Tibetan Royal Year of 2151 | Year of the Wood Dragon

ཁོར་ཡུག་སྲུང་སྐྱོབ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་གནད་དོན་ཞིག་ཡིན་པ་བཀའ་སྩལ་བ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་ཀྱི་བླ་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༦ སྔ་དྲོཨ་རིའི་ནང་ UCI གཙུག་ལག་སློབ་གཉེར་ཁང་དུ་ཚན་རིག་པ་ཁག་ཅིག་དང་ལྷན་དུ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཐོག་དབུས་ཞུགས་མཛད་འདུག༸གོང་ས་མཆོག་གིས་སྐབས་དེའི་མཛད་སྒོ་ཐོག་ཏུ་བཀའ་སློབ་སྩལ་བའི་ཁྲོད་དུ།DSC_0231
ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་གནད་དོན་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་ཅེས་བཀའ་སློབ་ནན་པོ་གནང་འདུག་པ་མ་ཟད།
དེང་སྐབས་རྒྱལ་ཁབ་ཡར་རྒྱས་ཆེད་བཟོ་གྲྭའི་རིགས་འབོར་ཆེན་ཞིག་ཆེད་བཙུགས་བྱས་པ་ དེ་དང་མཚུངས་པའི་ཁོར་ཡུག་གྱི་གནད་དོན་ལའང་དོ་སྣང་སྤྲོད་རྒྱུ་ནི་དེ་བས་གལ་ཆེན་པོ་ཞིག་ཡིན་པ་དང། ང་ཚོའི་ངོས་ནས་ཡར་ཐོན་ཅན་གྱི་འཕྲུལ་རིགས་དེ་དག་ཁོར་ཡུག་སྲུང་སྐྱོབ་ལ་བེད་སྤྱོད་བཏང་ནས། འཛམ་གླིང་དེའི་ཐོག་ཡོད་པའི་སྐམ་ས་དེ་རྣམས་སྔོ་ལྗང་ཅན་དུ་འགྱུར་རྒྱུ་མཚོན་པའི་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ནི་རང་ཉིད་ཀྱི་ཁྱིམ་ཚང་སྲུང་སྐྱོབ་བྱས་པ་དང་གཅིག་མཚུངས་ཡིན་པ་རེད་ཅེས་བཀའ་སྩལ་འདུག
ལྷན་ཚོགDSC_0220ས་དེའི་ཐོག་ལ་རྒྱ་མཚོའི་སྐྱེས་ཁམས་རིག་པའི་མཚན་རིག་པ་སྐུ་ཞབས་Veerabhandran ལགས་དང། Ramananthan ལགས་གཉིས་ལ་ཉེ་ཆར་གསར་དུ་རྙེད་སོན་བྱུང་བའི་རྒྱ་མཚོའི་ནང་ནས་སྲོག་ཆགས་རིགས་ཤིག་གི་པར་རིས་པར་སྒྲོམ་ནང་བླུགས་པ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་རྟགས་སུ་ཕུལ་བ་དང་སྦྲགས།
གསར་དུ་རྙེད་སོན་བྱུང་བའི་སྲོག་ཆགས་དེའི་མིང་ལ་༸གོང་ས་མཆོག་གི་མཚན་བཏགས་འདུག
སྐབས་དེར་ཁོང་གིས་རྙེད་སོན་བྱུང་བའི་སྲོག་ཆགས་དེའི་ཁྱད་ཆོས་འགྲེལ་བརྗོད་གནང་དོན་ལ།
སྲོག་ཆགས་དེས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ལོངས་སུ་སྤྱོད་པ་ལས་ལྷག་པའི་དེར་ཕན་ཐོགས་པའི་བྱ་བ་མང་བ་བྱེད་ཀྱི་ཡོད་པ་བཞིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་DL_speciesསྐུ་ཚེ་ཧྲིལ་པོ་འདིའི་ནང་འཛམ་གླིང་འདི་ལ་ཕན་པའི་རླབས་ཆེན་གྱི་ལེགས་སྐྱེས་གནང་བར་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་བ་ཞིག་ཡིན་འདུག

ཉིན་རྒྱབ་ལ་༸གོང་ས་མཆོག་དབུས་ཞུགས་མཛད་ཐོག་སྐུ་མགྲོན་ཁོངས་སུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ Shirin Ebadi ལགས་དང། ལྕམ་སྐུ་ Jody Williams ལགས། སེམས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་ Paul ekman ལགས། བོད་རིག་པའི་མཁས་དབང་ Robert Thurman ལགས། ཨ་རིའི་གཞས་མ་གྲགས་ཅན་ Gloria Estefan ལགས་དབུས་པས། ཚོང་པ་གྲགས་ཅན་སོགས་སྤྱི་ཚོགས་ནང་གི་ལས་རིགས་འདྲ་མིན་ལ་གཉེར་བཞིན་མཆིས་པའི་ཆེད་ལས་མཁས་པ་གནད་ཡོད་མི་སྣ་ཁག་དང། མང་ཚོགས་ ༦༠༠༠ ལྷག་ཆེད་ཕེབས་གནང་ཐོག ཤེས་རབ་དང། འཆར་སྣང། ཉམས་མྱོང་ཞེས་པའི་གླེང་མོལ་གྱི་མཛད་རིམ་དབུ་འཛུགས་གནང་འདུག

 

 

 

འབྲེལ་ཡོད་གསར་གནས།

གསར་གནས།