ཀུ་ལུ་མ་ཎ་ལིའི་ཆར་ཞོད་ཁྲོད་བདེ་སྐྱིད་གླིང་དང་ཌོ་བྷི་བོད་མི་གཞིས་ཆགས་གཉིས་ལ་གོད་ཆགས་ཆེ་ཤོས་ཕོག་འདུག

Tibetan News Headlines

  • In Depth :China’s 15th Five-Year Plan Signals Political Priorities Over Tibetan Development
  • Art and Culture : In Conversation with Dhondup Tsering, the Ladakh TCV Teacher Who Wears Many Hats

ཪེས་གཟའ་ཉི་མ། ༢༠༢༦།༠༤།༡༢

  • རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་དང་འབྲེལ་གླེང་མོལ།
  • སྒྱུ་རྩལ་གྱི་གླེང་སྟེགས། དོན་གྲུབ་ཚེ་རིང་ལགས་ཀྱི་སྒྱུ་རྩལ་གྱི་ལམ་བུ།

ཟླ་བ་འདི་ཕྱི་ཚེས་ ༢༦ ཉིན་ཧི་མ་ཅཱལ་མངའ་སྡེའི་ནང་ཆགས་པའི་ཀུ་ལུ་མ་ཎ་ལི་ཁུལ་དུ་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་ཀྱི་དོན་རྐྱེན་ཁྲོད། མ་ཎ་ལི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་དང་ཌོ་བྷི་དཔལ་རབས་གླིང་བོད་མིའི་གཞིས་ཆགས་གཉིས་ལ་གོད་ཆགས་བྱུང་འདུག

པར་དབང་། Biker Rinchen

དོན་རྐྱེན་ཁྲོད་མིའི་སྲོག་ལ་ཉེན་ཁ་སོགས་གང་ཡང་བྱུང་མེད་ཀྱང་། མ་ཎ་ལི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནང་ས་རུད་ཀྱི་རྐྱེན་པས་ཁང་པར་གོད་ཆགས་དང་། དེ་བཞིན་ཌོ་བྷི་དཔལ་རབས་གླིང་གཞིས་ཆགས་ཀྱི་ཁང་པ་མང་པོའི་ནང་ས་རྡོ་དང་བྱེ་མ་འཁེངས་པའི་དཀའ་ངལ་དུ་མ་འཕྲད་བཞིན་པ་རེད་འདུག

རྩ་བའི་ད་ལྟ་ཆར་རྒྱ་གར་ཁྱོན་ཡོངས་ལ་ཆར་ཤུགས་ཀྱི་རྐྱེན་པས་མི་རྒྱུ་གཉིས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པའི་གནས་ཚུལ་ཐོན་མུས་ཡིན་པ་མ་ཟད། རྡ་རམ་ས་ལ་གཙོས་པའི་ཧི་མ་ཅཱལ་མངའ་སྡེའི་ནང་གི་ས་གནས་མང་དག་ཅིག་ལ་ཆར་ཤུགས་ཆེ་པོའི་རྐྱེན་གྱིས་ས་རུད་ཀྱི་གོད་ཆགས་བྱུང་བ་དང་། ལམ་ཁ་གཏོར་སྐྱོན་ཕྱིན་པ། དེ་བཞིན་སྤྱི་སྒེར་གཉིས་ཀྱི་ཁང་པ་ཆུས་ཁྱེར་བ་སོགས་ཀྱི་གནས་ཚུལ་མུ་མཐུད་ཐོན་མུས་ཡིན་པ་རེད།

ཀུ་ལུ་མ་ཎ་ལིའི་ཆར་ཞོད་ཁྲོད་བདེ་སྐྱིད་གླིང་དང་ཌོ་བྷི་བོད་མི་གཞིས་ཆགས་གཉིས་ལ་གོད་ཆགས་ཆེ་ཤོས་ཕོག་འདུག
པར་དབང་། Lobsang Lhundup

འབྲེལ་ཡོད་གསར་གནས།

གསར་གནས།