Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་༸གོང་ས་མཆོག་སྐུ་གཤེགས་ན་ཁྲིམས་མཐུན་མིན་པའི་ཆོས་ལུགས་བྱེད་སྒོ་རྩ་ནས་སྤེལ་མི་ཆོག་ཅེས་བཤད་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གཅིག་གི་དགེ་འདུན་པ་ཚོར་སློབ་གསོའི་ལག་དེབ་དོན་ཚན་བཅུ་ཅན་འཁོད་པ་ཞིག་འགྲེམས་སྤེལ་བྱས་པའི་ནང་། ༸གོང་ས་མཆོག་སྐུ་གཤེགས་ན་ཁྲིམས་མཐུན་མིན་པའི་ཆོས་ལུགས་བྱེད་སྒོ་རྩ་ནས་སྤེལ་མི་ཆོག་པ་དང་། སྐུའི་ཡང་སྲིད་ངོས་འཛིན་གྱི་བྱེད་ལས་ལ་ཁ་གཡར་ནས་གསེར་འབུམ་དཀྲུགས་པའི་ལམ་ལུགས་ལ་གནོད་པ་བྱེད་མི་ཆོག་པ་སོགས་བཀོད་འདུག

དེའང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱུན་དུ་ཆབ་སྲིད་ཀྱི་སློབ་གསོ་བརྒྱུད་བོད་ཕྱི་ཕྱོགས་སུ་གནས་སྡོད་བོད་མི་རྣམས་དང་ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབྲེལ་བ་དང་དད་གུས་རྩ་བ་ནས་བྱེད་མི་ཆོག་པ་སོགས་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་ཁྲོད་འདིར། འདི་ལོའི་ལོ་འགོ་ནས་བཟུང་རྒྱ་ནག་གིས་བཅད་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་གྱི་དགོན་སྡེ་ཁག་གི་ནང་དུ་དེ་འབྲེལ་སློབ་གསོའི་ལག་དེབ་དོན་ཚན་བཅུ་ཅན་འཁོད་པ་ཞིག་འགྲེམས་སྤེལ་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་འདུག

སློབ་གསོའི་ལག་དེབ་དེའི་ནང་། མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་བ་ཏིལ་འབྲུ་ཙམ་ཡང་ཡོད་མི་ཆོག་པ་དང་། སྐུ་ཕྲེང་བཅུ་བཞི་པའི་འདྲ་པར་ས་གནས་གང་སར་བཤམས་མི་ཆོག་པ། ༸གོང་ས་མཆོག་སྐུ་གཤེགས་ན་ཁྲིམས་མཐུན་མིན་པའི་ཆོས་ལུགས་ཀྱི་བྱ་སྤྱོད་གཏན་ནས་སྤེལ་མི་ཆོག་པ། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བྱེད་ལས་ལ་ཁ་གཡར་ནས་གསེར་འབུམ་དཀྲུགས་པའི་ལམ་ལུགས་ལ་གནོད་པ་བྱེད་མི་ཆོག་པ ཁྲིམས་མཐུན་མིན་པར་དགོན་པའི་ནང་དུ་ཞུགས་མི་ཆོག་པ། ཁ་བྲལ་རིང་ལུགས་ཀྱི་བསམ་བློའི་ནང་དོན་གཏན་ནས་ཡོད་མི་ཆོག་པ་སོགས་ཀྱི་དོན་ཚན་བཅུ་འཁོད་འདུག

འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་གནད་དོན་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས། ཕྱི་ལོ་ ༢༠༢༣ ཟླ་མཇུག་ཏུ་རྒྱ་ནག་གི་བཅད་བགོས་བྱས་པའི་ཀན་སུའི་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཧེའུ་མཱོ་པའོ་ཟེར་བས་རྒྱ་སྒྱུར་གྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་དང་། ལྷག་པར་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའམ་བོད་མདོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནང་གི་རྫོང་ཁག་ ༧ དང་གྲོང་ཁྱེར་གཅིག་གི་ནང་བསྐྱོད་དེ་དོན་ཚན་བཅུ་པོ་དེ་དག་གི་ཐོག་ལ་ནན་བཤད་དྲིལ་བསྒྲགས་བྱས་ཡོད་པ་དང་། དེ་བཞིན་ཀན་སུའི་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་གཞོན་པ་དེའང་དེ་ལྟར་བསྐོར་བསྐྱོད་འགྲོ་གི་ཡོད་པ་འགྲེལ་བརྗོད་དང་འབྲེལ། དགོན་སྡེ་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་དང་། དགོན་སྡེ་ནང་རྒྱ་སྐད་བཀོལ་སྤྱོད་བྱ་དགོས་པའི་སྐུལ་འདེབས་ཙམ་མ་ཟད། ཆོས་ལུགས་ཀྱི་གནང་སྒོ་ཁག་ལ་ཚོད་འཛིན་དང་། ཆོག་མཆན་མེད་པར་དགོན་པའི་ནང་ལོ་ཆུང་གྲྭ་རྒྱུན་གསར་ཞུགས་མི་ཆོག་པ་སོགས་བཙན་སྐུལ་བྱེད་ཀྱི་ཡོད་པར་བློ་འཚབ་བྱ་ཡུལ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

ལྷག་པར་ཁོང་གི་རྒྱ་གཞུང་གིས་བྱ་སྤྱོད་དེ་དག་སྤེལ་བཞིན་པར་ང་ཚོས་ངོས་ནས་གདོང་ལེན་སྔར་ལྷག་བྱ་དགོས་གལ་ཙམ་མ་ཟད། བོད་ནང་གི་གནས་སྟངས་ལ་གཞིགས་ནས་བཙན་བྱོལ་ནང་གནས་སྡོད་བོད་མི་རྣམས་ནས་རྡོག་རྩ་ཆིག་སྒྲིལ་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་།

རྩ་བའི་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་ཡོད་པ་དང་། ལྷག་པར་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་སྲིད་བྱུས་གཏན་འབེབས་གཙོས་པའི་ཚོགས་འདུ་མང་པོ་ཚོགས་དང་འཚོག་བཞིན་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བྱས་ཡོད་པ་རེད། གནད་དོན་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱབ་སྐྱོར་འཚོལ་སྒྲུབ་བྱེད་བཞིན་པ་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་རྗེས་ཀྱི་དུས་རབས་ཞེས། ཏཱ་ལའི་རྗེས་ཀྱི་དུས་རབས་ཟེར་བའི་ཐབས་བྱུས་གྲ་སྒྲིག་འོག་རྒྱ་ནག་རང་ཉིད་ཀྱི་ངོས་ནས་༸རྒྱལ་བའི་༸སྐུའི་ཡང་སྲིད་བསྐོ་གཞག་བྱེད་ཕྱོགས་དང་འབྲེལ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་བརྒྱུད་ལམ་ཁག་ལ་ཆེད་དམིགས་ཀྱིས་དེ་ལྟ་བུའི་དུས་སྐབས་ཁྲོད། བོད་དོན་ལ་རྒྱབ་སྐྱོར་མཚམས་འཇོག་ཐུབ་ཐབས་སོགས་ཀྱི་སྲིད་བྱུས་ངན་པ་ཇེ་ཆེར་སྤེལ་བཞིན་ཡོད་པ་རེད།

གཞི་རྩའི་རྒྱ་གཞུང་གིས་བྱ་སྤྱོད་དེ་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གདོང་ལེན་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སྔོན་ཁེ་ན་ཌའི་ནང་རིས་མེད་ཆོས་ཚོགས་ཁག་གིས་སྐུ་ཚབ་དང་ལྷན་དུ་མཇལ་འཕྲད་ཀྱིས། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ནི་༸གོང་ས་མཆོག་གི་སྐུ་དབང་ཡིན་པ་ལས་གཞན་སུ་གཅིག་ལ་ཐེ་བྱུས་བྱེད་དབང་མེད་པ་དང་། གནད་དོན་དེའི་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ཐུགས་ཐག་གང་བཅད་ལ་བརྩི་བཀུར་ཞུ་རྒྱུ། ལྷག་པར་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་རྒྱུན་གནས་ཐུབ་པར་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྒྱུན་མཐུད་ཡོང་བའི་གྲོད་ཆོད་འཇོག་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་སོགས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།