Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བལ་ཡུལ་དུ་ས་ཡོམ་གྱི་གོད་ཆག་ཕོག་པར་ཐུགས་གསོ་སྩལ་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟའ་འཁོར་གོང་མའི་རེས་གཟའ་པ་སངས་ཉིན་བལ་ཡུལ་གྱི་ Jajarkot མངའ་སྡེར་ས་ཡོམ་ཤུགས་ཚད་ ༦༌༤ ཅན་བརྒྱབ་ནས་སྡོད་ཁང་འགྱལ་རྡིབ་སོགས་ཀྱི་རྐྱེན་ངན་འོག་མི་རྒྱུ་གཉིས་ཀར་གནོད་འཚེ་ཚབས་ཆེ་ཕོག་པར་ཐུགས་གསོ་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཚེས་ ༦ ཉིན་བལ་ཡུལ་གྱི་སྲིད་བློན་ Pushpa Kamal Dahal མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། མགོན་པོ་༸གང་ཉིད་མཆོག་གིས་ས་འགུལ་གྱི་གོད་ཆག་ཤུགས་ཆེར་ཕོག་པའི་མང་ཚོགས་རྣམས་ལ་ཐུགས་གསོ་དང་འདས་པོ་ཡོངས་ལ་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བལ་ཡུལ་གཞུང་དང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ཀྱང་ས་འགུལ་གྱི་གོད་ཆག་ཕོག་ཡུལ་ས་ཚིགས་དངོས་ལ་ཉེར་མཁོའི་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་སྤེལ་བཞིན་ཡོད་པར་མཁྱེན་རྟོགས་ཡོད་སྐོར་བཀའ་སྩལ་འདུག་པ་དང་། བལ་ཡུལ་གྱི་ཇ་ཇར་ཀོཊ་མངའ་སྡེའི་གཉུག་མར་གནས་པའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་རྒྱུའི་ཞལ་བཞེས་མཛད་འདུག

རྩ་བའི་ཐེངས་འདིའི་བལ་ཡུལ་གྱི་ Jajarkot མངའ་སྡེར་ས་ཡོམ་གྱི་གོད་ཆག་ཤུགས་ཆེར་ཕོག་པའི་ཁྲོད་བལ་པོ་བ་མང་ཚོགས་ ༡༥༧ འདས་གྲོངས་སུ་གྱུར་བ་དང་དེ་བཞིན་མི་ ༡༩༠ རྨས་སྐྱོན་ཕོག་འདུག་པར་མ་ཟད། བལ་ཡུལ་གྱི་ས་འབྲེལ་ཡོད་པའི་རྒྱ་གར་དང་བོད་ལའང་ས་འགུལ་གྱི་གཡོ་འགུལ་ཐེབས་འདུག ཐེངས་འདིའི་ས་ཡོམ་གྱི་གོད་ཆག་དེ་ནི་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་དུ་ས་ཡོལ་བྱུང་བའི་རྗེས་ཀྱི་ཆེས་ཛ་དྲག་ཆེ་ཤོས་དེ་ཆགས་ཡོད་པ་རེད། པར་ཁག OHHDL/nytimes

འབྲེལ་ཡོད་གསར་གནས།

གསར་གནས།