྱ་སྤྱིའི་ཆབ་སྲིད་གནས་སྟངས་དང་ལྷག་པར་དུ་བོད་ཀྱི་གནད་དོན་སྐོར་ལ་བཀའ་བསྡུར་གནང་འདུག་པར་མ་ཟད། སྲིད་སྐྱོང་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་རིང་མིན་ཕྱི་ཟླ་ ༧ ཕྱི་ཚེས་ ༦ ཉིན་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་ཡོད་པ་རེད།

དེ་བཞིན་ཁ་སང་སྲིད་སྐྱོང་མཆོག་གིས་སིམ་ལ་སཾ་བྷོ་ཊ་སློབ་གྲྭར་ས་གནས་བོད་རིགས་མང་ཚོགས་རྣམས་ལ་བོད་པའི་གཞིས་ཆགས་ཁག་རང་ཁ་རང་གསོ་དང་། སྲ་བརྟན་ཡོང་ཐབས། དེ་བཞིན་ཉེ་ཆར་གྲོས་ཚོགས་བརྒྱུད་ཡོངས་གྲགས་གནང་བའི་བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་གཙོས་འཛིན་སྐྱོང་གི་ལས་དོན་དང་། བོད་ནང་གི་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་དང་མང་ཚོགས་ཀྱི་དོགས་འདྲིར་བཀའ་ལན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།