Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༠ པ་སྲུང་བརྩི་གཟབ་རྒྱས་ཞུས་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུས་གནས་མཆོག་དང་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ལས་ཁུངས་ཁག་གི་དྲུང་འཕར་ཡན་གྱི་སྲི་ཞུ་བ་རྣམས་ལྷན་འཛོམས་ཀྱིས་བོད་མིའི་མང་གཙོ་དུས་ཆེན་ཐེངས་ ༦༠ པ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

This image has an empty alt attribute; its file name is 118428437_636373960349469_1797726255753097240_n.jpg

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློ་བཟང་སེང་གེ་མཆོག་གིས་དེ་རིང་ནི་བཙན་བྱོལ་ནང་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་ཆེན་གྱི་ཉིན་མོ་གལ་ཆེན་ཞིག་ཡིན། དེའང་གཙོ་བོ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཐུགས་འགན་བཞེས་འཕྲལ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་དུས་དང་འཚམས་པའི་བསྒྱུར་བཅོས་དགོས་པ་གཟིགས་པ་ནས་བཟུང་སྟེ་༸སྐུ་ཚེ་ཧྲིལ་པོའི་རིང་ལ་སྐུ་ངལ་འཛེམས་མེད་ཀྱིས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་བསྒྱུར་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་དང་སྦྲགས། ༸གོང་ས་མཆོག་གི་དགོངས་པ་དེ་དག་རླབས་ཆེན་གྱི་མཛད་འཕྲིན་ཡིན་པ་མ་ཟད། མི་རབས་རྒན་པ་ཚོས་ཀྱང་མགོན་པོ་མཆོག་གི་བཀའ་དགོངས་བཞིན་སྐུ་ལས་བསྐྱོན་པའི་མཛད་རྗེས་ལ་ཐུགས་རྗེ་ཆེ་ཞེས་གསུངས་སོང་།

This image has an empty alt attribute; its file name is 1-scaled.jpg

དེ་བཞིན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་ཐོག་རྒྱ་ནག་དབུས་དམར་ཤོག་དྲུང་ཆེ་ཞི་ཅིན་ཕིང་གིས་ངེས་པར་དུ་བྱེད་དགོས་པའི་དོན་ཚན་བཅུ་བཏོན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་སློབ་གསོ་དེ་སློབ་གྲྭའི་ལོ་ཆུང་སློབ་ཕྲུག་ནས་སྤེལ་དགོས་པ་མ་ཟད། ལྷག་དོན་གནས་སྟངས་ཆེས་ཞན་པོ་ཡོད་པའི་ཁར་ད་དུང་ཡང་རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ་སོགས་རྩལ་དུ་བཏོན་ནས་བཤད་དེ་དོན་དུ་རྒྱ་དམར་གཞུང་གི་དགོས་མཁོ་དང་བསྟུན་ནས་ཆོས་དད་རང་དབང་སོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པ་དེ་ནི་དོན་དམ་དུ་རྒྱ་ནག་གཞུང་གི་དགོས་མཁོ་སྒྲུབ་ཐབས་ཀྱི་འཆར་གཞི་འབའ་ཞིག་ཡིན་པར་གསུངས་པ་དང་ཆབས་ཅིག རྒྱ་གར་གྱི་གནད་ཡོད་དབུ་ཁྲིད་རྣམས་ཀྱིས་ཀྱང་དེ་སྔར་སྲིད་སྐྱོང་མཆོག་གིས་གསུངས་ཟིན་པ་ལྟར་འཕགས་བོད་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་ཞིག་མེད་སྟབས་འཕགས་བོད་ས་མཚམས་ཞེས་ཐ་སྙད་ངེས་སྤྱོད་གནང་གལ་ཡིན་པ་དང་། དེ་བཞིན་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་པ་དེ་ནི་སྲིད་བྱུས་ནོར་འཁྲུལ་ཅན་ཞིག་དང་། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བར་མེད་ཐབས་མེད་པའི་ཐབས་ལམ་གནད་ཆེ་དེ་ཡིན་པའི་བརྡ་ལན་ནན་པོ་གནང་སོང་།

This image has an empty alt attribute; its file name is 3-scaled.jpg

གཞན་ཡང་སྲིད་སྐྱོང་མཆོག་གིས་ད་རེས་གོ་སྐབས་འདི་བརྒྱུད་དེ་ཉེ་ལམ་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་དོན་དབུ་འཛུགས་གསལ་བསྒྲགས་གནང་ཟིན་པ་ལྟར། འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ཀྱིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ཀར་ཆ་ཤས་བཞེས་དགོས་གལ་ཡིན་པ་དང་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གནང་བ་ཁག་ལ་ཐུགས་སྣང་དགོས་པ་མ་ཟད། ལྷག་དོན་བོད་མིའི་ཆིག་སྒྲིལ་ལ་གནོད་པའི་བྱེད་བབ་རིགས་ཀྱི་རྒྱ་ནག་གི་གཡོ་འོག་ཏུ་མ་ཚུད་པར་ཡིད་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན་པའི་འབོད་སྐུལ་གནང་ཡོད། 

This image has an empty alt attribute; its file name is 2-scaled.jpg

 དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུས་གནས་མཆོག་གིས་མང་གཙོའི་རིང་ལུགས་ནི་མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་བཙན་གཉོམ་དང་། དབུལ་ཕྱུག ཕོ་མོ། རིགས་རྒྱུད་སོགས་མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དེ་མེད་པར་བྱས་ནས་སྤྱི་ཡོངས་སམ་ཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་བར་མི་མང་གི་འདོད་མོས་གཙོ་བོར་འཛིན་པའི་རིང་ལུགས་ཤིག་ཡིན་པ་ལྟར་རྒྱལ་ཁབ་གཞན་གྱི་མང་ཚོགས་ས་ཡ་མང་པོས་རང་གི་ཤིན་ཏུ་གཅེས་པའི་སྲོག་ཀྱང་བཏང་ནས་དེ་ལྟར་བྱུང་ཡོད་པ་ལོ་རྒྱུས་ཞིབ་རྒྱས་ངོ་སྤྲོད་དང་སྦྲགས། བོད་མིའི་སྤྱི་ཚོགས་ནང་གི་མང་གཙོ་ནི་བོད་མི་དག་ནས་འཐབ་རྩོད་འཁྲུག་སློང་སོགས་རྔུལ་ཁྲག་གི་འགྲོ་གྲོན་ཕྲ་མོ་ཙམ་ཡང་བཏང་མ་དགོས་པར་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་མར་གསོལ་བསྩལ་མཛད་པའི་དམིགས་བསལ་གྱི་མང་གཙོའི་སྲོལ་བཟང་ཞིག་ཡིན་པར་གསུངས་སོང་། 

This image has an empty alt attribute; its file name is 4-scaled.jpg

དེ་བཞིན་ཚོགས་གཙོ་མཚོག་གིས་ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༨ ནས་ ༢༩ བར་པེ་ཅིང་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པ་ཟེར་བ་ཚོགས་སྐབས་ཞི་ཅིན་ཕིང་གིས་ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་སྲུང་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་རྒྱུར་འགན་སྲུང་ལ་སོགས་པའི་གནད་དོན་ཁག་གི་ཐོག་འཁྱོག་བཤད་སྤེལ་འདུག་པ་དེས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་རྩིས་མེད་པ་དང་། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། རིག་གནས་ལ་བསྒྱུར་བཅོས། ནང་བསྟན་ཆོས་ལུགས་ལ་བསྲེ་ལྷད་བྱ་རྒྱུ་བཅས་ཀྱི་སྐོར་དྲིལ་བསྒྲགས་རྒྱ་ཆེ་རུ་གཏོང་འཆར་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་སྟབས་མི་འདོད་པའི་ལན་འདེབས་གནང་སོང་། 

This image has an empty alt attribute; its file name is 5-scaled.jpg

ཚོགས་གཙོ་མཆོག་གིས་སླར་ཡང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་བོད་ཀྱི་ཡུལ་མི་རྣམས་ཀྱིས་མང་གཙོའི་འགན་དབང་ལོངས་སྤྱོད་ཚད་ལྡན་ཡོང་ཐབས་སུ་ཆོལ་ཁ་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་དང་། ཁྱད་པར་༸གོང་ས་མཆོག་གི་ཐུགས་དགོངས་འཁྲུག་གཞི། དེ་བཞིན་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ཉམས་དམས་སུ་འགྲོ་གཞི་བཅས་ཀྱི་བྱ་སྤྱོད་རིགས་བརྩམ་མི་རུང་བའི་འབོད་སྐུལ་ནན་པོ་གནང་ཡོད།

This image has an empty alt attribute; its file name is 10-scaled.jpg

བཀའ་སྤྱི་གཉིས་ཀྱི་ངོས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་བཅས་ཀྱི་ཐོག་ལ་དུས་དང་རྣམ་པ་ཀུན་ཏུ་ལམ་སྟོན་མཐུན་འགྱུར་དང་ཕན་གྲོགས་གནང་མཁན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དང་མི་མང་ཡོངས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གསུངས་ཡོད་པ་རེད།

This image has an empty alt attribute; its file name is 8-scaled.jpg

མཛད་སྒོའི་ཐོག་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་ཁག་གསུམ་ནས་རྒྱུགས་སྤྲོད་ནང་ཨང་རིམ་རྩེ་ཕུད་སོན་མཁན་སློབ་མ་ཁག་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་བསྟོད་བྱ་དགའ་དང། འདི་ལོ་འབུམ་རམས་པ་སློབ་ཐོན་སློབ་ལ་གཟེངས་བསྟོད་བྱ་དགའ། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས། དེ་བཞིན་སྲི་ཞུ་བ་ཞབས་ལོ་ ༢༥ སོན་པའི་སྲི་ཞུ་བ་གཅིག་བཅས་ལ་ཕྱག་རྟགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།