བོད་རང་བཙན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

ཁ་སང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༢༢ སྟེང་བོད་རང་བཙན་འཐབ་རྩོད་པ་དང་ལས་འགུལ་བ། རྩོམ་པ་པོ། སྙན་ངག་པ་རྒན་ལྷ་བཟང་ཚེ་རིང་ལགས་དགུང་ལོ་ ༧༤ སྟེང་བཞུགས་སྒར་དྷརྨ་སཱ་ལཱའི་བྱམས་པ་གླིང་རྒན་གསོ་ཁང་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟའི་ཆར་དམ་པ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་ཡོད་པ་རེད་འདུག

ཁོང་ཕྱི་ལོ་ ༡༩༥༢ ལོར་བོད་དུ་སྐྱེས་ཤིང་། བོད་རྒྱ་ནག་གི་བཙན་བཟུང་བྱས་པའི་རྗེས་ཕ་མ་དང་ཁོང་གི་གཅེན་པོ་གཉིས་དང་ལྷན་དུ་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༦༢ ལོར་མ་སུ་རི་གཏན་སློབ་ཏུ་སློབ་ཞུགས་གནང་། དེའི་རྗེས་མ་སུ་རིའི་ Wynberg Allen School སློབ་གྲྭར་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༧༢ ལོར་ཨ་རིར་རྟེན་གཞིས་པའི་ Johns Hopkins University ཇོན་སི་ཧོབ་ཀིན་སི་གཙུག་ལག་སློབ་གཉེར་ཁང་དུ་སྨན་གྱི་སློབ་སྦྱོང་གནང་རྒྱུའི་གོ་སྐབས་ཐོབ་ཀྱང་། གོ་སྐབས་དེ་བློས་གཏོང་གནང་རྗེས་བལ་ཡུལ་གློ་སྒྲིག་འཛུགས་ཀྱི་དམག་སྒར་ནང་བཞུགས་རྒྱུའི་ཐུགས་ཐག་བཅད། འོན་ཀྱང་ཕྱི་ལོ་ ༡༩༧༤ ལོར་གློ་སྒྲིག་འཛུགས་ཀྱི་དམག་སྒར་མཚམས་འཇོག་བྱས་པའི་རྗེས་སུ་ཁོང་རྡ་རམ་ས་ལར་ཕྱིར་ལོག་གནང་། དེ་ནས་བོད་འབྲེལ་ཉམས་ཞིབ་ལྟེ་གནས་ཁང་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་རེད་འདུག

དེ་བཞིན་ཕྱི་ལོ་ ༡༩༧༦ ནས་ ༡༩༨༢ བར་རྡ་སྟེང་བོད་ཁྱིམ་གྱི་སློབ་སྤྱིའི་ཐུགས་འགན་བཞེས་ཡོད་པ་དང་སྐབས་དེར་ཁོང་དགུང་ལོ་ ༢༤ ཡིན་པ་དང་། ཕྱི་ལོ་ ༡༩༨༣ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་བོད་གཞུང་ཕྱི་དྲིལ་ལས་ཁུངས་སུ་ཕྱག་ལས་གནང་ཡོད་ཅིང་། ཕྱག་ལས་གནང་བའི་དུས་ཡུན་ཁྲོད་སྣར་ཐང་དཔར་ཁང་གི་ལས་གཞི་རྒྱ་སྐྱེད་དང་ཀམ་པུ་ཊར་ཚན་པའི་ནང་ཕྱག་ལས་གནང་འདུག ཕྱི་ལོ་ ༡༩༨༦ ནས་ ༡༩༩༠ བར་སྐབས་གཉིས་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༦ ཟླ་ ༥ ནས་ ༡༢ བར་ Tibetan Review བོད་གནས་བསྐྱར་ཞིབ་བརྒྱུད་ལམ་གྱི་རྩོམ་སྒྲིག་ལས་ཚབ་པའི་ཕྱག་ལས་གནང་འདུག

ཕྱི་ལོ་ ༡༩༩༢ ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ཐོག་མ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་དང་ཞིབ་འཇུག་ཁང་དེར་ཕྱི་ལོ་ ༡༩༩༩ བར་ཕྱག་ལས་གནང་། གཞན་ཡང་བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ་ Bookworm ཞེས་པའི་དེབ་ཁང་ཞིག་གསར་འཛུགས་གནང་ནས་བོད་རང་བཙན་འཐབ་རྩོད་ངོ་སྤྲོད་བཅས་ཀྱི་ལས་དོན་ཡང་གནང་ཡོད་པ་རེད།

མ་ཟད་ཁོང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ལས་འགན་ནས་འཁྱུར་བའི་རྗེས་སུ་དུས་ཚོད་ཕལ་མོ་ཆེ་རྩོམ་ཡིག་དང་ཞིབ་འཇུག སློབ་ཕྲུག་དང་གསར་འགོད་པར་བོད་དོན་ངོ་སྤྲོད་བཅས་ཀྱི་ལས་དོན་གཉེར་ཡོད་ཅིང་། ཁོང་གི་བརྩམས་ཆོས་ལྟ་བུ་ཆ་མཚོན་ན། ཕྱི་ལོ་ ༢༠༠༣ ལོར་ Tomorrow and Other Poems ཞེས་སང་ཉིན་དང་སྙན་ངག་གཞན། ཕྱི་ལོ་ ༢༠༠༩ ལོར་ Ocean of Melody ཨིན་སྒྱུར་ཞུས་པའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ ཕྱི་ལོ་ ༢༠༡༢ ལོར་ Hold On and other Verses སོགས་སྙན་རྩོམ་དང་། རྩོམ་ཡིག་སོགས་སྣ་ཚོགས་སྤེལ་ཡོད་པར་སྐུ་ཚེ་ཧྲིལ་པོར་བོད་དོན་འཐབ་རྩོད་ཆེད་བཏང་ཡོད་པ་རེད།

གཞི་རྩའི་དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་རྗེས། བོད་རང་བཙན་འཐབ་རྩོད་པ་དང་ཁོང་ལ་གུས་བཀུར་ཞུ་མཁན་རྣམ་པས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཞུ་བཞིན་ཡོད་པ་དང་། དེའི་ཁྲོད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་དམ་པ་ཁོང་ལ་མྱ་ངན་གསུས་འདུད་དང་། ཁོང་གི་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།