Tibetan Royal Year of 2151 | Year of the Wood Dragon

ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

གཟའ་འཁོར་འདིའི་རེས་གཟའ་ཟླ་བ་སྥྱི་ཚེས་ ༢༧ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གི་གནས་ཚུལ་སྤེལ་བ་ནང་གསལ་ལྟར་ན། ཡུ་གུར་བཙན་བྱོལ་གཞུང་གིས་ཨ་རིའི་གྲོས་ཚོགས་གོང་མར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་ཡུ་གུར་གྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་བཞག་དགོས་པའི་ཞུ་སྐུལ་གནང་འདུག

East Turkistan government in exile calls on US to pass Uyghur Policy Act

དེ་ཡང་ཡུ་གུར་མི་མང་ནས་དེ་སྔ་སྥྱི་ལོ་ ༡༩༩༧ ལོ་ནས་བཟུང་ཨ་རིའི་གཞུང་གི་སྲིད་བྱུས་ཁྲོད་བོད་དང་རིན་ཐང་འདྲ་མཚུངས་ཀྱིས་ཁྲིམས་འཆར་གཏན་འབེབས་དང་འབྲེལ་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་པ་མ་ཟད། ཉེ་ལམ་ཕྱི་ཟླ་  ༢ ཚེས ༢༠ ཉིན་བཙན་བྱོལ་དུ་གྱར་བའི་ཡུ་གུར་བའི་ཚོགས་པ་ ༦༠ ཡི་མཉམ་རུབ་ཐོག་ཨ་རིའི་གཞུང་ལ་ཤར་ Turkistan དེ་ཉིད་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་དགོས་པ་དང་། ཡུ་གུར་བའི་ཆེད་དུ་ཨ་རིའི་སྲིད་གཞུང་ནས་ཁྲིམས་འཆར་གཏན་འབེབས་གང་མྱུར་དགོས་པའི་ཞུ་སྐུལ་གྱི་ཕྱག་བྲིས་ཞིག་ཕུལ་གནང་ཡོད་པ་རེད།

སྤྱིར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དང་། སྥྱི་ལོ་ ༢༠༢༠ ལོར་དེར་བསྐྱར་བཅོས་ཀྱིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་གནང་བ་མ་ཟད། ཉེ་བའི་ཆར་གྲོས་ཚོགས་གོང་མའི་ནང་བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད་པ་རེད།  ཤར་ Turkistan བཙན་བྱོལ་གཞུང་གི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་ Salih Hudayar ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཁོང་གིས། ཡུ་གུར་བའི་ཁྲིམས་འཆར་དེ་ཉིད་སྤྱིར་བཏང་གི་ཁྲིམས་འཆར་ཞིག་མིན་པར་དེ་ནི་ད་ཆ་རྒྱ་ནག་གཞུང་གི་དྲག་པོའི་བཙན་གནོན་འོག་མནར་བཞིན་པའི་ཡུ་གུར་བ་ས་ཡ་མང་པོའི་སྲོག་རྩ་ལྟ་བུ་ཞིག་ཡིན་པའི་འགྲེལ་བརྗོད་དང་འབྲེལ། ཨ་རིའི་གྲོས་ཚོགས་གོང་མས་འདི་ལྟ་བུའི་ཁྲིམས་འཆར་གཏན་འབེབས་ཡོང་སླད་ཆོད་སེམས་བརྟན་པོའི་ངང་མགྱོགས་ནས་མྱུར་དུ་ཕྱག་ལས་གནང་དགོས་པ་གསུངས་འདུག

East Turkistan government in exile calls on US to pass Uyghur Policy Act

ཡུ་གུར་བའི་སྒྲིག་འཛུགས་དེ་ཉིད་ཀྱིས་ད་དུང་ཨ་རིའི་གྲོས་ཚོགས་འོག་མར། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་བྱས་ཡོད་པ་དང་གཅིག་མཚུངས་སུ་ཤར་ Turkistan དང་རྒྱ་ནག་དབར་གྱི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་ཀྱང་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་འདུག་པ་དང་། ཁྲིམས་འཆར་དེ་ལྟ་བུས་ཨ་རིའི་གཞུང་གིས་ཁེས་ལེན་ལྟར་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་ཛ་དྲག་གནས་སྟངས་དེའི་འབྱུང་རྐྱེན་གཙོ་བོ་རྩད་གཅོད་ཀྱིས་སེལ་ཐབས་བྱ་རྒྱུ་དང་། ཡུ་གུར་མི་མང་གི་མངོན་འདོད་ལྟར་ཕྱིའི་རང་ཐག་རང་གཅོད་དང་བདེན་དཔང་རྒྱབ་སྐྱོར་བྱ་བར་ཤུགས་རྐྱེན་འཕར་མ་ཐོབ་ཐུབ་ཀྱི་ཡོད་པ་སོགས་བཀོད་འདུག

དེ་བསྟུན་ཡུ་གུར་བཙན་བྱོལ་གཞུང་ནས་ཨ་རིར་རྒྱ་གཞུང་གིས་ཡུ་གུར་གྱི་རྒྱལ་རབས་ལོ་རྒྱུས་ཐོག་འཁྱོག་བཤད་བྱེད་བཞིན་པ་དང་། ཤར་ Turkistan ལ་ཤིན་ཅང་ཞེས་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་རིང་ལུགས་ལས་མིང་འདོགས་བྱས་པ་དག་ལ་གདོང་ལེན་བྱ་དགོས་པའི་འབོད་སྐུལ་གནང་འདུག

East Turkistan government in exile calls on US to pass Uyghur Policy Act

གཞི་རྩའི་རྒྱ་ནག་གཞུང་གིས་ཤར་ Turkistan འམ་ཤིན་ཅང་ནང་ཡུ་གུར་བ་གཙོ་བོར་འགྱུར་བའི་ཁ་ཆེའི་མི་རིགས་ས་ཡ་མང་པོ་འཛིན་བཟུང་གིས་བཙན་དབང་སྒོ་ནས་ངལ་རྩོལ་འགྱུར་བཀོད་བྱེད་བཞིན་པ་མ་ཟད། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་ཁྲོད། ཉེ་ཆར་དབྱིན་ཡུལ་གྱི་གསར་ཁང་ Sky News ཀྱིས་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་གཞུང་གིས་ཡུ་གུར་དད་ལྡན་པ་ཚོར་དོགས་སྲུང་དང་བཀག་སྡོམ་འདྲ་མིན་གྱི་དྲག་གནོན་ཇེ་ཆེར་གཏོང་བཞིན་པ་ཐེར་འདོན་གནང་བ་མ་ཟད། ཁ་ཆེའི་ལྷ་ཁང་གཏོར་བཤིག་དང་། དཔེ་ཆ་བཅོས་སྒྲིག ཆོས་གོས་གྱོན་རྒྱུར་བཀག་སྡོམ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཉམས་ལེན་ཐོག་སྟངས་འཛིན་དོ་དམ་ཤུགས་ཆེར་བྱེད་བཞིན་པ་ནི་ཆོས་ལུགས་རྒྱ་ནག་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་རྒྱ་ཆེ་བའི་ལས་གཞི་སྤེལ་ཆེད་དང་གཞུང་ལ་སྐྱོན་འཛུགས་བྱས་མཁན་ཚོར་བཀད་སྡོམ་བྱ་ཕྱིར་དུ་ཡིན་པ་འགྲེལ་བརྗོད་གནང་འདུག

Sky News ཀྱིས་ད་དུང་རྒྱ་གཞུང་གིས་ཡུ་གུར་ཁ་ཆེ་མང་ཚོགས་ལ་བཙན་པོའི་དབང་ཤེད་དེ་དག་རྐྱེན་པས་ཁུལ་དེར་གནས་སྡོད་ཁ་ཆེ་མི་མང་ཡོངས་ཀྱི་འཚོ་བའི་གནས་སྟངས་ཆེས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དཔེར་ན། བྱིས་པ་ཚོའི་ཤེས་ཡོན་སློབ་གསོའི་ཐད་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་པ་དང་། ཆོས་ཕྱོགས་ཀྱི་བསླབ་གཞིའི་སྤྲོད་མཁན་སློབ་གྲྭ་སོགས་སྒོ་རྒྱག་ཏུ་བཅུག་པ། མ་ཟད་ཁ་ཆེའི་འགོ་ཁྲིད་པ་ཚོ་རྒྱ་ནག་སྲིད་གཞུང་གི་བསམ་བློ་བཅོས་སྒྱུར་གྱི་སློབ་གསོའི་ལས་གཞི་ཁག་ནང་མཉམ་ཞུགས་བྱེད་དགོས་པའི་བཙན་བཀའ་བཏང་སྟེ་མི་མང་ལ་སྲིད་གཞུང་རང་གི་སློབ་གསོ་སྤྲད་དགོས་པ་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་གནོན་ཤུགས་སྤྲོད་བཞིན་ཡོད་པ་གསལ་འདོན་གནང་འདུག

East Turkistan government in exile calls on US to pass Uyghur Policy Act

འབྲེལ་ཡོད་གསར་གནས།

གསར་གནས།