༸གོང་ས་མཆོག་ཨེ་པོ་ལོ་སྨན་ཁང་ནས་ལྡི་ལི་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེའི་བཞུགས་གནས་སུ་ཞབས་སོར་བདེ་བར་འཁོད་སོང་།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིའི་ཨེ་པོ་ལོ་སྨན་ཁང་དུ་ཞབས་པུས་སྨན་བཅོས་གྲུབ་སྟེ།  དེ་རིང་སྔ་དྲོ་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེའི་མཐོ་སློབ་སྡོད་ཁང་དུ་ཞབས་སོར་བདེ་བར་འཁོད་གནང་སོང་།

དེ་ཡང་དེ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་ཨ་པོ་སྨན་ཁང་གི་སློབ་སྟོན་པ་བགྲེས་པ་ Dr. Rajesh Malhotraལགས་ཀྱིས་གཤག་བཅོས་དང་འབྲེལ་བའི་སྐོར་ལ་གསུངས་པ་ཞིག་སྤེལ་འདུག་པ་དང་། དེའི་ནང་། ཕྱི་ཟླ་ ༦ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མའི་གཤག་བཅོས་གནང་ཡོད་པ་དང་། གཤག་བཅོས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་སྨན་པ་དང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་འབྲེལ་ཡོད་རྣམས། དེ་བཞིན་ཨེ་པོ་ལོ་སྨན་ཁང་གི་འཛིན་སྐྱོང་ལས་བྱེད་དང་གསོ་དཔྱད་སྨན་པ་བཅས་ཀྱི་དབར་མཉམ་ལས་ཀྱི་ནུས་པའི་འོག་ནས་གཤག་བཅོས་གང་ལེགས་བྱུང་ཡོད་པ་དང་།  མགོན་པོ་༸གང་ཉིད་མཆོག་གང་མགྱོགས་ཡོངས་སུ་དྲག་སྐྱེད་ཡོང་བའི་རེ་སྨོན་ཡོད་ཅེས་གསུངས་འདུག

དེ་བཞིན་ཕྱི་ཚེས་ ༡༢ རེས་གཟའ་པ་སངས་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་སྨན་ཁང་ནས་ཕྱིར་ཕེབས་མཛད་ཡོད་ཅེས་གསུངས་ཏེ།    ཨེ་པོ་ལོ་སྨན་ཁང་དང་སྨན་ཞབས་པ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡིད་ཆེས་དང་གདེང་འཇོག་མཛད་དེ་མགོན་པོ་༸གང་ཉིད་ལ་ཞབས་ཞུ་གྲུབ་རྒྱུའི་གོ་སྐབས་གནང་བ་དེ་ནི་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག

རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༥  ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དེ་ཕྱི་ཚེས་ ༨ ཉིན་ཨེ་པོ་ལོ་སྨན་ཁང་དུ་ཞབས་པུས་གཡོན་མའི་གཤག་བཅོས་གནང་ཡོད་པ་ལྟར།  སྐུ་བཅར་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ནས་སྐབས་དེར་གཤག་བཅོས་ལེགས་གྲུབ་བྱུང་ཡོད་པའི་གསལ་བཤད་གནང་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བ་འདིའི་་ཚེས་ ༧ ནས་དེ་རིང་བར་ཉིན་གྲངས་ལྔའི་རིང་༸གོང་ས་ཆེན་པོ་མཆོག་སྨན་ཁང་དུ་སྐུ་བཞུགས་མཛད་ཡོད་པ་དང་།   སྨན་བཅོས་ཀྱི་བྱ་རིམ་ཁག་ཆ་ཚང་ལེགས་གྲུབ་ཀྱིས། དེ་རིང་ རོ་ཧི་ནིར་རྟེན་གཞིས་བྱས་པའི་བོད་ཕྲུག་ཁྱིམ་སྡེའི་བཞུགས་གནས་སུ་ཞབས་སོར་བདེ་བར་འཁོད་པ་ཞིག་ཡིན་པ་རེད།  ད་རང་སྔ་དྲོའི་ཆིབས་བསྒྱུར་སྐབས་ལྡི་ལིར་རྟེན་གཞིས་བྱས་པའི་དད་ལྡན་མང་ཚོགས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།

དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་སྔོན་གསལ་བསྒྲགས་སྤེལ་བ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུའི་ཞབས་པུས་དྲག་སྐྱེད་ཟིན་མཚམས་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།