Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སྨན་གྱི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་གཉིས་ལ་འཚམས་འདྲི་མཛད་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་གསར་གཏོད་གནང་མཁན་ཚན་རིག་པ་གཉིས་ལ་འདི་ལོའི་སྨན་གྱི་ནོ་སྦེལ་གཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འདྲི་མཛད་འདུག

ཁ་ཉིན་སུད་ཌེན་ནང་རྟེན་གཞི་བྱས་པའི་ནོ་སྦེལ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༣ ལོའི་དངོས་ཁམས་སམ་སྨན་གྱི་ནོ་སྦེལ་གཟེངས་རྟགས་དེ་ཉིད་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་ mRNA གསར་བཟོ་གནང་མཁན་ཨ་རིའི་སྨན་པ་དང་ཚན་རིག་པ་སྐུ་ཞབས་ Drew Weissman ལགས་དང་ཧང་གྷ་རིའི་ཚན་རིག་པ་ལྕམ་སྐུ་ Katalin Kariko ལགས་རྣམ་གཉིས་ལ་གནང་རྒྱུའི་གསལ་བསྒྲགས་གནད་དོན་ལྟར་ཁ་སང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་སཱ་ལཱའི་༸རྒྱལ་བའི་ཕོ་བྲང་ནས་ཚན་རིག་པ་གཉིས་ལ་འཚམས་འདྲི་མཛད་པ་དང་འབྲེལ། ཚན་རིག་པ་དེ་གཉིས་ཀྱིས་འཕྲུལ་རིག་ལག་རྩལ་གྱི་ཡར་རྒྱས་ལས་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་ mRNA ཞེས་པ་དེ་བཟོ་སྐྲུན་ཐད་ཁྱད་པར་ཅན་གྱི་ཞིབ་འཇུག་གསར་གཏོང་གནང་ཡོད་ཅིང་། ཕྱག་ལས་དེ་ནི་ཚན་རིག་ཞིབ་འཇུག་གི་ཐོག་ནས་དོན་དངོས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་བསྒྲུབ་རྒྱུའི་མིག་དཔེ་བཟང་པོ་ཞིག་བསྟན་ཐུབ་ཡོད་པ་དང་། ཁོང་གཉིས་ཀྱི་ཞིབ་འཇུག་ལས་དོན་དེ་གཉན་རིམས་ཁྱབ་གདལ་མ་བྱུང་གོང་ནས་དབུ་འཛུགས་གནང་བ་ཞིག་དང་ཕྱིས་སུ་གཉན་རིམས་ཁྱབ་གདལ་ཕྱིན་པའི་ཆེས་ཛ་དྲག་གི་གནས་སྟངས་སྔ་ཕྱི་བར་གསུམ་ལ་འགོག་ཁབ་དེ་ཉིད་ཀྱིས་མང་ཚོགས་དུ་མའི་ཚེ་སྲོག་སྐྱབས་ཡོད་པར་བཀའ་སྩལ་མཛད་དེ་ཁོང་གཉིས་ཀྱིས་གྲུབ་འབྲས་གཟེངས་སུ་ཐོན་པ་དང་ལྷག་དོན་སྐུ་ཚེ་ཧྲིལ་པོའི་རིང་གཞན་ཕན་བརྒྱུད་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་པར་ཡི་རངས་བསྔགས་བརྗོད་མཛད་འདུག

དེ་བཞིན་གསུང་འཕྲིན་ནང་༸གོང་ས་མཆོག་གིས་འགྲོ་བ་མི་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་སྟབས་ཕན་ཚུན་གཅིག་གིས་ལ་གཅིག་བརྟེན་དགོས་པ་དང་། ཚན་རིག་པ་རྣམས་ལ་འཛམ་གླིང་འདི་སྔར་ལྷག་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུར་མེད་དུ་མི་རུང་བའི་འགན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།

ཨ་རིའི་སྙན་གྲགས་ཆེ་བའི་ཚན་རིག་པ་ Drew Weissman ལགས་ནི་ཕྱི་ལོ་ ༡༩༥༩ ལོར་ཨ་རིའི་ lexington དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༧ ལོར་ Boston གཙུག་ལག་སློབ་གླིང་དུ་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཡོད་པ་དང་སྔ་རྗེས་སུ་ Harvard  སྨན་གྱི་སློབ་གྲྭ་དང་རྒྱལ་ཡོངས་འཕྲོད་བསྟེན་མཐོ་སློབ་ཏུ་སྨན་བཅོས་འོས་སྦྱོང་དང་ཆེད་ལས་ཞིབ་འཇུག་གི་སློབ་སྦྱོང་གནང་བར་མ་ཟད། ཕྱི་ལོ་ ༡༩༩༧ ནས་ Pennsylvania གཙུག་ལག་སློབ་ཁང་གི་སྨན་གྱི་ཞིབ་འཇུག་རུ་ཁག་ཏུ་ཕྱག་ལས་གནང་བ་དང་། ཁོང་ནི་རོ་བྷར་ཁྱིམ་རྒྱུད་ཀྱི་འགོག་སྨན་ཞིབ་འཇུག་སློབ་དཔོན་དང་རིགས་རྫས་ཉམས་ཞིབ་ཁང་གི་འགན་འཛིན་ཡིན་པ་རེད།

དེ་བཞིན་ཧང་གྷ་རིའི་ཚན་རིག་པ་ Katalin Karikó ལགས་ནི་སྙན་གྲགས་ཅན་གྱི་སྨན་གྱི་ནོ་སྦེལ་བྱ་དགའ་ཐོབ་མཁན་བེུད་ཨང་ ༡༣ པར་གྱུར་ཡོད་པ་དང་། ཁོང་ནི་ཕྱི་ལོ་ ༡༩༥༥ ལོར་ཧང་གྷ་རི་རྒྱལ་ཁབ་ཀྱི་ Szolnok རུ་སྐྱེས་ཤིང་། ཕྱི་ལོ ༡༩༨༢ ལོར་ Szeged སི་ཛེ་གྷ་ཌི་གཙུག་ལག་སློབ་གླིང་ནས་འབུམ་རམས་པའི་སློབ་མཐར་སོན་པ་དང་། ཕྱི་ལོ་ ༡༩༨༥ བར་དུ་ཧང་གྷ་རིའི་ཚན་རིག་སློབ་གཉེར་ཁང་དུ་ཞིབ་འཇུག་གནང་། ཕྱི་ལོ་ ༡༩༨༩ ནས་ཕྱི་ལོ་ ༢༠༡༣ བར་པེན་སེལ་ཝ་ནི་ཡ་གཙུག་ལག་སློབ་གླིང་གི་སློབ་དཔོན་གཞོན་པའི་ལས་འགན་བཞེས་ཡོད། ཕྱི་ལོ་ ༢༠༢༡ ནས་བཟུང་ཁོང་གིས་སི་ཛི་གྷ་ཌི་གཙུག་ལག་སློབ་ཁང་དུ་སློབ་དཔོན་ཆེན་མོའི་ལས་འགན་བཞེས་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།