Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་འདི་ལོའི་དབྱར་ཁར་ལ་དྭགས་ལྡུམ་ར་དང་གླེར་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་སྨིན་སྩལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ལ་དྭགས་ནས་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་བཅར་ཞུས་ཏེ། འདི་ལོའི་དབྱར་ཁར་ཁུལ་དེར་ཆིབས་བསྒྱུར་གསོལ་འདེབས་ཞུས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བཞེས་བཟང་པོ་མཛད་འདུག

དེ་རིང་ཞོགས་ལ་དྭགས་ནས་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་དབུས་པའི་ལ་དྭགས་རི་ལྗོངས་ཡར་རྒྱལ་ལྷན་ཚོགས་ཀྱི་སྡེ་དཔོན་གཞོན་པ་དང་སྤྱི་འཐུས། དེ་བཞིན་ལྡུམ་ར་བསམ་གཏན་གླིང་དགོན་པའི་སྐུ་ཚབ་དང་ལྡུམ་རའི་༼ནུབ་ར་༽ ནང་པ་ཚོགས་འདུའི་སྐུ་ཚབ་གཅིག་བཅས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་འདི་ལོའི་དབྱར་ཁར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལྡུམ་རྭ་དང་གླེར་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཀྱང་དུས་ཚེས་ངེས་གཏན་བྱུང་མེད་པ་རེད་འདུག

ལ་དྭགས་སྐུ་ཚབས་ཚོགས་ཆུང་ནས་གཟིམ་ཆུང་མཇལ་ཁ་ཞུས་གྲུབ་མཚམས་སུ་འདི་ག་གསར་འགོད་པས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་དེ་འབྲེལ་བཅར་འདྲི་ཞུས་སྐབས་༸གོང་ས་མཆོག་སྔར་ལོ་ཡང་ལ་དྭགས་ལྡུམ་རའི་ཁུལ་དུ་ཆིབས་བསྒྱུར་མཛད་ཐུབ་མེད་སྟབས་སླར་ཡང་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་དང་ཐོག་ལྡུམ་རྭར་ཆིབས་བསྒྱུར་དང་དེ་ནས་གླེར་ཆིབས་བསྒྱུར་མཛད་ཀྱི་ཡིན་ཞེས་བཀའ་བསྩལ་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།