Tibetan Royal Year of 2151 | Year of the Wood Dragon

གསུམ་བཅུའི་དུས་དྲན་དང་བསྟུན་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱབ་སྐྱོར་རྣམ་པ་གསལ་འདོན།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༥ པའི་དུས་ཚིགས་དང་བསྟུན་ནས་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བཙན་བྱོལ་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཀུན་གྱིས་ཉིན་མོ་དེ་དྲན་གསོ་ཞུ་བཞིན་པའི་ཁྲོད། རྒྱལ་སྤྱི་ཚོགས་པ་དང་གནད་ཡོད་མི་སྣ་བཅས་ནས་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་རྣམ་པ་གསལ་འདོན་གནང་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy pelosi མཆོག་གིས་ Twitter  དྲྭ་གནས་ཐོག་འདས་པའི་ལོ་ངོ་དྲུག་ཅུ་རེ་ལྔའི་ནང་བོད་མི་སྟོང་ཕྲག་མང་པོས་རང་གི་ཆོས་དང་། རིག་གཞུང་། དེ་བཞིན་སྐད་ཡིག་གི་རང་དབང་ཆེད་དུ་སོ་སོའི་ཚེ་སྲོག་བློས་བཏང་བྱས་ཡོད་ལ་༸གོང་ས་མཆོག་ཀྱང་རང་གི་རྒྱལ་ཁབ་དང་ཁ་བྲལ་དགོས་བྱུང་ཡོད་པ་འགྲེལ་བརྗོད་དང་སྦྲགས། ང་ཚོས་བོད་མིའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དམ་བཅའ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

Nancy Pelosi

དེ་བཞིན་ CECC ཞེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་གི་སྐུ་ཚབ་བཅས་ལས་གྲུབ་པའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་གཙོ་འཛིན་ Christopher Smith ལགས་ཀྱིས་ཀྱང་ Twitter དྲ་གནས་ཐོག་སྡེ་དགེའི་ཁུལ་དུ་བོད་མི་བརྒྱ་ཕྲག་མང་པོས་རང་ཁྱིམ་དང་དགོན་པ་སྲུང་སྐྱོབ་ཀྱི་ཞི་བའི་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད་པ་ལུང་འདྲེན་དང་སྦྲགས། བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༥ པ་འདི་དང་བསྟུན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛིན་བཟུང་བྱས་པའི་བོད་མི་དེ་དག་འཕྲལ་དུ་གློད་བཀྲོལ་གཏོང་སྟེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཤུལ་བཞག་ལ་གུས་བརྩི་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

Christopher Smith

གཞན་ཡང་དབྱིན་ཡུལ་ནང་རྟེན་གཞི་བྱེད་པའི་ Hong Kong Watch ཚོགས་པས་འཛམ་གླིང་ཡུལ་གྲུ་གང་སར་བོད་མི་སྒེར་ལངས་ཉིན་ངོ་རྒོལ་གནང་མཁན་གྱི་བོད་མི་རྣམས་དང་ལྷན་དུ་ཧོང་ཀོང་མི་མང་རྣམས་ཡོད་པ་མ་ཟད། བོད་ལ་མགྱོགས་མྱུར་རང་དབང་ཐོབ་པའི་སྨོན་ལམ་ཡོད་སྐོར་བརྗོད་འདུག ཚོགས་པ་དེས་སྤྱི་ཁྱབ་འགན་འཛིན་ Benedict Rogers ལགས་ཁ་སང་དབྱིན་ཡུལ་དུ་བོད་མིའི་རང་དབང་སྒེར་ཐེངས་ ༦༥ པའི་ཐོག་མཉམ་ཞུགས་གནང་ཡོད་འདུག་ལ་ World Uyghur Congress ཚོགས་པས་ཀྱང་རྒྱ་ནག་དམར་པོའི་གཞུང་གིས་ ༡༩༥༩ ལོར་བོད་དེ་བཙན་བཟུང་བྱས་ནས་མི་ལོ་ ༦༥ འཁོར་བར་གདུང་སེམས་མཉམ་བསྐྱེད་དང་ཡུ་གུར་མི་མང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གྱི་རྩོད་ལན་ལ་རྒྱབ་སྐྱོར་ཡོད་ཅེས་བཀོད་འདུག

Benedict Rogers

གཞི་རྩའི་ཁ་སང་ཕྱི་ཟླ་ ༣ ཚེས ༡༠ ཉིན་བཞུགས་སྒར་གཙོས་བོད་མི་གནས་སྡོད་བྱེད་སའི་ས་ཚིགས་ཀུན་ལ་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་ལྟར། ཨ་རིའི་རྒྱལ་ས་ Washington DC ཁུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཁུལ་དུ་ཚོགས་པ་ཁག་བརྒྱད་ཀྱི་གོ་སྒྲིག་འོག་བོད་མི་ ༣༠༠ ལྷག་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་ཡོད་འདུག

New York

མཛད་སྒོའི་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཉེ་ལམ་ཨ་རི་གྲོས་ཚོགས་འོག་མའི་ནང་བོད་དོན་ཁྲིམས་ཡིག་ཅིག་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་བ་ལྟར། གྲོས་ཚོགས་གོང་མའི་ནང་མུ་མཐུད་གཏན་འབེབ་ཡོང་ཆེད་ཕྱི་ཚེས ༡༡ དང་ ༡༢ བཅས་སུ་བོད་དོན་ཞུ་གཏུགས་གྱི་ལས་འགུལ་བ་ ༡༨༠ ནས་ཞུ་གཏུགས་གནང་རྒྱུ་ཡིན་པ་ལྟར། རང་ཉིད་སོ་སོའི་ཁྱབ་ཁོངས་ཀྱི་གྲོས་ཚོགས་འཐུས་མིར་མཉམ་རུབ་ཀྱི་ཐོག་ནས་ཞུ་སྐུལ་གནང་དགོས་པ་གསུངས་འདུག

Canada

དེ་བཞིན་ཁ་སང་ཁེ་ན་ཊར་ཚོགས་པ་ལྔའི་གོ་སྒྲིག་འོག་ཉིན་མོ་དེ་སྲུང་བརྩི་ཞུས་པའི་བརྒྱུད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། ཁེ་ན་ཌའི་ Ontario མངའ་ཁུལ་གྱི་ Parkdale གྲོས་ཚོགས་སུ་བུ་ཁྲིད་དཀར་པོ་ཆེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་མུ་མཐུད་དམ་བསྒྲགས་བྱེད་བཞིན་པ་དང་། རྒྱལ་ཚོགས་ནས་བོད་ཕྲུག་ས་ཡ་གཅིག་ལྷག་ཕ་མ་དང་ཁ་བྲལ་དུ་བཏང་ནས་རྒྱ་ནག་གི་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭར་ཆས་དགོས་པར་ཛ་དྲག་གི་ཉེན་བརྡ་བཏང་བ་མ་ཟད། ཉེ་བའི་ཆར་སྡེ་དགེའི་ནང་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་པ་སོགས་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲད་དགོས་པ་གསུངས་འདུག

ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ནས་བོད་མི་མང་བ་འདུ་སྡོད་བྱེད་ས་ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་ནང་མི་མང་༣༠༠༠ ལྷག་འདུ་འཛོམས་ཀྱི་ཐོག་ནས་པེ་རེ་སིའི་གྲོང་ཁྱེར་སྤྱི་ཁྱབ་སློབ་སྟོན་པ་དང་། སློབ་སྟོན་པ་གཞོན་པ་གདན་ཞུ་གནང་ནས་བོད་ཀྱི་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་འདུག་པ་མ་ཟད། ཨིན་ཡུལ་གྱི་རྒྱལ་ས་ London དུའང་ Hong Kong Watch ཚོགས་པས་སྤྱི་ཁྱབ་འགན་འཛིན་ Benedict Rogers ལགས་གདན་ཞུ་གནང་བའི་སྒོ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།