Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཅུ་གཅིག་པ་དབུ་འཛུགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་རིག་དྲུང་ཚབ་བསོད་ནམས་བཟང་པོ་ལགས། གཞན་ཡང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ལྷན་འཛོམས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཅིག་པ་བསྐོང་ཚོགས་གནང་སོང་།

Education Council and Advisory Committee Conference

དེ་ཡང་དེ་རིང་ཟླ་ ༣ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅིུག་པ་དབུ་འཛུགས་གནང་བ་དང་། སྐབས་དེར་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཤེས་ཡོན་ལྷན་ཚོགས་ཀྱི་དམིགས་ཡུལ་བསྐྱར་ཞིབ་དང་ཤེས་ཡོན་གྱི་སྒྲོམ་གཞི་ཕུགས་རྒྱང་རིང་པོར་གནས་ཐུབ་པ་བཟོ་རྒྱུ། དེ་བཞིན་སློབ་ཕྲུག་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ངོ་སྤྲོད་གནང་དགོས་པ་མ་ཟད། དགེ་རྒན་རྣམས་ནས་ཀྱང་སློབ་ཁྲིད་གནང་བ་ཙམ་མིན་པར་གྲུབ་འབྲས་ཐོན་མིན་ཞིབ་འཇུག་གནང་དགོས་གལ་བཅས་ཀྱི་སྐོར་གསུངས་གནང་སོང་།

Education Council and Advisory Committee Conference

ལྷན་ཚོགས་ཀྱི་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེང་སྐབས་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་བོད་པའིོ་སློབ་ཕྲུག་དང་གྲྭ་བཙུན་ཇེ་ཉུང་དུ་འགྲོ་བཞིན་པའི་སྐོར་དང་འབྲེལ་ནས་དེ་དག་གི་གྲངས་ཐོ་ཚད་ལྡན་ཞིག་བསྡུ་རུབ་ཀྱིས་མ་འོངས་པར་གནས་སྟངས་དེ་དང་འཚམ་པའི་ལས་འཆར་དང་། སྒྲོམ་གཞི། ལམ་ལུགས་བཟོ་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་སོང་བ་མ་ཟད། རབ་བྱུང་ན་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཚང་མའི་བསླབ་གཞི་གཅིག་མཚུངས་བཟོ་དགོས་པ་དང་། ལྷག་པར་དུ་དེ་སྔ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཐོག་མ་གཏན་འབེབས་གནང་སྐབས་ཀྱི་དགོངས་པ་ཇི་ཡིན་ཐོག་བསྐྱར་ཞིབ་ཀྱིས་ལག་བསྟར་ཚད་ལྡན་ཡོང་མིན་ཐད་གོ་བསྡུར་དགོས་པ་གསུངས་སོང་།

Education Council and Advisory Committee Conference

དེ་བཞིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་ངོས་ནས་ཕྱི་ལོ་ ༢༠༢༣ ནས་མ་སུ་རི་དང་གོ་པཱལ་པུར། ཀ་སྦུག སྦེལ་ཀོབ་ལུགས་བསམ་བཅས་སློབ་གྲྭ་ཁག་ཏུ་ཤེས་ཡོན་འདུ་འཛོམས་གོ་སྒྲིག་ལེགས་གྲུབ་བྱུང་ཡོད་པ་དང་། དེ་བཞིན་སྦེལ་ཇམ་དང་། ཨོསྟྲེ་ལི་ཡ། སུད་སི་བཅས་ཀྱི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་དྲྭ་ཐོག་སློབ་ཁྲིད་གནང་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད་སྐོར་གསུངས་པ་དང་སྦྲགས། མ་འོངས་པར་དེ་ལྟ་བུའི་ལས་གཞི་གནང་འཆར་ཡོད་སྐོར་དང་ལྷག་དོན་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་འཛིན་རིམ་ ༥ དང་ ༨ པའི་སྤྱི་ཡོངས་ཡིག་རྒྱུགས་གཏན་འབེབས་གནང་རྒྱུ་ཡིན་སྐོར་གསུང་བཤད་གནང་སོང་།

Education Council and Advisory Committee Conference

འདི་ག་རླུང་འཕྲིན་ཁང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཅུ་གཅིག་པ་དང་འབྲེལ་བའི་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ཉིན་གཉིས་ཀྱི་ལྷན་ཚོགས་དེའི་ཐོག་ཚོགས་བཅར་བའི་ངོས་ནས་གཙོ་བོ་གྲོས་གཞི་འདྲ་མིན་བཅུ་གསུམ་ཐོག་གོ་བསྡུར་གྱིས་གྲོས་ཆོད་གཏན་འབེབས་གནང་རྒྱུ་དང་། དེའི་ཁོངས་གཙོ་བོ་གཅིག་ནི་བོད་པའི་སློབ་གྲྭ་ཁག་གི་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་སྟངས་རྟོག་ཞིབ་དང་འབྲེལ་ལེགས་བཅོས་ཐབས་ལམ་ཡོང་སླད་རྡ་ས་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ་ཚོགས་པ་བཅས་ནས་གྲུབ་པའི་ལོ་འཁོར་རྟོག་ཞིབ་ཚོགས་ཆུང་བཙུགས་ནས་སློབ་གྲྭ་ཁག་ཏུ་རྟོག་ཞིབ་གནང་རྒྱུ་དེ་ཡིན་པ་གསུངས་སོང་།

Education Council and Advisory Committee Conference

དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་རྒྱུའི་ལྷན་ཚོགས་དེའི་ཐོག་ལ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་དང་། ཤེས་རིག་དྲུང་ཚབ་བསོད་ནམས་བཟང་པོ་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས། ཤེས་རིག་དེང་སྲོལ་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་གཙོས་པའི། སཾ་བྷོ་ཊ་དང་། རྡ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་ཤེས་ཡོན་འགན་འཛིན། གཞན་ཡང་ས་རཱ་མཐོ་སློབ་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་བཅས་ཀྱི་ཁྱད་ལས་པ་སོགས་ཚོགས་བཅར་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།