Tibetan Royal Year of 2151 | Year of the Wood Dragon

གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ་ཞེས་པའི་དཔེ་དེབ་གཉིས་པ་དབུ་འབྱེད།

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

བཞུགས་སྒར་དུ་གཉའ་ནང་བུར་སྲས་པ་རིན་ཆེན་དར་ལོ་ལགས་ཀྱིས་བརྩམས་པའི་གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པའི་དཔེ་དེབ་གཉིས་པ་དབུ་འབྱེད་གནང་སོང་།ཟླ་བ་འདིའི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཚོུད་ ༤ ཐོག་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་དུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་གོ་སྒྲིག་འོག་ཞིབ་འཇུག་ཁང་ནས་རིན་ཆེན་དར་ལོ་ལགས་ཀྱིས་བརྩམས་པའི་དཔེ་དེབ་གཉིས་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་པ་རེད། སྐུ་མགྲོན་གཙོ་བོ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་རྣམ་གཉིས་གཙོས་རྡ་ས་ཉེ་འཁོར་གྱི་རྩོམ་པ་པོ་དང་ལོ་ཙཱ་བ། དེ་བཞིན་ཉམས་ཞིབ་པ་སོགས་མཉམ་ཞུགས་གནང་འདུག སྐབས་དེར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱིས་དཔེ་དེབ་གཉིས་པ་དེ་དབུ་འབྱེད་གནང་དོན་གཙོ་བོ་ནི་རྩོམ་པ་པོ་དེ་ཉིད་ཀྱིས་ཐུགས་བློ་ལྟར་ཡིན་པར་ངོ་སྤྲོད་གནང་བ་དང་སྦྲགས། དཔེ་དེབ་གཉིས་པའི་ནང་བུར་སྲས་པའི་མི་རབས་གོང་མའི་ལོ་རྒྱུས་དང་རང་གི་ཕ་མ་གཉིས་བཅས་ཀྱི་སྐོར། དེ་བཞིན་ཁོང་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སོགས་འཁོད་ཡོད་པར་མ་ཟད། རྩོམ་པ་པོ་དེ་ཉིད་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་ཀྱི་ཡུལ་གྱར་གྱི་སྐྱོ་གནས་དང་དེ་ནས་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱི་འགན་བཞེས་སྐབས་ཀྱི་མྱོང་བ་དང་སྐབས་དེའི་ས་གནས་བོད་མིའི་གནས་སྟངས་བཅས་ཀྱི་སྐོར་ཞིབ་རྒྱས་བཀོད་ཡོད་སྐོར་སོགས་གསུངས་སོང་།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་དཔེ་དེབ་དེའི་ནང་དུ་གཙོ་བོ་བོད་དེ་དེ་སྔ་རྒྱ་ཡི་ལག་ཏུ་ཤོར་ནས་བོད་མི་རྣམས་བཙན་བྱོལ་ལ་ཕེབས་དགོས་བྱུང་སྐབས་བོད་མི་སྤྱི་དང་ལྷག་དོན་རྩོམ་པ་པོའི་ནང་མིར་དཀའ་སྡུག་ཇི་འཕྲད་དང་ཕྱིས་སུ་ཁོང་སློབ་གྲྭར་འགྲིམས་རྗེས་བོད་གཞུང་ལ་ཞབས་ཞུ་དང་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་སོགས་གནང་སྐབས་དེ་གའི་བོད་མིའི་འཚོ་བའི་དཀའ་སྡུག་དང་འབྲེལ་བའི་སྐོར་བལ་ཡུལ་གཞུང་ལ་འབྲེལ་བ་ཞུ་ཕྱོགས་བཅས་ཀྱི་སྐོར་ལ་ངོ་སྤྲོད་ཞིབ་རྒྱས་གནང་སྟེ། དཔེ་དེབ་འདི་ཚད་ལྡན་ཞིག་ལ་ངོས་འཛིན་གནང་གི་ཡོད་སྟབས་ལོ་རྒྱུས་དང་བོད་དོན་ཐོག་ལ་ཐུགས་སྣང་ཡོད་མཁན་ཚོས་ཕྱག་དེབ་འདིར་བལྟ་ཀློག་གང་མང་གནང་དགོས་པའི་གཞེན་སྐུལ་གནང་སོང་།

དེ་རྗེས་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས་ཕྱག་དཔེ་དེ་དང་ལྷག་དོན་ཁོང་དང་རྩོམ་པ་པོའི་དབར་གྱི་འབྲེལ་བའི་བྱུང་རིམ་སྐོར་ངོ་སྤྲོད་མདོར་ཙམ་གནང་སྟེ་ཕྱག་དེབ་ནང་རྩོམ་པ་པོ་རང་ཉིད་ས་གནས་ས་ཐོག་ལ་བཞུགས་སྐབས་མཐོང་ཐོས་མྱོང་གསུམ་གྱི་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་ཞིབ་ཚགས་ཀྱིས་བཀོད་པར་མ་ཟད། དེ་དག་མཁས་དབང་མང་པོར་རེ་སྐུལ་ཞུས་ནས་ཞིབ་འཇུག་གནང་འཇུག་པ་དང་མཐར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་ཞིབ་འཇུག་དང་དཔར་སྐྲུན་གནང་བ་འདིར་རྩོམ་པ་པོ་གཙོས་འབྲེལ་ཡོད་ཚང་མར་བསྔགས་བརྗོད་གནང་ཡོད།

དེ་བཞིན་བསྟན་འཛིན་བཟང་མོ་ལགས་ཀྱིས་རྩོམ་པ་པོ་ཁོང་གིས་བོད་དང་འབྲེལ་བའི་གནས་ཚུལ་སྙིང་དོན་རང་ཉིད་ལ་རྒྱུས་མངའ་གང་ཡོད་ཐོག་འབྲེལ་ཆགས་ལོ་རྒྱུས་ལ་ཞིབ་འཇུག་གིས་མི་རབས་གསར་པའི་དཔྱད་གཞི་གནང་ཕྱིར་བརྩམས་པ་ཞིག་ཡིན་སྐོར་གསུངས་སོང་།

རྩ་བའི་གཉའ་ནང་བུར་སྲས་པ་རིན་ཆེན་དར་ལོ་ལགས་ནི་ཕྱི་ལོ་ ༡༩༤༨ ལོར་གཉའ་ནང་བུར་སྲས་པའི་ཁྱིམ་ཚང་དུ་འཁྲུངས་ཤིང་། ༡༩༥༩ ལོར་བཙན་བྱོལ་དུ་གྱར་ནས་ཆུང་དུས་བོད་གཞུང་གཏན་འཇགས་སློབ་གྲྭར་སློབ་གཉེར་གནང་འདུག་ལ་སློབ་སྦྱོང་གྲུབ་རྗེས་ ༡༩༧༢ ལོར་གཞུང་ཞབས་ཞུ་འཛུལ་ནས་བལ་བོད་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ནང་གཉན་འཕྲང་གི་དུས་ཚོད་ཅིག་གི་སྐབས་བལ་ཡུལ་དོན་གཅོད་ཁང་དུ་ལས་བྱེད་བགྲེས་གྲས་དང་རིམ་པས་སྐུ་ཚབ་དོན་གཅོད་ཀྱི་འགན་བཞེས་གནང་བ་དང་། དེ་རྗེས་བལ་གཞུང་དྲིལ་བསྒྲགས་ལས་ཁུངས་ཆེད་རྒྱལ་པོའི་སྲིད་གཞུང་དང་རྒྱལ་པོ་བྷི་རེན་དྲ་མཆོག་གི་མཛད་རྣམ་དེབ་ཆུང་གཉིས་བོད་ཡིག་ཏུ་ཕབ་བསྒྱུར་ཐོག་གནས་ཡིག་ངོ་མཚར་གཏམ་གྱི་རོལ་མོ་དང་གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ་ཞེས་པའི་དེབ་དང་པོ་དང་གཉའ་ནང་པ་བཅས་བརྩམས་ཡོད་པ་མ་ཟད། ༡༩༨༦ ལོར་ཨ་རིར་གནས་འཕོ་གནང་སྟེ་སྐུ་ཚབ་དོན་ཁང་གི་ལས་འགན་དང་ཨ་རིའི་བོད་ཀྱི་ཐེབས་རྩའི་དབུ་འཛིན་སོགས་གཞུང་མང་གི་ཞབས་འདེགས་ལོ་ ༤༦ ཞུས་རྗེས་རྒས་ཡོལ་གྱིས་ད་ལྟའི་ཆར་ནིའུ་ཡོག་ཏུ་དཔེ་དེབ་རྩོམ་འབྲི་གནང་བཞིན་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།