Tibetan Royal Year of 2151 | Year of the Wood Dragon

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་དབར་ཕྱོགས་གཉིས་ཀྱི་མཉམ་ལས་དང་རྩོད་རྙོག་སྐོར་གླེང་སློང་བྱུང་བ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ Joe Biden དབར་ཁ་སང་གཟའ་མིག་དམར་ཉིན་ཞལ་པར་བརྒྱུད་བཀའ་མོལ་བྱུང་ཡོད་པ་དང་སྐབས་དེར་ཨ་རྒྱ་གཉིས་དབར་གྱི་མཉམ་ལས་ཀྱི་གནད་དོན་དང་གཞན་ཡང་ཐེ་ཝན་གཙོས་པའི་དཀའ་རྙོག་ཁག་གཅིག་གི་ཐོག་གླེང་སློང་གནང་འདུག

དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིག་ན། ཁ་སང་ཕྱི་ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་ཇོ་བཡི་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱིས་ཞལ་པར་ཐོག་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་བཀའ་མོལ་གནང་བའི་ནང་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་དང་གོ་མཚོན་ལྡན་པའི་རྒྱལ་ཁབ་གཉིས་དབར་ཐད་ཀར་གདོང་ཐུག་མ་ཡོང་བའི་སླད་འགོ་ཁྲིད་རིམ་པའི་དབར་འབྲེལ་ལམ་རྒྱུན་བསྲིངས་ཏེ་གནང་དགོས་པ་དེ་གལ་ཆེ་ཡིན་པའི་སྐོར་དང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་བཟི་སྨན་ནག་ཚོང་སོགས་ལ་ཁ་གཏད་གཅོག་པའི་ཐུན་མོང་གིས་འབད་བརྩོན་དང་མཉམ་འབྲེལ་གྱི་ལས་དོན་ཁག་ཐོག་གྲོས་བསྡུར་གནང་ཡོད་ཀྱང་ཐེ་ཝན་དང་དཔལ་འབྱོར་གྱི་གནད་དོན་ཐོག་བསམ་ཚུལ་མི་མཐུན་པ་མངོན་གསལ་དོད་པོ་ཞིག་བྱུང་འདུག

US China

ད་རེས་སྲིད་འཛིན་གཉིས་དབར་ཐད་ཀར་བཀའ་མོལ་གནང་བ་དེ་ནི་ལོ་སྔོན་མའི་ཟླ་ ༡༡ ནང་ཨ་རིའི་མངའ་སྡེ་ California ནང་འགོ་ཁྲིད་གཉིས་དབར་ཆེས་མཐོའི་ལྷན་འཛོམས་གནང་བའི་རྗེས་སུ་བཀའ་མོལ་གནང་བ་ཐེངས་དང་པོ་དང་དེ་བཞིན་རྒྱལ་ཁབ་གཉིས་དབར་གྱི་ཛ་དྲག་གནས་སྟངས་ཁག་ཞི་འཇམ་ཡོང་ཐབས་ཤིག་ཆགས་ཀྱི་ཡོད་འདུག

ཁོང་གཉིས་ཀྱི་བཀའ་མོལ་དེའི་སྐབས་སྲིད་འཛིན་ཇོ་བཡི་ཌན་མཆོག་གིས་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བརྩི་གནང་བཞིན་ཡོད་ཀྱང་དྲག་པོའི་དབང་ཤུགས་ཐོག་ནས་ཐེ་ཝན་དེ་རྒྱ་ནག་གི་དབང་བསྒྱུར་འོག་ལ་བཅུག་རྒྱུར་མཐའ་གཅིག་ཏུ་དགག་པ་གནང་གི་ཡོད་པ་གསུངས་ཏེ། ཐེ་ཝན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་ནན་བཤད་གནང་བར་ཞི་ཅིན་ཕིང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཨ་རིའི་ཐེ་བྱུས་ནི་ཐིག་ཚད་དམར་པོ་བརྒལ་གྱི་ཡོད་པར་ངོས་འཛིན་བྱས་ཀྱི་ཡོད་པ་དང་། རང་བཙན་འདོད་མཁན་ཐེ་ཝན་གྱི་ཤོག་ཁག་ཚོས་རྒྱལ་ཁབ་དེ་ཉིད་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་ཀྱི་བྱ་འགུལ་ཁག་ལ་རྒྱ་ནག་གིས་བཟོད་བསྲན་ནམ་ཡང་བྱེད་ཀྱི་མེད་ལ། ཕྱི་ཕྱོགས་ཀྱིས་ཐ་ཝན་གནད་དོན་ལ་ཐེ་བྱུས་དང་རྒྱབ་སྐྱོར་བྱ་རྒྱུ་རིགས་ལ་ངོས་ལེན་བྱེད་ཀྱི་མེད་པ་བསྐྱར་བཤད་བྱས་པ་དང་ཆབས་ཅིག གལ་སྲིད་ཨ་རིས་ཨུ་ཚུགས་ཀྱིས་རྒྱ་ནག་གི་འཕྲུལ་རིག་མཐོ་རིམ་ཡར་རྒྱས་ལ་བཙན་གནོན་དང་རྒྱ་ནག་གི་ཁྲིམས་མཐུན་གྱི་ཡར་རྒྱས་ཐོབ་ཐང་འཕྲོག་བཅོམ་བྱས་པ་ཡིན་ན་རྒྱ་ནག་ངོས་ནས་ཁ་ཁུ་སིམ་པོར་སྡོད་རྒྱུ་མིན་ཞེས་བཤད་འདུག

ཞི་ཅིན་ཕིང་གིས་ད་དུང་ཨ་རིས་རྒྱ་ནག་དང་རྒྱ་ནག་གི་ཁེ་ལས་ཐོག་བཀག་སྡོམ་བྱས་པ་དེ་ནི་གཙོ་བོ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་བཅས་ལ་མཐའ་མེད་ཀྱི་བཙན་གནོན་བྱེད་ཐབས་ཤིག་ཡིན་པར་སྐྱོན་བརྗོད་བྱས་འདུག

US China

ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་ཁ་སང་སྲིད་འཛིན་རྣམ་གཉིས་བཀའ་མོལ་གནང་བ་དེ་ནི་གྲུབ་འབྲས་ལྡན་པ་དང་ཁ་རི་ཁ་ཐུག་ཅིག་བྱུང་ཡོད་པ་འགྲེལ་བརྗོད་གནང་བའི་ཁྲོད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་ཁ་སང་ཞི་ཅིན་ཕིང་གིས་སྲིད་འཛིན་ Biden མཆོག་ལ་ཞལ་པར་ཐོག་ནས་འདི་ལོ་རྒྱལ་ཁབ་གཉིས་དབར་གྱི་གཞི་རྩའི་ལངས་ཕྱོགས་དེ་ཕྱོགས་གཉིས་དབར་གདོང་ཐུག་དང་དཀའ་རྙོག་རིགས་མི་ཡོང་བ་གནང་རྒྱུའི་ཐད་རྒྱལ་ཁབ་གཉིས་ཀས་ཁས་ལེན་གནང་དགོས་པའི་སྐོར་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་མ་གཏོགས་གཅིག་གིས་གཅིག་ལ་ཁོང་ཁྲོ་སློང་རྒྱུ་དང་ཐིག་ཚད་དམར་པོ་བརྒལ་རྒྱུ་མེད་པའི་སྐོར་ནན་བཤད་བྱས་ཡོད་སྐོར་བཀོད་འདུག

དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་རིང་གི་བཀའ་མོལ་དེའི་ཁྲོད་དེང་སྐབས་རྒྱ་གཞུང་གིས་ཨུ་རུ་སུའི་དམག་དོན་བཟོ་གྲྭ་ཁག་རྒྱ་སྐྱེད་གཏོང་རྒྱུར་རོགས་རམ་བྱེད་བཞིན་པ་དང་། རྒྱ་ནག་ནས་ཁྲིམས་འགལ་གྱི་བཟི་སྨན་རྒྱལ་ཁབ་གཞན་ནང་ནག་ཚོང་བྱས་བཞིན་པའི་སྐོར། རྒྱ་གཞུང་གིས་ཡུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་ཨ་རིར་བློ་འཚབ་ཡོད་པའི་སྐོར་དང་། དེ་བཞིན་ཉེ་དུས་ཧོང་ཀོང་ནང་ཧ་ཅང་དམ་བསྒྲགས་ཆེ་བའི་རྒྱལ་ནང་བདེ་འཇགས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པ། གཞན་ཡང་རྒྱ་ནག་ནང་ཨ་རིའི་མི་སེར་དོ་དམ་བྱས་པ་དང་། བྱང་ཀོ་རི་ཡའི་གནད་དོན་སོགས་ཀྱི་ཐད་ལ་སྲིད་འཛིན་ Biden མཆོག་གིས་ཞི་ཅིན་ཕིང་ལ་གླེང་སློང་གནང་ཡོད་པའི་གནས་ཚུལ་ཐོན་འདུག

དེའི་ཁྲོད་ཨ་རིའི་ནོར་སྲིད་སྲུང་ཆེ་ལྕམ་ Janet Yellen ལགས་དེ་རིང་ནས་རྩིས་པའི་གཟའ་འཁོར་གཅིག་རིང་རྒྱ་ནག་གི་གྲོང་ཁྱེར་ Guangzhou དང་རྒྱལ་ས་པེ་ཅིང་གཉིས་སུ་འཚམས་གཟིགས་གནང་སྟེ་རྒྱ་ནག་གི་ནོར་སྲིད་བློན་ཆེན་དང་སྲིད་བློན་གཞོན་པ། དེ་བཞིན་རྒྱ་ནག་གི་དབུས་དངུལ་ཁང་ཆེན་མོའི་འགན་འཛིན་སོགས་དང་མཇལ་མོལ་གྱིས་ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་ཚོའི་བཟོ་ལས་ཀྱི་ཐོན་སྐྱེད་འབོར་ཆེན་འཕེལ་བཞིན་པ་དེས་འཛམ་གླིང་གི་དཔལ་འབྱོར་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པའི་ཐད་དོ་སྣང་གསར་པ་གནང་དགོས་གལ་སྐོར་ནན་བཤད་གནང་རྒྱུ་མ་ཟད། རྒྱ་ནག་ནང་གི་ཨ་རིའི་ཚོང་གཉེར་ཁང་ཁག་གི་འགོ་ཁྲིད་ཚོ་དང་ས་གནས་ཀྱི་དཔོན་རིགས་ཁག་དང་མཇལ་མོལ་གནང་སྟེ་ཨ་རི་ནང་གི་ལས་རྩོལ་བ་དང་རྒྱ་ནག་ནང་ཡོད་པའི་ཨ་རིའི་ཚོང་གཉེར་ཁང་ཁག་ལ་གོ་སྐབས་དང་མཐུན་རྐྱེན་གཅིག་མཚུངས་མཁོ་སྤྲོད་བྱ་དགོས་པ་བཅས་ཀྱི་ཐོག་ལ་གོ་བསྡུར་གནང་རྒྱུ་དང་ཆབས་ཅིག རྒྱ་ནག་གི་དྲང་བདེན་མིན་པའི་ཚོང་དོན་གྱི་འབྲེལ་ལམ་བྱེད་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་སོགས་ཀྱི་ཐད་ལ་བཀའ་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།