Tibetan Royal Year of 2151 | Year of the Wood Dragon

ཀིརྟི་རིན་པོ་ཆེ་མཆོག་ལ་བརྟན་བཞུག་བསྟར་འབུལ་དང་གསེར་གྱི་གཟེངས་རྟགས་ཕུལ་བ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

དེ་རིང་ས་ག་ཟླ་བའི་ཚེས་ ༡༥ དུས་ཚིགས་ཁྱད་པར་ཅན་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་མང་ཚོགས་ཡོངས་ལ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྩལ་གྲུབ་མཚམས་སུ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་༸སྐུའི་གྱ་སྟོན་དང་བསྟུན་ནས་གཞིས་བྱེས་གཉིས་སུ་གནས་བཞུགས་མདོ་སྨད་པ་ཡོངས་ཀྱི་ཚབ་ཞུས་ཏེ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་མ་ཟད། རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་གསེར་གྱི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་སོང་།

བརྟན་བཞུགས་བསྟར་འབུལ་དང་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་༸དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་ཁྲི་རབས་གཉིས་པ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག་གིས་དབུས་པའིདམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག བཀའ་ཟུར་དང་སྤྱི་ཟུར། ཚོགས་སྡེ་ཁག་གི་སྐུ་ཚབ་མི་སྣ། དེ་བཞིན་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་བཞུགས་སྒར་དུ་གནས་བཞུགས་མདོ་སྨད་མི་མང་བཅས་ལྷན་འཛོམས་གནང་སོང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་༸སྐུའི་གྱ་སྟོན་དང་བསྟུན་ནས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་མཚམས་སུ་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་མཚོན་ཕྱིར་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་ཤིག་གོ་སྒྲིག་ཞུས་དོན་ལྟར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འབུལ་བཞེས་མཛད་སོང་།

སྐབས་དེར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་བརྟན་བཞུགས་དེ་མདོ་སྨད་པའི་ལོ་རྒྱུས་ནང་ལོ་ངོ་ ༦༡༠ ཡི་ལོ་རྒྱུས་ཡོད་པའི་བླ་རྒན་ཞིག་ལ་ཆེ་མཐོང་གནང་བ་ནི་རིན་པོ་ཆེ་མཆོག་ཆུང་དུས་༸གོང་ས་མཆོག་གིས་བཀའ་ཡིག་ཐེངས་གཉིས་ཕེབས་པ་ལ་བརྟེན་ནས་ལྷ་སར་འབྱོར་བ་དང་། དེ་ནས་ཆོས་སྲིད་གཉིས་ཀྱི་སྒོ་ནས་མགོན་པོ་༸གང་ཉིད་མཆོག་གིས་གཟིགས་པ་ཆེན་པོ་གནང་བའི་བཀའ་དྲིན་ཁོ་ན་ཡིན་སྟབས། གཞིས་བྱེས་གཉིས་སུ་གནས་བཞུགས་མདོ་སྨད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་འབྲེལ།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་སྐུ་ལས་ཚད་མེད་བསྐྱོན་ནས་བཙན་བྱོལ་དུ་ཆེད་འཛུགས་གནང་བའི་བོད་གཞུང་འདི་ནི་བོད་རྒྱ་ཆེ་མི་མང་གི་ངོས་ནས་རེ་བ་རྒྱག་སའི་བྱེས་ཀྱི་གཞུང་དེ་ཡིན་པ་དང་། ལྷག་པར་དུ་ང་ཚོས་ཆིག་སྒྲིལ་གྱི་ཐོག་ནས་གཞུང་དེ་བརྟན་པོར་གནས་རྒྱུ་དང་། གཞུང་དེ་རྒྱུན་གནས་ཐུབ་པར་འབད་བརྩོན་གནང་དགོས་གལ་ཡིན་པ་བཀའ་གནང་སོང་།

དི་བཞིན་རིན་པོ་ཆེ་མཆོག་གིས་མདོ་སྨད་པའི་ཆོལ་ཁའི་ནང་ནས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཧ་ཅང་ཚད་མཐོ་བའི་ཕྱག་ལས་གནང་མཁན་མང་དག་ཅིག་བྱུང་ཡོད་པ་ནི་མདོ་སྨད་པའི་གཟི་བརྗིད་ཞིག་ཡིན་པ་དེ་མུ་མཐུད་རྒྱུན་འཛིན་དང་ཧུར་ཐག་གནང་དགོས་པ་སོགས་གསུངས་སོང་།

དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་ལ་མདོ་སྨད་པ་ཡོངས་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པ་ལྟར། མགོན་པོ་༸གང་ཉིད་མཆོག་ལ་གོ་སྟོན་བརྟན་བཞུགས་ཤིག་བསྟར་འབུལ་ཞུ་རྒྱུའི་གོ་སྒྲིག་གནང་དགོས་པའི་ལམ་སྟོན་གནང་སོང་དང་ཆབས་ཅིག དེ་རིང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་འབུལ་རྫས་རྣམས་སྐབས་དེ་དུས་༸གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།