Tibetan Royal Year of 2151 | Year of the Wood Dragon

གཞིས་སྒར་ཁག་གི་བོད་མིར་གཉན་རིམས་འགོག་ཁབ་ཀྱི་སྨན་སྦྱིན་གནང་བཞིན་པ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་གྱི་བདེ་སྐྱིད་གླིང་གཞིས་ཆགས་དང་ཉེ་འཁོར་གྱི་གཞིས་ཆགས། དེ་བཞིན་སྦིར་སྡེ་ནང་གསུམ་ཁྱབ་ཁོངས་བོད་མི་རྣམས་ལ་རིན་མེད་ཐོག་སྔོན་འགོག་ཁབ་སྨན་སྦྱིན་རོགས་རམ་གནང་འདུགརྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་གྱི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནང་མཚོན་ན། ཟླ་བ་འདིའི་ཚེས་ ༡༤ ཉིན་ས་སྐྱ་བདག་མོ་སྐལ་ལྡན་ལགས་དང་བདེ་སྐྱིད་གླིང་གི་གཉན་རིམས་ ༡༩ འི་ཛ་དྲག་ཚོགས་ཆུང་གཉིས་དབར་དྲ་ལམ་བརྒྱུད་འགོག་ཁབ་མཁོ་སྒྲུབ་གནང་ཕྱོགས་དང་འབྲེལ་བའི་ཚོགས་འདུ་ཚོགས་ཐོག་ལྡེ་ར་ལྡུན་ Synergy སྨན་ཁང་གི་ལས་བྱེད་རུ་ཁག་ཞིག་ནས་འགོག་ཁབ་ཀྱི་འཛིན་སྐྱོང་བཀོད་སྒྲིག་གནང་རྒྱུར་ཐག་གཅོད་བྱུང་ཡོད་པ་ལྟར། ཁ་ཉིན་ཚེས་ ༡༥ ཉིན་ལྡེ་ར་ལྡུན་བོད་མིའི་གཞིས་ཆགས་སུ་༸དཔལ་ས་སྐྱའི་༸སྐྱབས་མགོན༸གོང་མ་ཁྲི་ཆེན་རིན་པོ་ཆེས་མཐུན་འགྱུར་འོག་ཉིན་དང་པོའི་འགོག་ཁབ་སྐབས་ཁུལ་དེའི་བོད་མི་ལོ་ན་ ༡༨ ནས་ ༤༤ བར་གཙོ་བོར་གྱུར་པའི་མི་མང་ ༣༢༢ ལ་གཉན་རིམས་འགོག་ཁབ་སྨན་སྦྱིན་གནང་འདུགདེ་བཞིན་ཁ་སང་འགོག་ཁབ་སྨན་སྦྱིན་གྱི་རིམ་པ་གཉིས་པ་དེ་ལྡེ་ར་ལྡུན་ཁྱབ་ཁོངས་ཀྱི་བོད་མིའི་གཞིས་ཆགས་དགེ་འཕེལ་གླིང་དང་ཚེ་རིང་དོན་ལྡན་གླིང་། དོན་གྲུབ་གླིང་དང་ རཱཇ་པུར། མ་སུ་རི། ཁམས་གླིང་ཚང་། རབ་བསྟན་གླིང་བཅས་ཀྱི་བོད་མི་དང་ཉེ་འཁོར་རྒྱ་གར་གྱི་ཡུལ་མི་སོགས་ཁྱོན་མི་གྲངས་ ༤༡༨ ལ་གནང་འདུག་པ་མ་ཟད། དེ་རིང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོང་ཁོངས་ཀྱི་བོད་མི་རྣམས་དང་དེ་བཞིན་ ཨུཏྟརཁན་ཌ། མངའ་སྡེའི་ Herbertpur ནང་གནས་སྡོད་བོད་མི་ཁག་ཅིག་བཅས་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབ་འདུག

དེ་བཞིན་སྦིར་གཞིས་ཆགས་ནང་མཚོན་ན། ༸སྐྱབས་རྗེ་རྫོང་སར་མཁྱེན་རྩེ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་ལམ་སྟོན་འོག་རྫོང་སར་བཤད་གྲྭ་དང་གཞོན་ནུ་དོན་གྲུབ་ཀྱི་དགོངས་པ་རྒྱ་གར་ཡན་ལག་ (Siddharth’s Intent India) གཉིས་མཉམ་འབྲེལ་ཐོག་ཟླ་བ་འདིའི་ཚེས་ ༡༡ ནས་ལས་གཞི་དངོས་སུ་སྦིར་སྡེ་ནང་གསུམ་གྱི་ཁྱབ་ཁོངས་མི་མང་དང་། དགོན་སྡེ་ཁག དགེ་ལས་སློབ་ཕྲུག དེ་བཞིན་ལི་ལི་གྲོང་སྡེ་བཅས་ཁོངས་སུ་ཡོད་པའི་གཞིས་མི་རང་ལོ་ ༡༨ ནས་ ༤༤ བར་དང་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཇ་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་གྲངས་བཅས་ཁྱོན་མི་གྲངས་ ༡༡༤༨ ལ་སྔོན་ཁབ་བརྒྱབ་ཟིན་འདུགདེ་དང་ཕྱོགས་མཚུངས་བཞུགས་སྒར་དྷརྨ་ས་ལར་མཚོན་ན། ཉིན་མོའི་སློབ་གྲྭར་བོད་མིའི་སྒྲིག་འཛུགས་དང་ཧི་མཱ་ཅལ་མངའ་སྡེ་གཉིས་ཀྱིས་མཐུན་གྱུར་དང་ལམ་སྟོན་འོག་བདེ་ལེགས་སྨན་ཁང་གིས་བཞུགས་སྒར་ཁུལ་གྱི་བོད་མི་ལོ་ན་ ༤༥ ཡན་གྱི་སྔོན་ཁབ་མ་རག་པ་དང་མདུན་སྐྱོད་པ། དེ་བཞིན་ལོ་ན་གཅིག་སོན་པའི་བྱིས་པའི་ཨ་མ་སོགས་ཁ་ཚ་དགོས་གཏུག་གི་ཏོག་དབྱིབས་གཉན་རིམས་འགོག་ཁབ་རྒྱག་དགོས་པའི་བོད་མི་བརྒྱ་ལ་འགོག་ཁབ་དང་པོ་དེ་བརྒྱབ་ཡོད་པ་མ་ཟད། ཟླ་བ་འདིའི་ཚེས་ ༡༤ ནས་ ༡༩ བར་དྷ་སའི་ཉེ་འཁྲིས་ཀྱི་བོད་མི་ཡོངས་ལ་དྲྭ་ཐོག་ཐོ་འགོད་བརྒྱུད་རིམ་མེད་པའི་ཐོག་ནས་འགོག་ཁབ་དབུ་འཛུགས་གནང་ཡོད་པ་རེད།རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་དམ་འབུལ་བཞེས་རྗེས་ཁོང་གིས་སྣེ་ཁྲིད་པའི་འཛིན་སྐྱོང་ངོས་ནས་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ལས་དོན་གནང་ཕྱོགས་ཡོངས་ལ་བསྐྱར་བཅོས་གནང་སྟེ། བོད་མིའི་སྒྲིག་འཛུགས་ངོས་ནས་འབྱུང་འགྱུར་གྱི་དུས་ཡུན་ནང་། བོད་མི་གང་མང་མང་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབ་ཐུབ་པ་གནང་རྒྱུ་ཡིན་ཞེས་གསུངས་པ་ལྟར། སྲིད་སྐྱོང་མཆོག་གིས་ཟླ་བ་འདིའི་ཚེས་ ༨ ཉིན་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ས་གནས་འགོ་འཛིན་རྣམས་དང་དྲ་རྒྱའི་བརྒྱུད་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་གནང་ཕྱོགས་སྐོར་ཚོགས་འདུ་ཞིག་ཚོགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉན་རིམས་སྔོན་འགོག་སྨན་ཁབ་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།