Tibetan Royal Year of 2151 | Year of the Wood Dragon

ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་བགྲེས་ཡོལ་ཕེབས་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡ ནས་བགྲེས་ཡོལ་དུ་ཕེབས་ཡོད་པ་དང་འབྲེལ། ད་ལྟའི་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་གཅིག་ལས་མེད་པ་རེད།

ཟླ་ ༧ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་བམ་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག་ནི་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ཁྲིམས་ཞིབ་པ་གཞན་དུ་འོས་ཐོན་བྱུང་བ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡ ཉིན་ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་འབུལ་བཞེས་གནང་བར་མ་ཟད། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༥ ནས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀྱི་མཛད་འགན་བཞེས་ཏེ་ཉེ་ལམ་ཟླ་ ༦ ཚེས་ ༣༠ ཉིན་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད། ཁོང་གིས་ཕྱི་ལོ་ ༡༩༧༧ ནས་བཟུང་ཐེམ་པ་རིམ་འཛེགས་ཀྱིས་ད་བར་མི་ལོ་ ༤༦ རིང་བོད་མིའི་སྒྲིགས་འཛུགས་ལ་ཞབས་འདེགས་ཞུས་ཡོད་པ་རེད།
གཞི་རྩའི་སྐབས་ ༡༦ པའི་གྲོས་ཚོགས་ཐོག་སྐབས་དེའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་པའི་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཡོངས་རྫོགས་ཕོ་འགྱུར་བཏང་བའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་གནད་དོན་དང་འབྲེལ། སྐབས་ ༡༧ པའི་གྲོས་ཚོགས་རིམ་པའི་ནང་སྤྱི་འཐུས་ཁག་གཅིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་ཁྲིམས་འགལ་ཡིན་པའི་སྐྱོན་འཛུགས་དང་ཁག་གཅིག་གིས་དེ་ལྟར་མིན་པའི་བཞེངས་ཕྱོགས་འོག་གླེང་གཞི་མང་དག་བྱུང་དང་འབྱུང་མུས་ཡིན་པར་མ་ཟད། དེའི་ཁྲོད་ཁྲིམས་ཞིབ་པ་ཆེ་བ་མཆོག་བགྲེས་ཡོལ་ལ་ཕེབས་རྗེས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་མ་རག་པའི་གནས་སྟངས་འོག་ད་བར་གྲོས་ཚོགས་ཀྱི་ཚོགས་དུས་རིམ་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཕེབས་ཡོད་ཀྱང་དགོས་ངེས་ཀྱི་རྒྱབ་སྐྱོར་གཏན་འབེབས་གནང་མ་ཐུབ་པར་བརྟེན། ད་བར་ཁྲིམས་ཞིབ་པ་ཆེ་བ་ཡང་བསྐོ་གཞག་མ་ཐུབ་པར་ལྷག་ཡོད་པ་དང། དེ་འབྲེལ་སྐབས་ ༡༦ པའི་བཀའ་བློན་ཡང་དམ་འབུལ་བཞེས་ཕྱོགས་ཀྱི་གནད་དོན་འོག་བསྐོ་གཞག་འཐུས་ཚང་གནང་མ་ཐུབ་པར་ལྷག་ཡོད།
དེའི་བར་ན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་མཐའ་མའི་ཐོག་སྤྱི་འཐུས་རྒྱུན་ལས་ནས་ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་གསལ་ཁ་དགོས་ངེས་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་བསྐྱར་ཞིབ་ཀྱིས་བསྐྱར་བཅོས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་པ་ཞིག་ལ་སྤྱི་འཐུས་ ༤ ནས་དགག་པ་དང་སྤྱི་འཐུས་ ༢༨ ནས་རྒྱབ་སྐྱོར་གནང་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་གནང་རྒྱུའི་ཐག་གཅོད་བྱུང་བ་བཞིན་འདི་ལོའི་ཕྱི་ཟླ་ ༥ པའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་དབུ་འཛུགས་ཟིན་ཡོད་པ་རེད།
ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་ཀྱང་ད་ཆ་བགྲེས་ཡོལ་ལ་ཕེབས་རྗེས་ད་ལྟའི་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་མ་གཏོགས་མེད་པ་རེད། པར་དབང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

འབྲེལ་ཡོད་གསར་གནས།

གསར་གནས།