Tibetan Royal Year of 2151 | Year of the Wood Dragon

སེམས་བཟང་པོ་བྱ་རྒྱུ་ནི་མི་ཚེ་གཅིག་གི་དོན་ཆེན་ཡིན་པར་སེམས་དགོས་ཞེས་ལམ་སྟོན་མཛད་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཚེས་ ༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་བ་དང་འབྲེལ། སེམས་བཟང་པོ་བྱ་རྒྱུ་ནི་མི་ཚེ་གཅིག་གི་དོན་ཆེན་ཡིན་པར་སེམས་དགོས་ཞེས་ལམ་སྟོན་མཛད་སོང་།

དེ་རིང་སྔ་དྲོ་ཕྱག་ཚོག་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་དེ་གཙུག་ལག་ཁང་གི་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་བཀའ་དབང་གི་སྒྲུབ་བཤག་མཛད་པ་དང་འབྲེལ། བཀའ་སློབ་བཀའ་དྲིན་སྩལ་རྗེས་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་ཡོད།

སྐབས་དེར་༸གོང་ས་མཆོག་གིས་དེ་རིང་གི་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ཐེ་ཝན་གྱི་ཆོས་གྲོགས་ཚོ་ཡིན་ཞེས་བཀའ་སྩལ་ཏེ། རྒྱ་ཧོར་བོད་གསུམ་གྱི་ནང་སངས་རྒྱས་པའི་ཆོས་དེ་བཞིན་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ནས་དར་སྤེལ་བྱུང་ཡོད་པ་དང་། ས་ཁུལ་དེ་དག་འཕགས་པ་སྤྱན་རས་གཟིགས་ཀྱི་དམིགས་བསལ་གྱི་གདུལ་བྱ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། བར་སྐབས་བོད་གངས་ཅན་ལྗོངས་སུ་རྒྱ་ནག་གུང་ཁྲང་ཏང་གིས་བསམ་བློ་གུ་དོག་པོས་ཆོས་ལ་དམ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། དེ་ལྟར་བྱེད་ཐུབ་ཐབས་བྲལ་བ་ཡོད་པར་མ་ཟད། དེང་གི་ཆར་རྒྱ་ནག་ནང་དུའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བཀའ་སྩལ་སོང་།

དེ་བཞིན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་མཆོག་ཡིན་པར་བརྟེན་ཚང་མས་སེམས་བཟང་པོ་བྱེད་དགོས་གལ་དང་། མགོན་པོ་༸གང་ཉིད་མཆོག་ཚེ་རབས་མང་པོ་ནས་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་དང་ཐུན་མིན་གྱི་ལས་འབྲེལ་ཞིག་ཡོད་པ་གསལ་པོ་རེད་ཅེས་བཀའ་སྩལ་དང་ཆབས་ཅིག མིའི་རང་བཞིན་ལྷན་སྐྱེས་དེ་བརྩེ་བའི་བདག་ཉིད་ཡིན་སྟབས་ཨ་མའི་བརྩེ་བའི་འོག་ནས་ང་ཚོ་འཚོ་ཞིང་། ལྷག་པར་ཆུང་དུས་ནས་བརྩེ་བའི་བག་ཆགས་སམ་ནུས་པ་ཡོད་པ་རེད་ཅེས་བཀའ་སྩལ་ཡོད།

མགོན་པོ་༸གང་ཉིད་མཆོག་གིས་ད་དུང་དེང་གི་ཆར་འཛམ་གླིང་ཕྱོགས་གང་སར་འཛམ་གླིང་ཞི་བདེ་ཞེས་གསུང་བཞིན་ཡོད་པ་དེ་སེམས་བཟང་པོ་གནང་བའི་ཐོག་ནས་ཡོང་རྒྱུ་ཡོད་པ་ཞིག་དང་། དེའང་ཆོས་ཀྱི་སྙིང་པོ་ཡིན་པ་མ་ཟད། སེམས་བཟང་པོ་བྱ་རྒྱུ་ནི་མི་ཚེ་གཅིག་གི་དོན་ཆེན་ཡིན་པར་སེམས་དགོས་ཞེས་ལམ་སྟོན་མཛད་སོང་།

ལོ་རྒྱུས་ཐོག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆགས་ཡོད་པ་དང་། ལྷག་པར་བོད་ཀྱི་ཡིག་གཟུགས་གསར་བཟོ་མཛད་དེ་བོད་ཡིག་ལ་ཐུགས་སྣང་ཆེན་པོ་གནང་སྟེ་༸རྒྱལ་བའི་བཀའ་བསྟན་རྣམས་བོད་ཡིག་ཐོག་ཏུ་ཕབ་བསྒྱུར་གནང་ཡོད་པ་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཆགས་ཡོད་སྟབས། བོད་ཀྱི་ཆོས་དང་རིག་གཞུང་ནང་ཡོད་པའི་སེམས་བཟང་པོ་བྱ་ཐབས་ཀྱི་ལམ་སྟོན་དེ་དག་ང་ཚོས་མུ་མཐུད་བདག་གཅེས་གནང་དགོས་གལ་ཡིན་པ་སོགས་བཀའ་སྩལ་ཡོད།

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ལམ་རིམ་བསྡུས་དོན་དང་བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་གཏན་ཁེལ་ཡོད་ཀྱང་། འདི་ཚེས་ ༡ ཉིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་བར། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགུལ་ཆམ་ཕྲན་བུ་བཞེས་པར་བརྟེན། སྐུའི་བླ་སྨན་པས་མགོན་པོ་༸གང་ཉིད་མཆོག་༸སྐུ་ངལ་གསོ་བཞུགས་མཛད་དགོས་པའི་ཇི་ལྟར་དགོངས་འཆར་ཕུལ་བ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་སྟབས། བཀའ་ཆོས་ཀྱི་ཉིན་དང་པོ་དང་གཉིས་པ་གཉིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གནང་ཡོད་པ་རེད།

ཐེངས་འདིའི་བཀའ་ཆོས་ཐོག་ཐེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་ ༡༥༠༠ ལྷག་དང་དད་ལྡན་ཆོས་ཞུ་བ་གཞན་བརྒྱ་ཕྲག་ལྷག་ལྷན་ཞུགས་གནང་འདུག ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།