Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ས་ཁྲ་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་དབུ་འབྱེད།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་ས་ཁྲའམ་ Mapping Tibet ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།

དབུ་འབྱེད་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་དམིགས་བསལ་སྐུ་མགྲོན་ཚེ་རིང་དབང་རྒྱལ་ཤར་བ་ལགས་ཀྱིས་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་མི་སྣ་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་སོང་།

བོད་ཀྱི་ས་ཁྲའི་དུས་ཐུང་འགྲེམས་སྟོན་ཐོག་བོད་ཀྱི་ས་ཁྲ་དང་འབྲེལ་བའི་ནང་ཚན་བཞིར་དབྱེ་བའི་ཁྱོན་ས་ཁྲ་ ༤༢ འགྲེམས་སྟོན་གནང་སོང་བ་དང་ནང་ཚན་དང་པོར་དུས་རབས་ ༡༧ སྨད་ནས་དུས་རབས་ ༡༩ སྨད་བར་བོད་ཀྱི་ས་ཁྲ་ཇི་ལྟ་ཡོད་མེད་དང་། ནང་ཚན་གཉིས་པར་ཕྱི་ལོ་ ༡༩༠༤ ནས་ ༡༩༡༨ བར་གྱི་ས་ཁྲ་བརྒྱུད་བོད་ཀྱི་ལོ་རྒྱུས་དེ་ཇི་ལྟར་གསལ་གྱི་ཡོད་པ། ནང་ཚན་གསུམ་པར་ཕྱི་ལོ་ ༡༩༥༠ རྗེས་སུ་བོད་ཀྱི་ས་ཁྲར་འགྱུར་ལྡོག་ཇི་ལྟར་སོང་མིན་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ས་ཁྲའི་གོ་རྟོགས་ཀྱི་འཕེལ་རིམ། དེ་བཞིན་ནང་ཚན་བཞི་པར་བོད་ཀྱི་རྒྱལ་ས་ལྷ་སའི་ས་ཁྲ་དང་། ལྷག་དོན་ ༡༩༧༠  དང་ ༢༠༢༡ བཅས་ལོ་སོ་སོར་གནམ་ཐོག་ནས་ཟུངས་སྐར་བརྒྱུད་བླངས་པའི་པར་རིས་བརྒྱུད་མི་ལོ་ལྔ་བཅུ་ནང་ལྷ་སར་འགྱུར་ལྡོག་གང་ཞིག་སོང་མིན་སྐོར་སོགས་འགྲེམས་སྟོན་གནང་སོང་།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱལ་ཁབ་གཅིག་གི་ངོ་བོ་མཚོན་པའི་མངའ་འབངས་དང་སྲིད་གཞུང་། དེ་བཞིན་ས་ཁྱོན་སོགས་ནི་ས་ཁྲས་གསལ་པོ་མཚོན་པར་བྱེད་ཀྱི་ཡོད་པར་མ་ཟད། འཛམ་གླིང་སྤྱི་དང་རྒྱལ་ཁབ་བྱེ་བྲག་པ་སོ་སོའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ད་ལྟའི་གནས་བབ། དེ་བཞིན་མ་འོངས་ཀྱི་ཁ་ཕྱོགས་སོགས་གསལ་ཐུབ་པའི་ནུས་པ་དེ་ས་ཁྲར་ཡོད་ཅེས་ངོ་སྤྲོད་དང་སྦྲགས། གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོས་ས་ཁྲ་རིག་པའི་ཡོན་ཏན་དེ་སྦྱང་ཐུབ་ཚེ། Digital Age འམ་འཕྲུལ་རིགས་ཀྱི་དུས་ཚིགས་ནང་དགེ་མཚན་ཆེན་པོ་ལྡན་ཡོད་པར་གསུངས་སོང་། 

འགྲེམས་སྟོན་སླད་ཆེད་དུ་མགྲོན་འབོད་ཞུས་པ་དམིགས་བསལ་སྐུ་མགྲོན་ཚེ་རིང་དབང་རྒྱལ་ཤར་བ་ལགས་ཀྱིས་དུས་རབས་ ༡༧ གོང་བོད་ཅེས་པ་ཞིག་ས་ཁྲ་ནང་དུ་མིང་ཙམ་གསལ་གྱི་ཡོད་ཀྱང་བོད་ཀྱི་དབྱིབས་མངོན་པའི་ས་ཐིག་རྒྱག་པ་ཞིག་མངོན་རྒྱུ་མེད་ནའང་། དུས་རབས་ ༡༧ ནས་རིམ་པས་བོད་ཀྱི་དབྱིབས་མངོན་པའི་ས་ཁྲ་བྱུང་ཡོད་པར་ངོ་སྤྲོད་དང་འབྲེལ། བོད་དང་འབྲེལ་བའི་ཆབ་སྲིད་ཀྱི་ས་ཁྲ་ནི་རྒྱལ་རབས་དང་འབྲེལ་ནས་འགྱུར་ལྡོག་རིམ་པར་སོང་བ་རྣམས་ཤེས་པའི་ཐོག་ནས་བོད་ཀྱི་སའི་མིང་དང་ཆུའི་མིང་། དེ་བཞིན་རིའི་མིང་སོགས་ཡོད་དོ་ཅོག་བོད་སྐད་དུ་ཕབ་ནས་ཉར་ཚགས་གནང་ཐུབ་པ་བྱ་རྒྱུ་ནི་གནད་འགག་ཞིག་ཆགས་ཡོད་སྐོར་གསུངས་སོང་།

དེ་བཞིན་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་དེ་རྒྱ་ནག་གི་མེ་སེར་སྤེལ་ཡུལ་ལམ་ལུགས་ཀྱི་གནད་དོན་དང་འབྲེལ་ནས་བོད་མིའི་ངོ་བོ་དང་གོམས་གཤིས་རྣམས་རྒྱ་བསྒྱུར་བྱ་ཐབས་སུ་ཐབས་སྣ་ཚོགས་སྤེལ་བཞིན་པར་ གདོང་ལེན་ཆེད་དུ་ཡིན་པར་མ་ཟད། ལྷག་པར་དུ་རྒྱ་ནག་གིས་ས་ཁྲ་བརྒྱུད་ནས་མེ་སེར་སྤེལ་ཡུལ་ལམ་ལུགས་གསར་པ་སྟེ། བོད་ཀྱི་གྲོང་གསེབ་ཁག་གི་མིང་བརྗེ་རྒྱུ་དང་བོད་ཆོལ་ཁ་གསུམ་ཞེས་པའི་བག་ཆགས་ཟབ་མོ་དེ་སྲུབ་ཐབས་བྱེད་བཞིན་པའི་བྱ་སྤྱོད་ལ་གདོང་ལེན་བྱ་རྒྱུར་དམིགས་པ་ཞིག་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།