Tibetan Royal Year of 2151 | Year of the Wood Dragon

གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིའི་ནང་འཚོག་བཞིན་པ།

Tibetan News Headlines

  • Dalai Lama arrives in New York City for a knee treatment
  • Tibetan spiritual leader commends PM Modi on inauguration of new Nalanda university campus
  • Tibetans mark World Music Day with celebration of banned music in Tibet
  • CTA organizes inaugural Tibetan Arts and Craft Festival in Dharamshala
  • Governing body meetings of Sambhota Tibetan schools society convenes in Mussoorie
  • Taiwan unites to reject China’s dangling of death sentence threat before ‘hardline separatists’

རེས་གཟའ་ཟླ་བ། ༢༠༢༤།༠༦།༢༤

  • ༸གོང་ས་མཆོག་ཞབས་པུས་སྨན་བཅོས་སླད་ཨ་རིར་ཞབས་སོར་བདེ་བར་འཁོད་པ།
  • ༸གོང་ས་མཆོག་གིས་སྲིད་བློན་མོ་དྷི་མཆོག་ལ་ Nalanda གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་ཐོག་འཚམས་འདྲི་མཛད་པ།
  • བོད་ནང་གི་གཞས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བརྒྱུད་འཛམ་གླིང་རོལ་དབྱངས་ཉིན་མོ་སྲུང་བརྩི།
  • བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་དང་པོ་ཚོགས་པ།
  • སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དགུ་པ་དང་བཅུ་བདུན་གཉིས་སྐོང་ཚོགས།
  • རྒྱ་ནག་གིས་ཐའེ་ཝན་རང་བཙན་རྩོད་ལེན་པར་སྲོག་ཁྲིམས་གཅད་རྒྱུའི་ཁྲིམས་ཡིག་ལམ་སྟོན་སྤེལ་བར་ཐའེ་ཆབ་སྲིད་ཚོགས་པ་དབྱེས་མེད་ཀྱིས་རྐྱེོན་བརྗོད་གནང་བ།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་སྐབས་ ༡༦ པའི་བཀའ་ཤག་གི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་དེ་བཞིན་སུད་སིའི་གྲོང་ཁྱེར་ Zurich ནང་དུ་འཚོག་བཞིན་འདུག

6th Permanent Strategy Committee Meeting
Photo: Tibet.Net

དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་འདི་བཞིན་ཁ་སང་སྤྱི་ཚེས་ ༡༣ ནས་དབུ་འཛུགས་ཀྱི་སང་ཚེས་ ༡༥ བར་ཉིན་གྲངས་གསུམ་རིང་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་སྐྱོང་མཆོག་གིས་དབུས་པའི་ཚོགས་ཆུང་གི་ཚོགས་མི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་མ་ཆོས་དབྱིངས་ལགས། བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། བཀའ་ཤག་གི་དྲུང་འཕར་བློ་བཟང་ཆོས་གྲགས་ལགས་བཅས་ལྷན་ཞུགས་གནང་འདུག

ལོ་རེར་ཐེངས་གཉིས་རེ་ཚོགས་སྲོལ་ཡོད་པའི་ཐེངས་འདིའི་ཚོགས་འདུའི་ཐོག རྒྱུན་ལྡན་བཞིན་དེ་སྔའི་ཚོགས་འདུའི་ཐག་གཅོད་ཁག་ལག་བསྟར་གནང་ཕྱོགས་སྐོར་དང་ད་ལྟའི་ཐབས་བྱུས་ཀྱི་ལས་གཞི་ཁག དེ་བཞིན་མ་འོངས་བོད་དོན་རྒྱབ་སྐྱོར་ཀྱི་ལས་དོན་སྤེལ་ཕྱོགས་དང་ཚོགས་ཆུང་གི་དམིགས་ཡུལ་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་རྒྱུ་ཡིན་པ་འཁོད་འདུག

6th Permanent Strategy Committee Meeting
Photo: Tibet.Net

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་དེ་སྔ་ཡོད་བཞིན་པའི་བོད་རྒྱ་གྲོས་མོལ་ལས་དོན་ཚོགས་ཆུང་དེ་ཉིད་ཕྱིར་བསྡུ་དང་སྦྲགས། གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞེས་པ་ཞིག་ཆེད་བཙུགས་གནང་སྟེ། ཚོགས་ཆུང་གི་ཚོགས་འདུ་ཆེས་ཐོག་མ་བཞིན་ལོ་དེའི་ཕྱི་ཟླ་ ༡༡ ནང་བཞུགས་སྒར་ནོར་གླིང་ཉེ་འཁྲིས་སུ་ཚོགས་ཡོད་པ་དང་། དེ་རྗེས་རིམ་པས་ལོ་རེར་བཞུགས་སྒར་དུ་ཚོགས་འདུ་ཐེངས་གཉིས་རེ་སྐོང་ཚོགས་གནང་གི་ཡོད་པ་དང་། ཚོགས་འདུ་ཐེངས་དྲུག་པ་དེ་བཞིན་ཕྱིའི་རྒྱལ་ཁབ་ཞིག་གི་ནང་དུ་འཚོགས་རྒྱུའི་དེ་སྔ་ལས་འཆར་གཏན་འབེབས་ཟིན་པ་བཞིན་ད་ལྟ་ Swiss ནང་ཚོགས་པ་ཞིག་ཆགས་ཀྱི་འདུག

འདི་གའི་གསར་འགོད་པས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་རྒྱལ་སྤྱིའི་ཁྲོད་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་གནང་ཕྱོགས་ཐད་ནུས་པ་གོང་འཕེལ་གཏང་ཕྱོགས་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་གི་ཡོད་པ་དང་། ཚོགས་འདུ་དེ་རྩ་བའི་ཆར་ཉིན་གྲངས་ ༣ རིང་འཚོགས་རྒྱུ་གནང་ཡོད་ཀྱང་། བརྗོད་གཞི་ཁག་གི་ཐོག་ལ་གོ་བསྡུར་གནང་ཟིན་པ་ལྟར་དེ་རིང་མཇུག་སྒྲིལ་གནང་སྲིད་པ་གསུངས་སོང་།

གཞི་རྩའི་ཉེ་ལམ་ཕྱི་ཟླ་བཞི་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གསར་འགོད་པ་ཁག་གཅིག་གི་བཅར་འདྲི་ལན་འདེབས་ཁྲོད། རྒྱ་ནག་གིས་ཚུར་འབྲེལ་བ་བྱས་པའི་ཐོག་འདས་ལོ་ནས་རྒྱ་ནག་དང་ལྷན་དུ་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་གནང་ཡོད་ཀྱང་། དེར་ལམ་སེང་གྲུབ་འབྲས་ཞིག་འཐོན་རྒྱུའི་རེ་བ་མེད་པ་གསུངས་ཡོད་པ་དང་། དེ་རྗེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin གྱིས། བཙན་བྱོལ་བོད་གཞུང་ཟེར་བ་འདི་ནི་བོད་རང་བཙན་མངོན་འགྱུར་བྱ་ཐབས་བྱེད་མཁན་གྱི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཀྱི་རུ་ཚོགས་ཞིག་ཡིན་པ་དང་། རུ་ཚོགས་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་བརྒལ་བའི་ཁྲིམས་འགལ་གྱི་སྒྲིག་འཛུགས་གཅིག་ཡིན་པ་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་སུ་གཅིག་གིས་ངོས་ལེན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་རྩ་བའི་རྩ་དོན་གཉིས་ཏེ། གཅིག་རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་མ་གཏོགས་བཙན་བྱོལ་བོད་གཞུང་དང་ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་མཉམ་དུ་འབྲེལ་མོལ་བྱེད་རྒྱུ་མིན་པ་དེ་ཡིན་པ་དང་། གཉིས་པ་དེ་འབྲེལ་མོལ་སྐབས་༸གོང་ས་མཆོག་སྐུ་སྒེར་དང་དེ་ལས་མང་བ་ཡིན་ན་གང་ཉིད་ཀྱི་ཉེ་འཁོར་གྱི་མི་སྣ་ཁ་ཤས་ཀྱི་སྒེར་གྱི་མ་འོངས་མདུན་ལམ་གྱི་གནད་དོན་སྐོར་མ་གཏོགས་བོད་ཀྱི་ཚད་མཐོའི་རང་སྐྱོང་ཟེར་བའི་གནད་དོན་ཐོག་གྲོས་བསྡུར་བྱེད་རྒྱུ་མིན་པ་དེ་དག་ཡིན་པ་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།