Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ཕྱི་ལོ་ ༢༠༢༠ ནང་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་ཚོགས་འདུར་དབུ་བཞུགས་མཛད་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཨོ་སི་ཊོ་ལི་ཡ་ནང་དུ་འཚོགས་བཞིན་པའི་ཕྱི་ལོ་ ༢༠༢༠ ནང་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་ཚོགས་འདུའི་བགྲོ་གླེང་ཐོག་དབུ་བཞུགས་དང་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་།དེ་རིང་ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོར་ཨོ་སི་ཊོ་ལི་ཡ་སི་ནེ་གཙུག་ལག་མཐོ་སློབ་ཀྱི་ཀླད་པ་དང་སེམས་ཀྱི་ཞིབ་འཇུག་ཁང་གི་སློབ་དཔོན་ Ian Hickie ལགས་དང་ལྷན་དུ་ཚོགས་པའི་བགྲོ་གླེང་དེའི་ཐོག་མདོ་འཛིན་པ་སྐུ་ཞབས་ Tony Steel ལགས་ཀྱིས་༸གོང་ས་མཆོག་དེ་སྔ་ཨོ་སི་ཊོ་ལི་ཡ་ནང་དུ་ཆིབས་བསྒྱུར་ལན་མང་མཛད་མྱོང་ཡོད་པར་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་མཁྱེན་གསལ་ལྟར་ཨོ་སི་ཊོ་ལི་ཡའི་ནང་མེའི་འཇིག་པའི་གོད་ཆག་ཚབས་ཆེན་བྱུང་རྐྱེན་ཁུལ་དེར་གནས་བཞུགས་མང་ཚོགས་མང་པོའི་ཚེ་སྲོག་དང་རྒྱུ་ནོར། དེ་བཞིན་རི་དྭགས་སྲོག་ཆགས་སོགས་ལ་གནོད་འཚེ་ཐེབས་བཞིན་པའི་དུས་སྐབས་དང་ད་དུང་ཡང་གཉན་རིམས་ཁྱབ་གདལ་གྱི་རྐྱེན་གྱིས་གྲོགས་མེད་ཁེར་རྐྱང་ལྟ་བུར་གནས་དགོས་པའི་བཟོད་དཀའ་བའི་ངལ་བ་ཆེན་པོ་འཕྲད་པའི་དུས་འདིར་གདོང་ལེན་ཇི་ལྟར་གནང་དགོས་སྐོར་དང་འབྲེལ་བའི་བཀའ་འདྲི་དགོངས་སྐོར་ཞུས་པ་ལྟར་༸གོང་ས་མཆོག་གིས་སྐབས་དེར་ཨོ་སི་ཊོ་ལི་ཡའི་གླིང་ཕྲན་དེ་རྒྱ་གར་དང་ཐག་རིང་པོ་ཆགས་ཡོད་སྟབས་ལོ་ཤས་རིང་མགོན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་ཐུབ་མེད་པ་དེ་ལྟར་ཡང་། མཛའ་བཤེས་མང་དག་ཅིག་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛ་ལན་ཌིར་ཡོད་པ་རེད་ཅེས་བཀའ་སྩལ་དང་སྦྲགས། ནིའི་ཛ་ལན་ཌིར་ཕན་ཚུན་མཇལ་འཕྲད་སྐབས་ཐུན་མིན་ཤངས་འཕྲད་ནས་འཚམས་འདྲི་གནང་སྲོལ་ཡོད་པ་དེ་ཐུགས་དྲན་གསོས་སྐོར་ཞལ་ཤོབ་དང་འབྲེལ་ནས་འཚམས་འདྲི་མཛད་དེ། དེང་གི་གོ་ལ་ཁྱོན་ཡོངས་ལ་ཚ་གྲོད་འཕེལ་བའི་ངལ་བ་འཕྲད་བཞིན་པ་ནི་བསམ་སྤྱོད་ལས་འདས་པའི་གནས་དོན་ཞིག་དང་། དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་མེའི་འཇིག་པའི་གོད་ཆག་ཚབས་ཆེན་བྱུང་བ་དེ་དག་ནི་གཡོལ་ཐབས་མེད་པའི་ངལ་བ་ཆེས་འཚབས་ཆེན་ཡིན་པ་རེད། དེས་ན་ནང་པའི་གསུང་རབ་དག་ལས་འཇིག་རྟེན་སྟོང་ཚུལ་བཤད་སྐབས་མཚོན་དང་མུ་གེ། དེ་བཞིན་ནད་ཡམས་བཅས་ཀྱི་ཐོག་ནས་སྟོང་ཚུལ་གསུངས་པ་ལྟར་འཇིག་རྟེན་སྟོང་བར་ཁ་ཕྱོགས་ཀྱི་ཡོད་པ་རེད། འགྱུར་ལྡོག་འགྲོ་བ་ནི་ཆོས་ཉིད་ཀྱི་གཤིས་ལས་མ་འདས་སྟབས་ང་རང་ཚོ་གསོན་པའི་རིང་ལ་མི་ཚེ་བདེ་སྐྱིད་དང་ཞི་བདེ། མཐུན་སྒྲིལ་ལྡན་པ་ཞིག་ཡོང་བར་འབད་བརྩོན་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་འདུགདེ་བཞིན་༸གོང་ས་མཆོག་གིས་གཞི་རྩའི་ང་ཚོ་འགྲོ་བ་མི་ཚང་མའི་རང་བཞིན་ནི་བྱམས་བརྩེའི་བདག་ཉིད་གཅིག་མཚུངས་ཡིན་ཀྱང་སྐབས་རེར་ང་ཚོས་སྲོག་ཆགས་གཞན་ཚོ་ལའང་དཀའ་ངལ་ཆེན་པོ་བཟོ་མཁན་ཆགས་ཡོད་སྐོར་བཀའ་སྩལ་དང་འབྲེལ། ཤེས་ཡོན་གྱི་ཐོག་ནས་འགྲོ་བ་མི་ཐེར་འབུམ་བདུན་པོ་དེ་དག་གཅིག་གྱུར་ཡིན་པའི་འདུ་ཤེས་བསྐྲུན་དགོས་ཞེས་ལམ་སྟོན་སྩལ་འདུགཨོ་སི་ཊོ་ལི་ཡའི་སི་ནེ་གཙུག་ལག་མཐོ་སློབ་ཀྱི་ཀླད་པ་དང་སེམས་ཀྱི་ཞིབ་འཇུག་ཁང་གི་སློབ་དཔོན་ Ian Hickie ལགས་ཀྱིས་སློབ་ཕྲུག་ཚོར་རང་ཉིད་ཀྱི་བདེ་སྐྱིད་དེ་གཞན་གྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པར་ལམ་སྟོན་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ངོས་ཀྱིས་རྣམ་ཀུན་ནས་ཡོ་རོབ་སྤྱི་མཐུན་ཚོགས་པ་གསར་འཛུགས་གནང་བ་ནས་བཟུང་དེའི་ཕྱག་ལས་གནང་ཕྱོགས་ལ་ཡིད་མོས་བྱེད་དོན་ལྟར་དེ་སྔ་ཕ་རན་སི་དང་འཇར་མ་ནི་དབར་དགྲ་བོའི་འདུ་ཤེས་ཀྱི་མི་མཐུན་པའི་འགལ་ཟླའི་བསམ་བློ་ཡོད་པ་དེ་རྗེས་སུ་མེད་པར་གྱུར་བ་སོགས་མིག་བལྟོས་འོས་པ་ཞིག་ཆགས་ཡོད་སྐོར་བཀའ་སྩལ་དང་སྦྲགས། རྒྱལ་ས་ཝ་ཤིན་ཊོན་ནང་གང་ཟག་འབྱོར་ལྡན་དུ་མ་ཡོད་སར་ཆེས་དབུལ་པོ་མི་ཉུང་བ་ཞིག་ཡོད་པར་གཟིགས་པ་མ་ཟད། རྒྱ་གར་ལྟ་བུར་དབུལ་པོ་མང་དག་ཅིག་དང་ལྷག་དོན་བུད་མེད་ཚོར་བརྙས་བཅོས་བཏང་བའི་གནས་སྟངས་འབྱུང་བཞིན་ཡོད་སྟབས། ང་ཚོས་ངལ་བ་དེ་དག་སེལ་ཐབས་དང་དབུལ་ཕྱུག་གི་ཁྱད་པར་མེད་པ་བཟོ་ཐབས་ལ་འབད་དགོས་གལ་ཡིན་པར་བཀའ་སྩལ་འདུགདེ་བཞིན་སྐུ་ཞབས་ Tony Steel ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མི་ལོ་བཞི་བཅུ་ལྷག་གི་རིང་ཚན་རིག་པ་ཚོ་དང་ལྷན་དུ་ཟུང་འབྲེལ་གྱི་ཕྱག་ལས་གནང་ཡོད་སྟབས་ཚན་རིག་ཐོག་ནས་༸སྐུའི་ཉམས་བཞེས་ལ་སྨན་པའི་གྲུབ་དོན་གང་སོན་ཡོད་དམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ཚན་རིག་ཐོག་ནས་སེམས་ཁམས་རིག་པ་དང་འབྲེལ་བའི་ཕན་ཐོགས་གནང་དཀའ་ནའང་གནས་ཚུལ་གསར་པ་ཤེས་རྟོགས་ཐུབ་པར་ཕན་ཐོགས་ངེས་ཅན་ཞིག་ཡོང་གི་ཡོད་པར་བཀའ་སྩལ་དེ་ལྟར་མཛད་ཡོད།དེ་རིང་བགྲོ་གླེང་གི་མདོ་འཛིན་པ་སྐུ་ཞབས་ Tony Steel ལགས་ཀྱིས་བགྲོ་གླེང་ལེགས་གྲུབ་དང་བསྟུན་༸གོང་ས་མཆོག་བགྲོ་གླེང་གི་ཚོགས་འདུའི་གཙོ་མགོན་དུ་དབུ་བཞུགས་མཛད་པར་བཀྲིན་ཆེ་ཞེས་དང་སློབ་དཔོན་ Ian Hickie ལགས་ཀྱིས་ཀྱང་རང་ཉིད་ཀྱི་དགོངས་ཚུལ་ཁག་གསུངས་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོང་བའི་རེ་བ་དང་། དེ་བཞིན་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་བཅས་ཞུ་རྒྱུ་མ་ཟད། ལྷག་དོན་དུས་སང་ཨོ་སི་ཊོ་ལི་ཡར་དངོས་སུ་ཆིབས་བསྒྱུར་མཛད་ཐུབ་པའི་རེ་བ་ཡོད་ཅེས་ཞུས་ཡོད་སྟབས། ༸གོང་ས་མཆོག་གིས་ཐུགས་བརྩེ་ཆེན་པོས་ངོས་ནས་ལོ་བཅུ་ཉི་ཤུ་གསོན་པོ་བསྡད་ཐུབ་ཀྱི་རེད། དེས་ན་ང་ཚོ་ཕན་ཚུན་དབར་གོ་བསྡུར་བྱེད་རྒྱུའི་དུས་ཚོད་འདང་ངེས་ཡོང་གི་རེད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།