Tibetan Royal Year of 2151 | Year of the Wood Dragon

༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༢ ཚེས་ ༡༤ སྟེ། རེས་གཟའ་ལྷག་པ་༸རྒྱལ་བའི་སྐུའི་བླ་གཟའ་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་ངམ་གམ་བཅར་རྣམ་རྒྱལ་གྲྭ་ཚང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལོ་བཅུ་ཕྲག་གཅིག་གཉིས་༸སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུག

དེའང་བོད་ལུགས་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་དགུང་ལོ་ ༩༠ ཕེབས་ཀྱི་ཡོད་ཅིང་། དེ་རིང་སྔ་དྲོ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་གིས་བརྟན་བཞུགས་དང་འབྲེལ་བའི་༸སྐུའི་ཚེ་སྒྲུབ་ཀྱི་གནང་སྒོ་ཁག་གནང་གྲུབ་སྟེ། ཕྱག་ཚོད་ ༨ ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་སྐབས་དེར་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་མགོན་པོ་༸གང་ཉིད་མཆོག་དབར་ཐོུང་མིན་གྱི་འབྲེལ་ཡོད་པ་དང་། ལྷག་པར་གྲྭ་ཚང་འདིའི་དགེ་འདུན་པ་རྣམས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་བརྒྱུད་བསྟན་འགྲོ་སྤྱི་ལ་ཕན་ཐོགས་རྒྱ་ཆེར་བསྒྲུབ་དགོས་གལ་ཡིན་པར་བཀའ་སྩལ་ཏེ། དེ་རིང་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་ད་དུང་ལོ་བཅུ་ཕྲག་གཅིག་གཉིས་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུག

འདི་གའི་གསར་འགོད་པས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་དེ་རིང་གི་བརྟན་བཞུགས་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་སྐབས། ཁོང་གིས་གྲྭ་ཚང་གི་རྟེན་དང་བརྟེན་པ་བཅས་༸གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། བརྟན་བཞུགས་འདིའི་བརྒྱུད་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག བོད་ལུགས་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་ཡོད་ཅིང་། དེ་རིང་ལོ་གསར་ཚེས་པ་ ༥ གནམ་ལོ་གསར་ཚེས་ཀྱི་དུས་བཟང་བཅས་ལ་གཞིགས་ནས་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་པར་སྐལ་པ་བཟང་པོ་བྱང་ཞེས་འགྲེལ་བརྗོད་གནང་སོང་།

དེ་བཞིན་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་སློབ་གྲྭའི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྲེང་ན་རིམ་དང་རྣམ་རྒྱལ་གྲྭ་ཚང་དབར་ཐོུང་མིན་གྱི་འབྲེལ་བ་འབྱུང་རིམ་དང་གྲྭ་ཚང་གི་མཚན་འདོགས་ཚུལ་ལའང་རིམ་པའི་འགྱུར་བ་ཕྱིན་པ་སོགས་དེ་བྱུང་ལོ་རྒྱུས་ཁག་འགྲེལ་བརྗོད་གནང་སོང་། ཞིབ་ཕྲིའི་གོང་གི་སྒྲ་སྒམ་དང་བརྙན་ཐུང་བརྒྱུད་གསན་གཟིགས་གནང་ཐུབ།

གཞི་རྩའི་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནི་ཐོག་མར་ ༡༥༠༩ ལོར་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་༸རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་ཐོག་མར་གསར་བཙུགས་གནང་པ་ཞིག་ཡིན་པ་དང་། ཕྱིས་སུ་བཙན་བྱོལ་ནང་ཕྱི་ལོ་ ༡༩༦༢ ལོར་བསྐྱར་བཙུགས་གནང་། ཁྱད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་ལམ་སྟོན་འོག་ ༡༩༧༠ ནས་གྲྭ་ཚང་དུ་མཚན་ཉིད་སློབ་གཉེར་གནང་རྒྱུའི་ལམ་སྲོལ་གསར་གཏོད་མཛད་དེ་དེང་གི་ཆར་གྲྭ་ཚང་དུ་སློབ་གཉེར་བ་དགེན་འདུན་འདུས་མང་ཁྱོན་ ༡༣༠ ཙམ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།