Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ལམ་སྒྲོན་ལྔ་བཅུའི་དུས་སྟོན་དང་དབྱར་ཆོས་ཆེན་མོར་དབུ་བཞུགས་མཛད་པ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ལམ་སྒྲོན་དཔེ་གསར་སློབ་གྲྭར་ཆིབས་བསྒྱུར་གྱིས་ལམ་སྒྲོན་ལྔ་བཅུའི་དུས་སྟོན་དང་ལམ་སྒྲོན་དབྱར་ཆོས་ཆེན་མོར་དབུ་བཞུགས་མཛད་པ་དང་འབྲེལ་འཇམ་དབྱངས་བསྟོད་པ་གང་བློ་མ་དང་། བློ་སྦྱོང་ཚིགས་བརྒྱད་མ་གཉིས་ཀྱི་བཤད་ལུང་བཀའ་དྲིན་སྩལ་སོང་།

དེ་རིང་ཕྱི་ལོ་ཟླ་ ༨ ཚེས་ ༧ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༧༌༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ལམ་སྒྲོན་དཔེ་གསར་སློབ་གྲྭར་ཆིབས་བསྒྱུར་མཛད་དེ་ལམ་སྒྲོན་སློབ་གྲྭའི་རྩེད་ཐང་གི་སྡིངས་ཆར་༸ཞབས་སོར་བདེ་བར་འཁོད་སྐབས་ཐོག་མར་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མདུན་དུ་མཆོད་མེ་ཞལ་འབྱེད་དང་རབ་གནས་མཛད་པ་དང་། དེ་རྗེས་ལམ་སྒྲོན་གཞི་རིམ་འོག་མའི་ཀམ་པུ་ཊར་ལས་ཁང་དབུ་འབྱེད་མཛད་ཅིང་།

བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་སློབ་གྲྭའི་དབུ་འཛིན་ཕུན་ཚོགས་དབང་ཕྱུག་ལགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སློབ་གྲྭའི་དགེ་ལས་ཁག་ཅིག་གིས་མཇལ་ཁ་དང་འབྲེལ་ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་རྟགས་གསལ་གཟིགས་འབུལ་ཞུས་པར་མ་ཟད། ལམ་སྒྲོན་སློབ་གྲྭའི་དབུ་འཛིན་ཕུན་ཚོགས་དབང་ཕྱུག་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་སྩལ་ཡོད་པ་རེད།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ལྟ་གྲུབ་འདི་ནི་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ཁྱད་དུ་འཕགས་པ་ཞིག་ཡིན་པར་བཀའ་སྩལ་བ་དང་འབྲེལ། མའོ་ཙེ་ཏུང་ད་ལྟ་ཡོད་པ་ཡིན་ན་ཕལ་ཆེར་ནང་པ་ཆགས་མི་ཡོང་ངམ་དགོངས་ཀྱི་འདུག་ཅེས་བཀའ་སྩལ་སོང་།

མགོན་པོ་མཆོག་གིས་འདུལ་བའི་གཞུང་གིས་གསུངས་པ་ལྟར་ནང་པའི་དགེ་འདུན་པ་རྣམས་ནས་རྟགས་ཆ་ལུགས་བརྗེ་བ་ཙམ་གྱིས་སྒྲིག་ཐབས་མེད་སྟབས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བར་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་ཐོས་བསམ་སྒོམ་གསུམ་གནང་ཐུབ་ཚེ་རྟགས་ཆ་ལུགས་རྣམས་མིང་དོན་མཚུངས་པ་ཞིག་དང་བསྟན་པའི་མཛེས་རྒྱན་དུ་འགྱུར་རྒྱུ་ཡིན་པར་བཀའ་སྩལ་སོང་།

ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་བོད་གངས་ཅན་པ་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚང་མ་མ་ཎི་བགྲང་མཁན་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་མཁན་རེད། སྙིང་རྗེའི་བློ་ཉམས་པ་མེད་པར་ཀུན་ལ་ཁྱབ་ཐུབ་མཁན་ཡག་པོ་ཞིག་ཡོང་བ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཤེས་རབ་ཀྱི་གྲོགས་བྱེད་དགོས། ཞེས་སོགས་བཀའ་སློབ་དང་འབྲེལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་གང་བློ་མའི་བཤད་ལུང་བཀའ་དྲིན་སྩལ་ཞིང་། ཨ་ར་པ་ཙ་གྲངས་གསོག་གནང་ན་དགེ་མཚན་ཆེན་ཡོད་པའི་ཐུགས་རྩེ་བ་ཆེན་པོས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད།

ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆགས་ཡོད། དེས་ན་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ་བྱས་ཏེ་བཅོམ་ལྡན་འདས་ཀྱི་མཚན་ཤས་སུ་མི་འགྲོ་བ་དང་བཅོམ་ལྡན་འདས་ཀྱི་ཞབས་མ་འདྲེན་པ་ཞིག་བྱེད་དགོས་ཞེས་ལམ་སྟོན་མཛད་སོང་།

དེ་རིང་ལམ་སྒྲོན་སློབ་གྲྭའི་ལྔ་བཅུའི་དུས་སྟོན་དང་འབྲེལ་ཉིན་གྲངས་ ༨ རིང་གི་ལམ་སྒྲོན་དབྱར་ཆོས་ཆེན་མོ་དབུ་འཛུགས་གནང་བའི་ཉིན་མོ་ཞིག་ཀྱང་ཡིན་སྟབས། དེ་རིང་ལམ་སྒྲོན་སློབ་གྲྭ་དང་ལ་དྭགས་བོད་ཁྱིམ། དེ་བཞིན་ཉེ་འཁྲིས་ཀྱི་མཚན་ཉིད་སློབ་གྲྭ་སོགས་ལ་དྭགས་ཡོངས་རྫོགས་ཀྱི་རིགས་ལམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཁག་ཅིག་གིས་རྟགས་གསལ་གཟིགས་འབུལ་ཞུས་པའི་ཐོག་ནས་མཛད་སྒོ་དབུ་འཛུགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།