གཞུང་འབྲེལ་འཚམས་གཟིགས་ཁྲོད་ཇ་མུ་ཀ་ཤི་མིར་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་ལས་འཁུར་བཞེས་ཟིན་པའི་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ནས་ཕྱི་ཟླ་ ༧ ཚེས་ ༦ བར་ཤྲི་ན་སྒར་དང་། དཀའ་འཁྱིལ། ལ་དྭགས་སླེ་བྱང་ཁུལ་དུ་གཞུང་འབྲེལ་མཚམས་གཟིགས་གནང་དང་གནང་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢༣ ཉིན་ཇ་མུ་ཀཤ་མིར་སྤྱི་ཁྱབ་བློན་ཆེན་ Omar Abdullah ཨོ་མཱར་ཨབ་དྷུ་ལ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་ཆེ་གཞོན་པ་རྣམ་གཉིས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྒེར་དྲུང་བཅས་དང་ལྷན་མཇལ་འཕྲད་གནང་འདུག

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

འདི་ག་རླུང་འཕྲིན་ནང་བོད་མི་མང་སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་སུ་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་བྱུང་སྐབས་གནད་དོན་གླེང་སློང་ཇི་བྱུང་དང་། དེ་བཞིན་ཡོང་གྱུར་གྱི་མཛད་འཆར་ཁག་གཅིག ལྷག་པར་འདི་ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་འཆར་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

རྩ་བའི་སྤྱི་འཐུས་རྣམ་པ་གཉིས་ཀྱི་མཛད་འཆར་ལྟར་ན། འདི་ཚེས་ ༢༢ ནས་ ༢༣ བར་ཤྲི་ན་སྒར་ཁུལ་དུ་ལས་རིམ་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༢༤ ནས་ ༢༥ བར་དཀར་འཁྱིལ་ཁུལ་ལ་ལས་རིམ་ཡོད་པ། དེ་བཞིན་ཕྱི་ཚེས་ ༢༦ ནས་ ༢༨ བར་ལ་དྭགས་སླེ་ཁུལ་ལ་ལས་རིམ་ཡོད་པ། ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༧ པའི་ཚེས་ ༤ བར་ལ་དྭགས་བྱང་ཐང་ས་ཁག་དགུ་ལ་ལས་རིམ་ཡོད་པ་མ་ཟད། ཕྱི་ཟླ་ ༧ པའི་ཚེས་ ༥ ནས་ ༦ བར་ལ་དྭགས་སླེ་ཁུལ་ལ་དཔོན་རིགས་ཁག་གཅིག་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་འདུག

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་བཞིན་བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་རྣམ་གཉིས་ཀྱང་འདི་ཚེས་ ༢༢ ནས་འགོ་འཛུགས་ཀྱིས་ཚེས་ ༢༨ བར་བཞུགས་སྒར་རྡ་ས་ས་གནས་འགོ་འཛིན་དང་ཌལ་ཧོར་ས་གནས་འགོ་འཛིན་ཁྱབ་ཁོངས་བཅས་ལ་གཞུང་འབྲེལ་འཚམས་གནང་དང་གནང་བཞིན་ཡོད་པ་རེད། ཁོང་རྣམ་པའི་མཛད་འཆར་ལྟར་ན། འདི་ཚེས་ ༢༢ ནས་ ༢༥ བར་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ཁུལ་དུ་ལས་རིམ་དང་། ཚེས་ ༢༦ ནས་ ༢༨ བར་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ལས་རིམ་ཡོད་པ་རེད་འདུག

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

འབྲེལ་ཡོད་གསར་གནས།

གསར་གནས།