Tibetan Royal Year of 2151 | Year of the Wood Dragon

ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་དང་ང་ཚོ་གཞིས་བཞུགས་བོད་མི་ཚོའི་རྒྱབ་ཏུ་ཡོད་ཅེས་པའི་བརྡ་ལན།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་མི་གྲངས་ ༤༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་།   ལས་འགུལ་བ་ཚོས་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་ ༦༥ འཁོར་གྱི་ཡོད་ཀྱང་ང་ཚོ་སེམས་ཤུགས་ཆགས་མེད།   ང་ཚོས་རང་དབང་འཐབ་རྩོད་མུ་མཐུད་བྱེད་ཀྱི་རེད།  བོད་ནང་གི་བོད་མི་ཚོ་སེམས་ཤུགས་ནམ་ཡང་མ་ཆགས་རོགས།   ང་ཚོ་ཁྱེད་ཚོའི་རྒྱབ་ཏུ་ཡོད་ཅེས་འབོད་སྒྲ་བསྒྲགས་ཡོད་པ་རེད།

ལས་འགུལ་དེ་ནི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་།   རྩ་བའི་གཞོན་ནུ་ལྷན་ཚོགས་ངོས་ནས་ཁ་སང་གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱ་ཐབས་བྱས་ཀྱང་རེས་གཟའ་ཉི་མ་ཡིན་སྟབས། ཕྱིར་འགྱངས་ཀྱིས་དེ་རིང་གོ་སྒྲིག་ཞུས་ཡོད་པ་རེད། 

TYC

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་ཇི་སྲིད་བོད་ཀྱི་བདེན་མཐའ་མ་སེལ་བར་དེ་སྲིད་དུ་ལས་འགུལ་འདི་རིགས་མུ་མཐུད་སྤེལ་རྒྱུ་ཡིན་པ་མ་ཟད།   རྒྱ་ནག་གཞུང་གི་ངོས་ནས་བོད་ནང་གི་བོད་མི་ཚོར་སྡུག་སྦྱོིང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་བྱ་དགོས་ཞིང་། ལྷག་པར་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱི་སྲིད་བྱུས་འོག་བོད་རིགས་བྱིས་པ་ཚོ་ཕ་མ་དང་ཁ་བྲལ་གྱིས་རྒྱ་ནག་མི་སེར་སྤེལ་ཡུལ་གཏན་འཇག་བཅའ་སྡོད་སློབ་གྲྭར་བཙན་གཏོང་བྱས་ཀྱི་ཡོད།   དེ་བཞིན་ཉེ་ཆར་བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གྱི་ལས་གཞི་འོག་ཁུལ་དེའི་བོད་མི་ཚོར་མནར་གཅོད་བཙོན་འཇུག་ཙམ་མ་ཟད།   བོད་ཀྱི་རྩ་ཆེའི་རིག་གནས་ཡོད་པའི་དགོན་པ་རྙིང་གྲས་ཁག་གཅིག་དང་གྲོང་སྡེ་གནས་སྤོ་བྱ་དགོས་པའི་ཛ་དྲག་གི་བཙན་དཀའ་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་བརྡ་ལན་སྤྲོད་རྒྱུ་དེ་ཡིན་ཞེས་གསུངས་སོང་།

TYC

ལས་འགུལ་བ་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ཚོ་ཁག་གཉིས་ལ་བགོས་ཏེ། རྒོལ་འཆོང་བྱས་ཡོད་པ་དང་།   ཁོང་རྣམ་པའི་ལག་ཏུ་བོད་དོན་དང་འབྲེལ་བའི་འབོད་ཚིག་འཁོད་པའི་འཕྲེད་དར་དང་ངོ་གདོང་ལ་བོད་ཀྱི་རྒྱལ་དར་སོགས་བྲིས་ཏེ་བོད་རང་བཙན།   བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་སོགས་ཀྱི་སྐད་འབོད་བྱས་པ་མ་ཟད།   སྡེ་དགེ་ཁུལ་གྱི་ད་ལྟའི་ཛ་དྲག་གནས་སྟངས་དང་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཐོག བཙན་བྱོལ་ནང་གནས་སྡོད་བོད་མི་ཚོས་མ་ཤི་བར་དུ་གཞིས་བཞུགས་བོད་མིའི་རང་དབང་སླད་དུ་འཐབ་རྩོད་མུ་མཐུད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུང་གི་འདུག

TYC

ལས་འགུལ་བ་ཕོ་མི་གྲངས་  ༣༥ དེ་དག་གིས་ཆུ་ཚོད་ཕྱེད་ཀ་ལྷག་ངོ་རྒོལ་སྐད་འབོད་བྱས་རྗེས་སུ་ས་གནས་སྐོར་སྲུང་བས་ལས་འགུལ་བ་ཚང་མ་འཛིན་བཟུང་བྱས་ཏེ་ལྡི་ལི་ནུབ་ཕྱོགས་ InderPuri སྐོར་སྲུང་ལས་ཁང་དུ་དོ་དམ་བྱས་ཡོད་པ་རེད།

TYC

གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ དང་བསྟུན། རྒྱལ་ས་ལྡི་ལིའི་ཇན་པ་རྡི་ས་ཚིགས་ནས་ཇན་ཏར་མན་ཏར་བར་ཞི་བའི་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་།   སྐབས་དེར་བོད་མི་ཙམ་མིན་པར་རྒྱ་གར་བོད་དོན་རྒྱབ་སྐྱོར་གནང་མཁན་གནད་ཡོད་མི་སྣ་ཁག་གཅིག་ཕེབས་འདུག་པ་མ་ཟད།   སྙན་གྲགས་ཡོད་པའི་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་པ་ཨ་ནནྡ་ཀུ་མར་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་ཅིང་། སྔ་ཕྱི་ལྟོས་མེད་ནམ་ཞིག་ལ་རྒྱ་གར་གཞུང་གིས་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་དོན་དམ་གྱི་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད།

TYC

འབྲེལ་ཡོད་གསར་གནས།

གསར་གནས།