Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཧྥིན་ལེནྜ་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ Finland ཧྥིན་ལེནྜ་བདམས་ཐོན་སྲིད་འཛིན་ Alexander Stubb མཆོག་ལ་འཚམས་འཕྲིན་སྩལ་བ་དང་སྦྲགས། འབྱུང་འགྱུར་ལོ་དུས་ཁྲོད་ཧྥིན་ལེནྜ་མི་མང་གི་མངོན་འདོད་དང་རེ་བ་འགེགས་མེད་དུ་གྲུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེ་ཡང་ཁ་སང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འཕྲིན་གྱི་ཐོག་མར་འཚམས་འདྲི་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དེ་སྔོན་ཡུལ་དེར་ཐེངས་འགའ་ཤས་ཆིབས་བསྒྱུར་མཛད་རྒྱུ་བྱུང་བ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་ཆབས་ཅིག སྐབས་དེར་ཧྥིན་ལེནྜ་མི་མང་ཚང་མས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་དགོངས་ལྟར་བྱམས་བརྩེ་དང་སྙིང་རྗེ། དེ་བཞིན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱི་གལ་གནད་བཅས་ལ་དོ་སྣང་ཆེན་པོ་གནང་བར་རྗེས་སུ་ཡི་རང་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་དེང་གི་ཆར་འཛམ་གླིང་ཡུལ་གྲུ་མང་པོར་འཚེ་བའི་དམག་འཁྲུག་སོགས་ཀྱི་སྦྱོར་བ་ལ་བརྟེན་ནས་མི་རྣམས་དཀའ་སྡུག་མྱོང་བཞིན་ཡོད་པ་དེ་བློ་ཕམ་དགོས་པའི་རང་བཞིན་ཞིག་ཡིན་ཞིང་། ལྷག་པར་མགོན་པོ་༸གང་ཉིད་མཆོག་འཛམ་གླིང་འདི་བཞིན་གོ་མཚོན་དང་འཚེ་བ་མེད་པའི་ལས་འགུལ་དམ་བཅས་མཛད་མཁན་ཞིག་ཡིན་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་གྲོས་མོལ་དང་ཕན་ཚུན་འབྲེལ་ལམ་ཐོག་ནས་འཁྲུག་རྩོད་མེད་པར་ཞི་བདེ་དང་བྱམས་བརྩེའི་རང་བཞིན་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ལས་དོན་བསྒྲུབ་པའི་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་ཏེ། ཧྥིན་ལེནྜ་གི་བདམས་ཐོན་སྲིད་འཛིན་མཆོག་གི་ངོས་ནས་མ་འོངས་འབྱུང་འགྱུར་ལོ་ཟླའི་ཁྲོད་དེ་འབྲེལ་མི་མང་གི་མངོན་འདོད་དང་རེ་བ་འགེགས་མེད་དུ་གྲུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

རྩ་བའི་ Alexander Stubb མཆོག་ནི་ཕྱི་ལོ་ ༡༩༦༨ ལོར་འཁྲུངས་ཤིང་། རིམ་པའི་ཧྥིན་ལེནྜ་གི་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་། ཡུལ་དེའི་ཕྱི་སྲིད་བློན་ཆེན། ཡོ་རོབ་མཐུན་ཚོགས་ཀྱི་ལས་དོན་དང་ཚོང་འབྲེལ་བློན་ཆེན། ཡུལ་དེའི་ National Coalition Party རྒྱལ་ཡོངས་མཉམ་འབྲེལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད། དཔལ་འབྱོར་བློན་ཆེན་བཅས་དང། ལྷག་པར་ཕྱི་ལོ་ ༢༠༡༤ ནས་ ༢༠༡༥ བར་ཡུལ་དེའི་སྲིད་བློན་གྱི་ཐུགས་འགན་ཡང་བཞེས་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།