Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་གཞོན་པར་འཚམས་འཕྲིན་སྩལ་བ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཁ་སང་ཚེས་༢༣ ཉིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གཞུང་འཛིན་གསར་བའི་དམ་འབུལ་མཛད་སྒོ་དང་བསྟུན་ནས་སྲིད་འཛིན་གཞོན་པ། ལྕམ་སྐུ་ཀམ་ལ་ཧེ་རི་སུ་མཆོག་ལ་མཚམས་འཕྲིན་སྩལ་འདུགམགོན་པོ་གང་ཉིད་མཆོག་གིས།  ལྕམ་སྐུ་མཆོག་གིས་ལོ་མང་གི་རིང་ལ་སྤྱི་ཚོགས་ནང་ཕྱག་ལས་རླབས་ཆེན་སྒྲུབ་མྱོང་ཡོད་པར་བརྟེན། སྲིད་འཛིན་གཞོན་པའི་ལས་ཐོག་ནས་ཨ་རིའི་མི་མང་གི་ཆེད་དུ་སྔར་བཞིན་རླབས་ཆེན་གྱི་ཞབས་འདེགས་ཞུ་ཐུབ་པར་ཡིད་ཆེས་ཡོད་ཅེས་བཀའ་སྩལ་འདུག

གཞན་ཡང་མགོན་པོ་མཆོག་གིས།  ལྕམ་སྐུ་མཆོག་ནི་ཨ་རིའི་ལོ་རྒྱུས་ཀྱི་ནང་དུ་བུད་མེད་ཅིག་གིས་སྲིད་འཛིན་གཞོན་པའི་ལས་ཁུར་ཞུས་པ་དང་པོ་དེ་ཆགས་ཡོད་པར་གང་ཉིད་ཐུགས་མཉེས་པོ་བྱུང་ཡོད་པར་བཀའ་སྩལ་དང་འབྲེལ། ལྕམ་སྐུ་མཆོག་གིས་སྲིད་འཛིན་གཞོན་པའི་ལས་ཁུར་བཞེས་པ་དེ་ནི་ཨ་རི་ཁོ་ན་ཙམ་མིན་པར། ཨ་རིའི་དབུ་ཁྲིད་ལ་མིག་དཔེ་ལྟ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ལ་བློ་སྤོབས་སྐྱེད་གཞི་ཞིག་ཆགས་ཡོད་པར་བཀའ་གནང་འདུག

དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒྱལ་ཡུམ་ཆེན་མོ་བརྒྱུད། བུད་མེད་རྣམས་ནི་གཞན་གྱི་བདེ་སྡུག་ཚོར་རྣོ་བ་ཞིག་ཡིན་པའི་ངེས་བ་རྙེད་ཡོད་པ་མ་ཟད། དེང་རབས་ཚན་རིག་གིས་ཀྱང་བྱམས་བརྩེ་ལ་ཐུག་སྐབས་བུད་མེད་རྣམས་གཞན་དོན་ཚོར་རྣོ་བ་ཞིག་ཡིན་པའི་བདེན་དབང་རྙེད་ཡོད་པ་ལྟར།  དེང་དུས་ཀྱི་སྤྱི་ཚོགས་ནང་དུ་བུད་མེད་རྣམས་ཀྱི་དབུ་ཁྲིད་ཀྱི་རིན་ཐང་དང་གལ་གནད་ལ་ངོས་འཛིན་ཐོབ་བཞིན་པ་ནི་དགའ་འོས་བའི་གནད་དོན་ཞིག་ཡིན་པ་དང་། གང་ཉིད་མཆོག་གི་ངོས་ནས་འཛམ་གླིང་ནང་གི་དབུ་ཁྲིད་མང་བ་བུད་མེད་བྱུང་ཡོད་ཚེ། འཛམ་གླིང་འདིར་བསམ་ཤེས་ཆེ་ཞིང་ཞི་བདེ་ལྡན་པ་ཞིག་ཏུ་བསྒྱུར་ཡོད་པའི་ཐུགས་ཚོར་བྱུང་བཞིན་ཡོད་པ་བཀའ་གནང་འདུག

ལྷག་པར་དུ་མགོན་པོ་མཆོག་སྐུ་ན་གཞོན་དུས་ནས། ཨ་རི་དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་རང་དབང་དང་མང་གཙོ། དེ་བཞིན་ཆོས་ལུགས་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར་འདོད་མཁན་རྣམས་ཀྱི་རེ་བ་བཅིངས་ས་ལྟ་བུ་ཞིག་ཡིན་པར་བསྔགས་བརྗོད་གནང་མཁན་ཞིག་ཡིན་པར་བཀའ་སྩལ་བ་དང་སྦྲགས། ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས་ཀྱིས་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་རྒྱུའི་འགན་བཞེས་པ་ལྟར་བྱ་བཞག་མཐའ་དག་ལམ་ལྷོངས་ཡོང་བར་ཐུགས་སྨོན་མཛད་རྒྱུ་ཡིན་སྐོར་གསུངས་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།