Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ ༢༠༢༤ ལོའི་ Warwick དཔལ་འབྱོར་ལྷན་ཚོགས་ཐོག་གསུང་བཤད་གནང་བ། 

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡོ་རོབ་ Baltic མངའ་ཁུལ་གྱི་རྒྱལ་ཁབ་གསུམ་དང་། Finland དེ་བཞིན་དབྱིན་ཡུལ་དང་སྦེལ་ཇམ་བཅས་ཀྱི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་དབྱིན་ཡུལ་གྱི་གྲོང་ཁྱེར་ Coventry ནང་རྟེན་གཞི་བྱས་པའི་ Warwick གཙུག་ལག་སློབ་གཉེར་ཁང་དུ་དབུ་འཛུགས་གནང་པའི་ Warwick Economic Summit ཞེས་པའི་ཕྱི་ལོ་ ༢༠༢༤ ལོའི་ Warwick དཔལ་འབྱོར་ལྷན་ཚོགས་ཐོག་རིན་ཐང་ལྡན་ཞིང་ཡང་དག་པའི་བོད་ཀྱི་རང་དབང་འཐབ་རྩོད་དང་གདོང་ལེན་ཞེས་པའི་བརྗོད་གཞིའི་སྐོར་གསུང་བཤད་གནང་འདུག

དཔལ་འབྱོར་ལྷན་ཚོགས་ཀྱི་ཉིན་དང་པོའི་ཐོག་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་དུ་ཡོད་པའི་ East  Timor རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ José Ramos-Horta ལགས་དང་། དབྱིན་ཇིའི་དངུལ་ཁང་ཆེན་མོའི་འགན་འཛིན་གཞོན་པ་སྐུ་ཞབས་ Philip Marsden ལགས་ཀྱིས་གཙོས་པའི་གནས་ཡོད་མི་སྣ་ཁག་ཅིག་ནས་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་དང་། རྒྱལ་ཁབ་ཕན་ཚུན་དབར་ཞི་བདེ་དང་མཐུན་འབྲེལ་འཛུགས་ཐབས་སོགས་གནད་དོན་མི་ཉུང་བའི་ཐོག་གསུང་བཤད་དང་གྲོས་བསྡུར་ལས་རིམ་ཚོགས་ཡོད་ཅིང་། ཚོགས་ལྷན་ཚོགས་ཀྱི་ཚོགས་དུས་ཉིན་གཉིས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རིན་ཐང་ལྡན་ཞིང་ཡང་དག་པའི་བོད་ཀྱི་རང་དབང་འཐབ་རྩོད་དང་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཁྲོད། རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་པའི་གནས་སྟངས་ཙམ་མ་ཟད། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་མ་བྱས་པར་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་བདེ་འཇགས་དང་རང་དབང་གི་གནས་བབ་ལ་དོ་ཕོག་ཆེན་པོ་གཏོང་བཞིན་པ་སོགས་འགྲེལ་བརྗོད་གནང་འདུག

མ་ཟད་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་བོད་མིའི་ངོས་ནས་འགྲོ་བ་མིའི་རིན་ཐང་། ཞི་བདེ། གུས་བརྩི་སོགས་གཞི་རྩར་བཟུང་སྟེ་གདོང་ལེན་གྱིས་བྱེད་སྒོ་ཁག་སྤེལ་མུས་ཡིན་པ་སོགས་གསུངས་འདུག་པ་དང་། འདི་ག་གསར་འགོད་པས་དབྱིན་ཡུལ་དོན་ཁང་གི་དྲུང་ཆེ་བློ་ཆོས་ལགས་སུ་སྐབས་དེའི་མཛད་རིམ་དང་འབྲེལ་བཀའ་འདྲི་ཞུ་སྐབས།  ལྷན་ཚོགས་ཐོག་ས་གནས་ལ་སློབ་སྦྱོང་གནང་བཞིན་པའི་རྒྱ་རིགས་སློབ་མ་མི་ཉུང་བ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་རྒྱ་རིགས་སློབ་མ་ཞིག་གིས་སྲིད་སྐྱོང་མཆོག་ལ་རྒྱ་གཞུང་གི་བཤད་དོན་ལྟར་བོད་འདི་གནའ་དུས་ནས་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བཤད་དེ་བཀའ་འདྲི་ཁག་ཅིག་ཞུས་པར་སྲིད་སྐྱོང་མཆོག་ནས་བོད་འདི་ལོ་རྒྱུས་ཐོག་རྒྱ་ཁོངས་མིན་པའི་གསལ་བཤད་ལན་འདེབས་གནང་ཡོད་པ་གསུངས་བྱུང་།

དེ་བཞིན་ཕྱི་ཚེས་ ༢ ནས་ཁ་སང་བར་ཉིན་གྲངས་གསུམ་རིང་ཚོགས་པའི་ Warwick དཔལ་འབྱོར་ལྷན་ཚོགས་ཐོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་ Tedros Adhanom ལགས་དང་། དཔལ་འབྱོར་དང་སྲིད་བྱུས་ཐོག་གི་མཁས་པ་ལྕམ་ Stephanie Kelton ལགས། དཔའ་འབྱོར་རིག་པའི་ཐོག་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Myron scholes ལགས་སོགས་རྒྱལ་སྤྱིའི་རྒྱལ་ཁབ་དང་སྒྲིག་འཛུགས་འདྲ་མིན་གྱི་འགོ་ཁྲིད་ ༡༡ ལྷག་གིས་གསུང་བཤད་དང་མཁས་པའི་བགྲོ་གླེང་སོགས་གནང་འདུག

རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་ལྟའི་ཆར་ཡོ་རོབ་སྦེལ་ཇམ་རྒྱལ་ཁབ་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། ཁ་སང་སྲིད་སྐྱོང་མཆོག་གིས་ས་གནས་བོད་མི་རྣམས་ལ་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆའི་སྐོར་ངོ་སྤྲོད་གནང་སྟེ། ས་གནས་བོད་དོན་དང་བླངས་ཞུ་གཏུག་ཚོགས་པའི་ཚོགས་མི་དང་གཞོན་སྐྱེས་ཚོར་བོད་མཐོ་སྒང་གི་ཁོར་ཡུག་དང་དེའི་གལ་གནད་སྐོར་གསུང་བཤད་ཙམ་མ་ཟད། སྲིད་སྐྱོང་མཆོག་སྦེལ་འཇམ་དུ་མ་ཕེབས་པའི་གོང་དེར་དབྱིན་ཡུལ་ནང་གི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་ཡོད་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་ཆེད་མཁས་མི་སྣ་ཁག་ཅིག་དང་ལྷན་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་དབྱིལ་ཡུལ་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་ཆེད་འདོན་གནང་ཐུབ་ཐབས་སྐོར་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་ཚོགས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས།

འབྲེལ་ཡོད་གསར་གནས།

གསར་གནས།