Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་གིས་ནང་བསྟན་འཕེལ་རྒྱས་ལས་འཆར་ཁྲོད་ལས་གཞི་ཁག་ ༣༨ རྨང་རྡོ་དབུ་འབྱེད།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་གར་དབུས་གཞུང་གིས་ཧི་མ་ཅལ་དང་། ཨ་རུ་ན་ཅལ། ལ་དྭགས་སོགས་མངའ་སྡེ་ཁག་གཅིག་ཏུ་ནང་བསྟན་སློབ་གཉེར་ལྟེ་གནས་ཁང་གི་ལས་གཞི་ཁག་གི་རྨང་རྡོ་དབུ་འབྱེད་གནང་འདུག

Sidhant Sibal / x

དེ་ཡང་ཁ་སང་རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཁང་གི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གྲངས་ཉུང་མི་རིགས་ལྷན་ཁང་གིས་བློན་ཆེན་ Smriti Irani མཆོག་གིས་ Buddhist Development Plan ཞེས་ནང་བསྟན་འཕེལ་རྒྱས་ཀྱི་ལས་འཆར་འོག་ཧི་མ་ཅལ་དང་། ཨུཏར་ཁནྜ། ཨ་རུ་ན་ཅལ། འབྲས་ལྗོངས། དེ་བཞིན་ལ་དྭགས་བཅས་ཀྱི་ནང་རྟེན་གཞི་བྱས་པའི་ནང་བསྟན་སློབ་གཉེར་ལྟེ་གནས་ཁང་འབྲེལ་བའི་འཛུགས་སྐྲུན་སོགས་ལས་གཞི་ཁག་ ༣༨ དྲ་ཐོག་བརྒྱུད་རྨང་གཞི་དབུ་འབྱེད་གནང་འདུག་པ་དང་འབྲེལ། ལས་གཞི་དེ་དག་ཁྱོན་འགྲོ་གྲོན་ཧིན་སྒོར་བྱེ་བ་ ༢༢༥ གཏང་རྒྱུ་ཡིན་པ་རེད། ལྷག་པར་ད་ཡོད་རྒྱ་གར་གཞུང་གིས་ विरासत के साथ विकास དང་། विरासत का संवर्धन ཞེས་རིག་གཞུང་ལྟེ་གནས་ཁང་གོང་འཕེལ་གྱི་བསམ་བློའི་འོག་གྲངས་ཉུང་མི་རིགས་བློན་ཆེན་ལས་ཁུངས་ནས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ནང་དོན་རིག་པའི་ཚན་པར་ཉམས་ཞིབ་དང་། སྐད་ཡིག་སྲུང་སྐྱོབ། སྒྲ་ཡིག་ཕབ་བསྒྱུར། དེ་བཞིན་ནང་པ་རྣམས་ཀྱི་རིག་རྩལ་གོང་འཕེལ་ཆེད་ཧིན་སྒོར་བྱེ་བ་ ༣༠ རོགས་དངུལ་གནང་རྒྱུའི་གསལ་བསྒྲགས་ཀྱང་གནང་འདུག

Sidhant Sibal / x

ལྷག་དོན་ཁ་སང་གི་མཛད་སྒོའི་ཐོག་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ Prem Sing Tamang མཆོག་དང་། རྒྱ་གར་གྱི་སའི་གོ་ལའི་ཚན་རྩལ་བློན་ཆེན་སྐུ་ཞབས་ Kiren Rijiju ཀི་རན་རི་ཇི་ཇུ་མཆོག དེ་བཞིན་མངའ་སྡེའི་གྲངས་ཉུང་མི་རིགས་ལྷན་ཁང་གི་བློན་ཆེན་ John Barla སོགས་གོང་འཁོད་མངའ་སྡེ་སོ་སོའི་བློན་ཆེན་དང་གྲོས་ཚོགས་འཐུས་མི། དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དགའ་ཤར་མཁན་ཟུར་བྱང་ཆུབ་ཆོས་ལྡན་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་ལྷན་འཛོམས་ཀྱིས་དྲ་ཐོག་ཚོགས་འདུ་ཚོགས་འདུག

Sidhant Sibal / x

འདི་ག་རླུང་འཕྲིན་ཁང་གིས་ཁ་སང་ཚོགས་འདུའི་ཐོག་ལྷན་ཞུགས་གནང་མཁན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྩ་བའི་རྒྱ་གར་དབུས་གཞུང་གི་འོག་གྲངས་ཉུང་མི་རིགས་ཀྱི་ལྷན་ཁང་དེ་དེ་སྔོན་ནས་ཡོད་ཀྱང་ནང་པ་དང་འབྲེལ་བའི་ལས་འཆར་ཉུང་ཉུང་ཞིག་ཆགས་ཀྱི་ཡོད་པ་དང་། ད་ཡོད་སྲིད་གཞུང་གི་ངོས་ནས་ལྷན་ཁང་དེའི་ལྟ་རྟོག་འོག་ནང་པ་དང་འབྲེལ་ནས་དམིགས་བསལ་གྱི་ལས་དོན་གནང་དགོས་གལ་གཟིགས་ནས་གནས་ཚུལ་རིམ་པའི་མཁོ་སྒྲུབ་གྱིས་ལས་འཆར་སྒྲིག་སྟེ། ལས་འགུལ་ཁག་ཅིག་ལག་བསྟར་གནང་མུས་ཡིན་པ་དང་ཁག་ཅིག་ལག་བསྟར་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་དང་འབྲེལ། ཁ་སང་འབྲེལ་ཡོད་ལྷན་ཁང་གི་ཨ་རུ་ན་ཅལ་མངའ་སྡེའི་ནང་ལས་འཆར་ཁྱོན་ ༡༠ དང་། སི་ཀིམ་མངའ་སྡེའི་ནང་ལས་འཆར་ཁག་ ༡༠ ཧི་མ་ཅཱལ་མངའ་སྡེའི་ནང་ལས་འཆར་ ༡༡ དེ་བཞིན་ཨུ་ཏྲ་ཁནྜ་མངའ་སྡེའི་ནང་ལས་འཆར་ཁག་ ༣ དང་། ལ་དྭགས་སོགས་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་དགོན་སྡེ་ཁག་དང་ས་གནས་ཀྱི་གཞུང་ལམ། དེ་བཞིན་ནང་བསྟན་གོང་འཕེལ་སོགས་ཀྱི་ལས་གཞི་ཞིག་ཡིན་པ་གསུངས་སོང་།

Sidhant Sibal / x

མ་ཟད་རྒྱ་གཞུང་གིས་བོད་ནང་ཡར་རྒྱས་འཛུགས་ལ་ཁ་གཡར་ཏེ་དགོན་སྡེ་ཁག་གཏོར་བཤིག་གཏོང་རྒྱུ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་དེ་ལྟར་ཡང་རྒྱ་གར་ལྟ་བུ་ཆ་མཚོན་ན་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་གར་ནང་ཆོས་ལུགས་འདྲ་མིན་མཉམ་གནས་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དེ་ལྟ་བུའི་ལས་དོན་ནི་མིག་དཔེར་འོས་པ་ཞིག་ཆགས་ཀྱི་ཡོད་ཅེས་འགྲེལ་བརྗོད་ཀྱིས་ནང་པ་ཚོས་ངོས་ནས་ཀྱང་རང་རང་སོ་སོའི་ཁྱད་ནོར་དེ་ངོས་འཛིན་ཐུབ་སྟེ། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་མི་མང་ལ་ལམ་སྟོན་གནང་དགོས་གལ་ཐོག་སྤྱི་སྒེར་གྱི་གནད་དོན་ལ་ཞབས་འདེགས་བསྒྲུབ་དགོས་གལ་ཡིན་པ་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།