Tibetan Royal Year of 2151 | Year of the Wood Dragon

ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གནས་སྤོ་བྱེད་འགོ་བརྩམས་འདུག

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

རྒྱ་གཞུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ་རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་འཛུགས་བསྐྲུན་སླད་ཁུལ་དེའི་ནང་ཆགས་པའི་བོད་ཀྱི་དགོན་པ་རྩ་ཆེན་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དངོས་སུ་གནས་སྤོར་བྱེད་འགོ་བརྩམས་པར་ས་གནས་བོད་མི་མང་པོས་སེམས་སྡུག་ངང་དགོན་པའི་མདུན་དུ་ཕྱག་བསྐོར་དང་སྨོན་ལམ་གསོལ་འདེབས་གནང་བཞིན་འདུག

Atsok Monastery Demolition

དེ་ཡང་བོད་ནང་གི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ངོ་དེབ་སྟེང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ་རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཞིག་འཛུགས་སྐྲུན་བྱ་རྒྱུའི་སླད་ཉེ་འགྲམ་དུ་ཡོད་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དཔལ་ཁ་གྲོང་རྡལ་ནས་སྤྱི་ལེ་གསུམ་བཞི་ཙམ་གྱི་མཚམས་སུ་ཡོད་པའི་ཁྱོ་དཀར་ནག་པོ་ལོ་ཞེས་པའི་རི་སྣ་ཞིག་ཡོད་པ་དེར་གནས་སྤོར་དགོས་པའི་བཀའ་རྒྱ་བཏང་ཡོད་པའི་ཁྲོད། ཉེ་ལམ་ཟླ་བ་འདིའི་ཟླ་མགོར་རྒྱ་ནག་གཞུང་འབྲེལ་ལས་བྱེད་པ་ཁག་གཅིག་ས་གནས་དེར་ཡོང་སྟེ་ཨ་ཚོགས་དགོན་པ་གནས་སྤོར་བྱེད་པའི་བཟོ་སྐྲུན་མཛད་སྒོ་ཟེར་བ་ཞིག་ཚོགས་ཏེ་ས་གནས་དགོན་གྲོང་གཉིས་ལ་འདོད་མོས་མེད་བཞིན་དུ་གནས་སྤོས་ཀྱི་ལས་གཞི་འགོ་བསྩམས་པ་དང་། ཡུལ་དངོས་ཀྱི་བརྙན་ཐུང་ནང་བོད་མི་དད་ལྡན་མང་པོས་དགོན་པའི་མདུན་དུ་སེམས་སྐྱོ་བའི་ངང་ཕྱག་བསྐོར་དང་སྨོན་ལམ་གསོལ་འདེབས་བྱེད་བཞིན་པ་མངོན་རྒྱུ་འདུག

Atsok Monastery Demolition

རྩ་བའི་ཨ་ཚོགས་དགོན་ནི་ཕྱི་ལོ་༡༨༨༩ ལོར་ཨ་ཚོགས་མཆོག་སྤྲུལ་དཀོན་མཆོག་ཆོས་དར་མཆོག་གིས་ཕྱག་བཏབ་པ་དང་མཁའ་སྤྱོད་མའི་གནས་རྩ་ཆེན་ཡིན་པས་ཨ་མདོ་ས་ཁུལ་དུ་མིང་གྲགས་ཧ་ཅང་ཆེ་ཞིང་། སྐྱ་སེར་མང་པོའི་གནས་འདིར་སྒོམ་སྒྲུབ་གནང་གི་ཡོད་པ་མ་ཟད། དགོན་པ་འདི་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཁོངས་ཡོད་པ་རེད།

Atsok Monastery Demolition

འོན་ཀྱང་ས་གནས་གཞུང་གིས་སྔ་ལོར་ཆུ་གློག་ས་ཚིགས་འཛུགས་བསྐྲུན་ཆེད་དགོན་པ་འདིའི་རིག་དངོས་ཁག་རྩིས་མེད་དང་གལ་ཆེན་པོ་མིན་སྐོར་བརྗོད་དེ་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩིས་མེད་བཏང་པ་མ་ཟད། སྔ་ལོའི་ནང་དགོན་པ་དེ་ཉིད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་ནས་རྩིས་མེད་བཏང་བའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་གསལ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་དང་རིག་དངོས་ངོས་འཛིན་དོ་དམ་གནས་སྐབས་ལག་བསྟར་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཆེད་མཁས་གདན་འདྲེན་ཞུས་ནས་ཡུལ་དངོས་ཞིབ་དཔྱད་དང་རྒྱུ་ཆ་ཀློག་པ། གྲྭ་བཙུན་དང་ཆོས་དད་མང་ཚོགས་ཁྲོད་སོང་ནས་འདྲི་རྩད་བྱེད་པ་བཅས་ཀྱི་བརྒྱུད་ཨ་ཚོགས་དགོན་པའི་ཚོགས་ཆེན་འདུ་ཁང་དང་བྱམས་ཁང་གཉིས་ནི་དེང་རབས་ཀྱི་གནའ་སྲོལ་ལད་བཟོས་ཡིན་ཞིང་། དོན་གྱི་རིག་དངོས་འཛུགས་སྐྲུན་དུ་ངོས་འཛིན་བྱེད་པའི་ཚད་གཞིར་ཐོན་མེད་པས། ཨ་ཚོགས་དགོན་གྱི་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཐོབ་ཐང་ནས་རྩིས་མེད་གཏོང་རྒྱུ་ཡིན་ཞེས་འཁོད་འདུག

Atsok Monastery Demolition

ད་ལྟའི་ཆར་དགོན་པ་དེར་སློབ་གཉེར་གནང་མཁན་དགེ་འདུན་པ་ ༡༥༧ ལྷག་ཡོད་འདུག་ལ། དགོན་པ་དེ་ཕྱག་བཏབ་ནས་ད་བར་ལོ་ངོ་ ༡༣༠ ལྷག་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་རྒྱ་གཞུང་གིས་དགོན་པ་དེར་ལོ་ཆུང་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་ཚོད་འཛིན་སོགས་བྱས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།